༈ འཛོམ་སའི་ ལམ་ལུགས།།
འབྲས་ལྗོངས་ མངའ་སྡེའི་ ནང་ལས་ བྱང་ འབྲས་ལྗོངས་ ལ་ཆེན་ ལ་ཆུང་ ཕྱོགས་ལོ་ ཡོད་པའི་ དམངས་གཙོའི་ ལམ་ལུགས་ དང་ མཐུན་བོའི་ ལུག་སྲོལ་ བཟང་པོ་ ཅིག་ ཡོད་པོ་ འདི་ལོ་ འཛོམ་ས་ དང་ སྤྱི་དཔོན་གྱི་ ལམ་ལུགས་ སེ་ ལབ་སྲོལ་ ཡོད། འཛོམ་ས་ ལབ་ན་ མི་མང་ འཛོམ་སྡི་ གྱོས་མཐུན་ རྐྱབས་པའི་ ལུགས་སྲོལ་ འདི་ལོ་ར་ འཛོམ་ས་སེ་ མིང་ཐོག་ ཡོད། ཕྱི་ལོ་ ༢༠༠༡་ རྒྱ་གར་ དབུས་གཞུང་གི་ མི་འབོར་ གྱང་བཤེར་ དང་ འབྲས་གཞུང་ རྫོང་ཁག་ མི་འབོར་ གྱང་བཤེར་ དེབ་ཆུང་ ནང་ལྟར་ ཨིན་ན་ འཛོམ་སའི་ ལམ་ལུག་ བཟང་པོ་ འདི་སྡི་ ལོ་ངོ་ སུམ་བརྒྱ་ ལྔ་བཅུ་ ལྷག་ཚོད་ཀྱི་ སྔོན་ལས་ དར་ ཡོད་པའི་ ལམ་ལུག་ བཟང་པོ་ཅིག་ ཨིན་སེ་ བཤད་སྲོལ་ འདུག ལམ་ལུགས་ བཟང་པོ་ འདི་ལོ་ རྒྱ་གར་ ཁྲིམས་ཁང་ ཆེན་པོ་ཀིས་ཡང་ སྲུང་སྐྱོབ་ དང་ གཅེས་འཛིན་ གནང་ ཡོད་པོ་ དང་ འདི་ལས་ འབྲས་ལྗོངས་ མངའ་སྡེ་ གཞུང་གི་ཡང་ འདི་ལོ་ ངོས་འཛིན་ གནང་ ཡོད་པའི་ ཁྲིམས་ལུག་ བཟང་པོ་ཅིག་ཡང་ ཨིན། འདི་ལས་ འབྲས་ལྗོངས་ Panchayat amendment Act 1995 ཀིས་ཡང་ འཛོམ་སའི་ ལམ་ལུགས་ འདི་ལོ་ Gram Panchayat དང་ འདྲ་བའི་ ངོས་འཛིན་ གནང་ཡོད། Sikkim Panchayat Amendment act 2001 ལྟར་ན་ཡང་ འཛོམ་སའི་ ལམ་ལུགས་ འདི་ སྤྱི་ཚོགས་ དང་ ཡུལ་ཆུང་ རང་རང་ སོ་སོའི་ སྔོན་གྱི་ གོམས་གཤིས་ དང་ མཐུན་བོའི་ ལམ་ལུག་ བཟང་པོ་ཅིག་ ཨིན་བཟང་ འདི་ལོ་ ངོས་འཛིན་ དང་ ལམ་ལུག་ འདི་ར་ མུ་མཐུད་སྟི་ ཡུལ་ ཡར་རྒྱས་ དོན་ལས་ ཕྱག་ལས་ གནང་མཆོག་ཀའི་ བཀའ་བརྒྱ་ དང་ ངོས་ལེན་ གནང་འདུག འཛོམ་སའི་ ལམ་ལུགས་ འདི་ལོ་ འགོ་ཁྱིད་ གནང་ཤད་ དོན་ལས་ ཡུལ་ རང་རང་ སོ་སོའི་ ནང་ལོ་ སྤྱི་དཔོན་ གཉིས་རེ་ བཀོད་སྲོལ་ ཡོད་པོ་ འདི་ལོ་ འབྲས་ལྗོངས་ ཆོས་རྒྱལ་མཆོག་གི་ ངོས་ལེན་ གནང་སྲོལ་ ཡོད་འདུག།
འཛོམ་སའི་ གཙོ་བོ་ སྤྱི་དཔོན་ བཀོད་བཞག་གིས་ ལས་རིམ་ འདི་ཙུ་ ལོ་ཆ་མེད་ གནང་གསོལ་ ཡོད། ཨོ་འདེས་ ཨིན་དུས་ སྤྱི་དཔོན་གྱི་ ལོ་དུས་ ཟླ་བ་ བཅུ་གཉིས་ ཡང་ན་ ལོ་ གཅིག་ཅིག་ཀུ་ ཨིན། འཛོམ་སའི་ ནང་ལོ་ ལས་འགན་ གཙོ་བོ་ བཞེས་མཁན་འདི་ སྤྱི་དཔོན། རྒྱ་དཔོན། འདི་ལས་ རྒན་མི་ ལས་ཚན་ བཅུ་དྲུག་ ལབ་སྟི་ ཡུལ་གྱི་ ཁྲིམས་ལུག་ སྐོར་ལོ་ ལེགམ་བྱ༹ས་ ཤེས་མཁན་ འདི་ཙུ་ལོ་ བཀོད་བཞག་ བྱ༹ས་སྲོལ་ ཡོད། ཨིན་རུང་ རྒན་མི་ འདི་ཙུའི་ གཡོག་འགན་ ཡུལ་དུས་ དང་ སྟུན་སྡི་ མན་འདྲའོ་ མན་འདྲའོ་ ཐོན་སྲིད་ཤད་ ཨིན།
འཛོམ་ཁ་ འཛོམ་བའི་ སྐབས་ལོ་ ཁྱལ་པོ་ རེ་རེ་ ནང་ལས་ ཁྱལ་མི་ རེ་རེ་ འཛོམ་ཁ་ འཛོམ་བ་ ངེས་པར་ འོང་ དགོས་པོ་ དང་ གལ་སྲིད་ མི་ངོ་བཅགས་པའི་ སྐབས་ལོ་ ཁྱལ་མི་ མན་འཛོམ་ན་ འདི་ཙུ་ལོ་ ཉེས་ཆད་ དངུལ་ དང་ གཞན་ ལས་གཡོག་ གན་རུང་ ཐོག་ལས་ མཇལ་ དགོས་པའི་ ཁྲིམས་སྲོལ་ ཡོད།
འཛོམ་ཁ་ འཛོམ་སའི་ ས་ཆའི་ མིང་ལོ་ དམངས་ཁྱིམ་སེ་ ལབ་སྲོལ་ ཡོད། དམངས་ཁྱིམ་ ནང་ལོ་ མི་དམངས་ ཐམས་ཅད་ འཛོམ་ཐོག་ལོ་ ཡུལ་གྱི་ ཡར་རྒྱས, ཁྲིམས་ལུག་ གསར་རྙིང་ དང་ འདི་ལས་ མ་འོང་ འཆར་གཞི་ ལ་སོགས་པའི་ སྐོར་ལོ་ གྱོས་བསྡུར་ དང་ གྱོས་མཐུན་ ཐམས་ཅད་ཀྱི་ གྱོས་ཐག་ འདི་ མི་དམངས་ ཐམས་ཅད་ འཛོམ་ཐོག་ལོ་ ཐག་བཅད་ བྱ༹ས་སྲོལ་ ཡོད། ཨིན་རུང་ ད་ལྟོ་ཟང་ བུ་མོའི་ རིགས་ཙུ་ཀིས་ འཛོམ་སའི་ གྱོས་མཐུན་ སྐབས་ལོ་ ཁྱིམ་ ནང་ལོ་ ཕོ་རྒྱ་ དང་ བུ་ སྦོམ་པོ་ མེད་ན་ ཁྱལ་མི་ ཨོ་འདིའི་ ཁྱིམ་ ཨམ་ དང་ བུམ་ གན་རུང་གི་ འཛོམ་ཁ་ འཛོམ་སྡི་ རང་གི་ བསམ་ཆར་ བཞག་སྲོལ་ ཡོད་རུང་ སྤྱི་དཔོན་ དང་ རྒན་མི་ ལས་ཚན་ འདེ་མོའི་ གོ་གནས་ འཛིན་པའི་ ལུག་སྲོལ་ མེད།།
སྔོན་ རྒྱལ་པོའི་ སྐུ་དུས་ལོ་ གྱོང་ཚོགས་ ཁག་གི་ ཁྲིམས་ལུགས་ འདི་ཙུ་ ཐམས་ཅད་ མོན་གྲོལ, ཏ་ས་ དང་ སྤྱི་དཔོན་ འདི་ཙུ་ཀིས་ ཟང་སྟེ་ གཟིགས་སྐོར་ གནང་སྲོལ་ ཡོད་རུང་ ད་ལྟའི་ གནས་སྐབས་ན་ འདི་གསུམ་ལས་ སྤྱི་དཔོན་ ལམ་ལུག་ མན་བོ་ ཁྲིམས་ལུགས་ རྙིང་ཀོ་ གཞན་ ཐམས་ཅད་ མེད་པོ་ ཐོན་ཚར། འཛོམ་སའི་ ལས་འགན་ མང་དྲགས་ ཡོད་པའི་ ནང་ལས་ གཅིག་གཉིས་ སྐོར་ལོ་ བཤད་ན་ འཛོམ་སའི་ ཐོག་ལས་ ཡུལ་གྱི་ ཁྲིམས་ལུགས་ གསར་རྙིང་ གན་ཡོད་ ཐམས་ཅད་ སྲུང་སྐྱོབ་ བྱ༹ས་ དགོས་པོ་ དང་ འདི་ལས་ ལུང་པའི་ སྒྲིག་ཁྲིམས་ བཟང་པོ་ མ་མཉམ་པར་ རྒྱུན་སྐྱོང་ བྱ༹ས་བོ་ དང་ མཉམ་པོ་ ཡུལ་ ཡར་རྒྱས་ དོན་ལས་ སྤྱི་ཚོགས་ ཁྲིམས་ལུགས་ ཐམས་ཅད་ སྤྱི་སྙོམ་ ཐོག་ལས་ ལག་ལེན་ བྱ༹ས་དགོས། སྔོན་དུས་ལོ་ ཁྲིམས་རྒལ་ བྱ༹ས་མཁན་ ཐམས་ཅད་ལོ་ ཁྲིམས་བཅད་ བྱ༹ས་སྲོལ་ ཡོད་རུང་ དེང་སང་ གནས་སྐབས་ན་ ཡུལ་སྲུང་ དམག་མི་ ལག་ལོ་ བཏད་སྲོལ་ ཡོད། སྔོན་ རྒྱལ་པོའི་ སྐུ་དུས་ལོ་ ཡུལ་གྱི་ ཁྱལ་ འདུ་ཤད་ འདི་ཙུ་ རྒྱལ་པོའི་ སྐུ་མདུན་ལོ་ ཕུལ་དགོས་པའི་ ལས་གཡོག་ ཐམས་ཅད་ སྤྱི་དཔོན་གྱི་ གནང་སྲོལ་ ཡོད། འདི་ལས་ འཛོམ་སའི་ ལམ་ལུགས་ ཐོག་ལས་ མི་མང་ གྲྭ་པོ་ དང་ རྒྱལ་པོ་ བར་ལོ་ མཐུན་ལམ་ ལེགམ་ བཟོ་ཤད་ འདི་ཡང་ སྤྱི་དཔོན་གྱི་ ལས་གཡོག་ ཨིན་བོ་ དང་། ཡུལ་ན་ ཟམ་པོ་ དང་ ལམ་ འདི་ཙུ་ བཟོ་ཤད་ཡང་ སྤྱི་དཔོན་གྱི་ ལས་འགན་ ཨིན།།