འབྲུག་གི་མི་སྡེ་གལ་ཅན་གྱི་མི་ངོམ་ཚུ།
སི་ཀིམ་གྱི་འབྲུག་མི་སྡེ་གིས་ ཁྱད་དུ་འཕགས་པའི་ ཕོ་སྐྱེས་དང་ཨམ་སྲུ་ཚུ་ བཏོན་ཡོདཔ་ཨིན་པས།
ལམ་སྲོལ་དང་རྩོམ་རིག ཆོས་ལུགས། གཞུང་སྐྱོང་།
དང་རང་དབང་གི་ལས་འགུལ། འདི་ཚུ་གི་རྩིས་ཁྲ་ཐུང་ཀུ་ཅིག་གཤམ་གསལ་ལྟར་ཨིན།
ཁྱད་པར་ཅན་གྱི་མི་ངོམ།
སྐུ་ཞབས་ ཡེ་ཤེས་ ལ་ཆུང་པོ་ མཆོག་གི་ ལོ་རྒྱུས།
གུ་རུ་ རིན་པོ་ཆེ་ཀིས་ བྱིན་གྱིས་ བརླབས་པའི་ སྦས་ཡུལ་ འབྲས་མོ་ལྗོངས་ཀྱི་ བྱང་ཕྱོགས་ན་ ཡོད་པའི་ དཀར་པོའི་ རི་ དང་ མཛེས་པའི་ ནགས་ཙན་གྱི་ སྐོར་ ཡོད་པའི་ ལ་ཆུང་ལོ་ བཞུགས་མཁན་ ཡབ་ ཞིང་གཤེགས་ སྐུ་ཞབས་ ཚེ་རིང་ རྡོ་རྗེ་ ལ་ཆུང་པོ་ དང་ ཡུམ་ ཞིང་གཤེགས་ བུམ་མཛེས་ ལ་ཆུང་པོ་ གཉིས་གྱི་ སྲས་ གསུམ་པོ་ན་ ཕྱི་ལོ་ ༡༩༦༧ ཟླ་བོ་ ༥ ཚེས་ ༡༠ ཉིན་ཚེ་ སྐུ་ འཁྲུངས་པོ་ གནང་འདུག ཁྱད་པར་དུ་ སྐུ་ན་ ཆུང་དུས་ སྐབས་ལས་ ཨ་ཏང་ རང་དོན་ གཅིག་ཀུ་ མན་བར་ གཞན་དོན་ སྒྲུབ་པོ་ གནང་ཤད་ལོ་ ལེབ་སྟི་ ཐུགས་མཉེས་དྲགས་ བཞག་ཀོ་ གནང་མཁན་གྱི་ སྐྱེས་བུ་ གཅིག་ཨིན། ཁོང་གིས་ སྔོན་འགྲོའི་ སློབ་གྲྭ་ འཛིན་གྱལ་ བརྒྱད་པོ་བར་ བཙུན་ཐང་ འབྲིང་རིམ་ སློབ་གྲྭ་ན་ སྐུ་ཡོན་ བཞེས་པོ་ གནང་ འདུག འདི་ལས་ སྒང་ཏོག་ དབེན་ཅན་ འབྲིང་རིམ་ མཐོ་བའི་ སློབ་གྲྭ་ལས་ འཛིན་གྱལ་ བཅུ་གཉིས་ མཐར་འཁྱོལ་སྟི་ ནུབ་ བྷང་གྷལ་གྱི་ མཐོ་རིམ་ ཆེ་བའི་ མངའ་འོག་ལོ་ ཡོད་པའི་ སྒང་ཏོག་ སྟ་སྡོང་ མཐོ་རིམ་ སློབ་གྲྭ་ལས་ སྦི་ཨེ་ (BA)ཀི་ ཌིག་རི་ ༼ཕྱག་འཁྱེར༽ བཞེས་པོ་ གནང་ འདུག།
སྒང་ཏོག་ སྟ་སྡོང་ མཐོ་རིམ་ སློབ་གྲྭ་ལོ་ སློབ་སྦྱོང་ གནང་བཞིན་པའི་ སྐབས་ལོ་ འབྲས་ལྗོངས་ན་ སྲིད་བྱུས་མཁན་ ཙུ་ཀིས་ མི་སེར་ལོ་ རང་དབང་ དང་ ཐོབ་ཐངས་ མེད་པའི་ གཡོག་ཙུ་ བྱ༹ས་བཞིན་པོ་ གཟིགས་སྟི་ ཕྱི་ལོ་ ༡༩༩༣ ལོ་ན་ འབྲས་ལྗོངས་ སྟོང་ གང་པོའི་ སློབ་ཕྲུག་ཙུའི་ དབུ་ཁྱིག་ གནང་སྡི་ ད་ལྟའི་ གཞུང་ ཨེས་ཌི་ཨེབ་ དམངས་གཙོ་ རུ་སྣ་ ཚོགས་པོ་ལོ་ རྒྱབ་སྐྱོར་ གནང་སྡི་ ངོ་ལོག་ ཤུགས་ཆེན་ རྐྱབས་པོ་ གནང་བོ་ལོ་ བརྟེན་སྡི་ བཙོན་ཁང་ན་ཡང་ བཞུགས་ དགོས་པོ་ ཐུག་འདུག ཁོང་ ཨེས་ཌི་ཨེབ་ ཚོགས་པའི་ གཞི་རྩ་ བཙུགས་མཁན་ ཚོགས་མི་ དང་པོའི་ གྲས་ན་ ཐོན་བོ་ གནང་འདུག །འབྲས་ལྗོངས་ཀྱི་ མི་སེར་ ཐམས་ཅད་ལོ་ མི་རིགས་ དབྱེར་མེད་ འདྲ་མཉམ་གྱི་ ཐོག་ལོ་ ཕྱག་ལས་ ཁྲིམས་ལུགས་ དང་ མཐུན་བོ་ གནང་ ཡོད་པོ་ལོ་ བརྟེན་སྡི་ མུ་མཐུད་སྟི་ ལོ་ངོ་ བཅོ་ལྔའི་ རིང་ལོ་ ཁྲིམས་བཟོ་ ལྷན་ཚོགས་ཀྱི་ ཚོགས་མི་ MLA གྲས་ལོ་ ལ་ཆེན་ མང་ཞི་ལ་ལས་ མི་དམངས་ཀྱི་ གདམ་ཁ་ རྐྱབས་པོ་ སྦད།
ཁོང་གི་ ༡༩༩༤ ལས་ ༢༠༠༤ བར་ མུ་མཐུད་སྟི་ གློག་ དང་ ནུས་ཤུགས་ཀྱི་ བློན་པོའི་ གོ་གནས་ བཞེས་སྟི་ འབྲས་གཞུང་ དང་ མི་དམངས་ སྤྱིའི་ དོན་ལོ་ ཕྱག་ལས་ གནང་འདུག ཨོ་འདི་ ནང་བཞིན་ ༢༠༠༤ ལས་ ༢༠༠༩ བར་ Health, Capacity Building & Labour Deptt. འཕྲོད་བརྟེན་ དང་ ནང་མིའི་ བདེ་དོན་གྱི་ བློན་པོའི་ གོ་ས་ བཞེས་སྟི་ མི་དམངས་ བདེ་དོན་ལས་ ཕྱག་ལས་ གནང་འདུག འདི་ལས་ ༢༠༠༩ ལས་ ༢༠༡༣ བར་ གཙོ་སྤྱི་ བློན་པོའི་ སྲིད་བྱུས་ སློབ་སྟོན་བོ་ བློན་ཆེན་ ལྷན་ཚོགས་ཀྱི་ གོ་ས་ དང་ འདྲ་མཉམ་ བཞེས་པོ་ གནང་སྡི་ཀིས་ རང་གི་ ཉམས་མྱོང་སོགས་ཀྱི་ ཐོག་ལས་ འབྲས་ལྗོངས་ ཡུལ་ དང་ ཡུལ་མི་ ཐམས་ཅད་ཀྱི་ དོན་ལས་ འབྲས་གཞུང་ལོ་ བཀའ་སློབ་ བཟང་དྲགས་ ཐོག་ལས་ ཞབས་ཞུས་ གནང་འདུག ཨོ་འདེ་རང་ བྱ༹ས་སྟི་ ༢༠༡༤ ལས་ ཚུར་ལྟེ་ ཁོང་ལོ་ གྱོས་ཚོགས་ སྟོད་མའི་ འཐུས་མི་ལོ་ གདམ་ཁ་ རྐྱབས་པོ་ གནང་དུས་ ད་ལྟ་ འབྲས་ལྗོངས་ ཡུལ་ དང་ མི་དམངས་ ཐམས་ཅད་ཀྱི་ དོན་ལས་ རྒྱ་གར་ དབུས་གཞུང་ མཉམ་པོ་ གཅིག་མཐུན་ ནང་ལས་ ཕྱག་ལས་ རྒྱ་ཆེ་དྲགས་ གནང་བཞིན་ ཡོད་པོ་ ཨིན། ཁོང་ལོ་ རྒྱ་གར་ དབུས་གཞུང་གིས་ ནུས་ཤུགས་ཀྱི་ ཚོགས་མི་ དང་ སྲུང་སྐྱོབས་ ཚོགས་ཆུང་གི་ ཚོགས་མི་ལོ་ འདམ་ཁ་ རྐྱབས་པོ་ གནང་ འདུག།
ཁོང་གིས་ ལོ་ ཀེས་པོ་ ལེ་ལག་ འདྲ་མིན་ འདྲ་ ནང་ལོ་ བློན་པོའི་ གོ་གནས་ བཞེས་སྟི་ ཕྱག་ལས་ གནང་བོ་ མི་ཚད་ སྤྱི་ཚོགས་ལོ་ ཕན་བའི་ ཞལ་འདེབས་ཀྱང་ རྒྱ་ཆེ་དྲགས་ གནང་བཞིན་ ཡོད་པོ་ ཨིན། ཁོང་གིས་ ད་ལྟ་བར་ གནང་བའི་ ཕྱག་ལས་ཙུའི་ རིམ་པོ་ ཁ་ཤེས་ཅིག་ འོག་ལོ་ བཀོད་ཡོད།
ལྷོ་སྐད་ ཡར་རྒྱས་ དོན་ལོ་ སྒང་ཏོག་ན་ ལྷོ་པའི་ ཁྱིམ་ཆེན་ འབྱ༹མ་གཏིང་བའི་ སྐབས་ལོ་ སྐུ་ཞབས་ མཆོག་གི་ རོགས་རམ་ རྒྱ་ཆེ་དྲགས་ གནང་ཡོད་པོ་ དང་ ད་རུང་ཡང་ མི་ གསུམ་བརྒྱ་ འདེ་ཚོད་ འཛོམས་སའི་ ཚོགས་ཁང་ཡང་ བཞེངས་པོའི་ ཕྱག་ལས་ གནང་བཞིན་ ཡོད་པོ་ ཨིན།
འབྲས་ལྗོངས་ མི་རིགས་ ཐམས་ཅད་ དང་ ལྷག་པར་གྱི་ ལྷོ་པའི་ གཞུང་ དང་ བསྟན་པོ་ མ་ཉམས་ཤད་ཀྱི་ དོན་ལོ་ དགོན་པོ, མ་ཎི་ ལྷ་ཁང, ཚོགས་ཁང་ དང་ གླུ་ དང་ ཞབས་བྲོ་ ལོ་ཡང་ ཡར་རྒྱས་ བཏང་ཤད་ཀྱི་ ཕྱག་ལས་ཙུ་ མུ་མཐུད་སྟི་ གནང་བཞིན་ ཡོད་པོ་ ཨིན།
ལྷོ་ མོན་ དང་ གཙོང་ཀྱི་ སྐད་རིགས་ འདི་ མཐོ་རིམ་ སློབ་གྲྭ་བར་ སྐྱེལ་བོ་ གནང་ཤད་ལོ་ཡང་ རོགས་རམ་ རྒྱ་ཆེ་དྲགས་ གནང་ ཡོད་བོ་ དང་ སྐད་རིགས་ འདི་ཙུ་ གཙུག་ལག་ སློབ་གྲྭ་ན་ སྒྲོགས་ ཐོབ་ཤད་ འདི་ཡང་ ཁོང་གིས་ ཕྱག་བཞེས་ བཟང་པོ་ཅིག་ ཨིན།
ལ་ཆེན་ དང་ ལ་ཆུང་ལོ་ ཡོད་པའི་ འཛོམས་ས་ ལབ་མཁན་ ལུགས་སྲོལ་ སྔོན་མ་ ག་ལྟེམ་ ཡོད་པོ་ ཨོ་འདེས་རང་ གནས་ཐུབ་པའི་ དོན་ལོ་ གཞུང་ལས་ བཀའ་རྒྱ་ དང་ རྩ་ཁྲིམས་ གསར་པོ་ བཟོས་ ཡོད་པོ་ ཨིན།
ཁོང་གི་ ཞལ་ལས་ “ཁྲི་ འཚོལ་སྡི་ ཐོབ, ཁྱིམ་ འཚོལ་རུང་ ཐོབ། སྐད་ འཚོལ་སྡི་ མི་ཐོབ, སླབ་ཀེ་ རང་གི་ སྐད།” ཁ་གཏམ་ འདི་ གསུང་བོ་ དང་ མཉམ་པོ་ ལྷོ་པའི་ སྐད་རིགས་ འདི་ འབྲས་ལྗོངས་ན་ གཅིག་ཀུ་ མན་བར་ འཛམ་གླིང་ ཡོངས་ལོ་ ཁྱབ་བསྒྲགས་ བྱ༹ས་ཤད་ དོན་ལོ་ སྐད་རིགས་ དྲ་ལྗོངས་ཀྱི་ འཆར་གཞི་ འགོ་ དང་པོ་ བཙུག་ཀོ་ གནང་བོ་ དང་ ལྷོ་པོའི་ དྲ་ལྗོངས་ འདི་ བཟོ་ཤད་ཀྱི་ འགོ་བཙུགས་ཀོ་ མཉམ་པོ་ ཕྱག་ལས་འདི་ དར་ཁྱབ་ ཐོན་བཞིན་བོ་ ཨིན།
ཕྱི་ལོ་ ༢༠༠༨ ལོ་ན་ དབེན་ཅན་ སློབ་གྲྭའི་ ལོ་བརྒྱ་ འཁོར་བའི་ དུས་སྟོན་ཀྱི་ རྟེན་འབྲེལ་ ཟབ་རྒྱས་ བདུན་ གཅིག་གི་ རིང་ལོ་ སྲུང་བརྩི་ བྱ༹ས་སྐབས་ འགྲོ་སོང་ ཕྱི༹་ནང་ མེད་པོ་ བཏང་ཤད་ཀྱི་ དོན་ལོ་ ཁོང་གི་ རང་ དང་ གཞུང་ལས་ རོགས་རམ་ ཞུ་བོ་ གནང་བོ་ ཨིན། དུས་སྟོན་ སྲུང་བརྩི་ ཟབ་རྒྱས་ གནང་ཚར་བོའི་ རྒྱབ་ལས་ མ་དངུལ་ ལྷག་འཕྲོད་ ཡོད་པོ་ ཐམས་ཅད་ དངུལ་ཁང་ ནང་ལོ་ འདེགས་སྟི་ ལོ་ རིམ་པོ་ བཞིན་ དབེན་ཅན་ སློབ་གྲྭའི་ སློབ་འཕྲུག་ འཛིན་གྱལ་ བཅུ་པོ་ དང་ བཅུ་གཉིས་པོའི་ ནང་ ཨང་གི་ དང་པོ་ ལེན་མཁན་ འཛིན་རྒྱལ་ བཅུ་པོ་ལོ་ ཏི་རུག་ སྟོང་ཕྲག་ བརྒྱད་ དང་ བཅུ་གཉིས་ལོ་ སྟོང་ཕྲག་ བཅུ་གཉིས་ གསོལ་རས་ གནང་སྲོལ་གྱི་ མིག་ལྟོས་ བཟང་པའི་ ལམ་སྲོལ་ གསར་བཙུགས་ གནང་བོ་ ཨིན། འདེ་རང་ བྱ༹ས་སྟི་ སློབ་གྲྭ་ འདིའི་ ལོ་བརྒྱ་ འཁོར་བའི་ དུས་སྟོན་ སྲུང་བརྩི་ བྱ༹ས་མྱོ༹ང་ ཚར་བོའི་ རྒྱབ་ལོ་ སློབ་ཕྲུག་ རྙིང་ཀོའི་ ཚོགས་པོ་ ཅིག་ བཙུག་སྟི་ དབེན་ཅན་ སློབ་གྲྭ་ དང་ སྤྱི་ཚོགས་ལོ་ ཕན་པའི་ ཕྱག་ལས་ཙུ་ དབུ་ཁྱིད་ གནང་སྡི་ ད་ལྟོ་ སྒྲུབ་བཞིན་པོ་ ཨིན། ཁོང་གིས་ ཨ་ཏང་ བཀའ་སློབ་ ནང་ལོ་ འབྲས་ལྗོངས་ན་ལོ་ ཡོད་པའི་ མི་རིགས་ ཐམས་ཅད་ཀྱི་ རང་གི་ ལུགས་སྲོལ་ དང་ དུས་ཆེན་ཙུ་ལོ་ དམིགས་གསལ་ཀྱི་ དོ་སྣང་ བྱ༹ས་སྟི་ རང་གི་ རིགས་གཞུང་ མ་འབྱ༹ང་བོ་ བྱ༹ས་ དགོས་པོ་ ལེབ་ གལ་ ཆེ་དྲགས་ ཨིན་སེ་ གསུང་ཤད་ གནང་དོ་ ཨིན།
དབུས་ གཞུང་གི་ Sansad Adarsh་Grameen Yojana ཨ་རྡེ་ཤི་ སན་ས་ཌའི་ཇེ་ཤེན་ གོར་མེན་ ཡོ་ཇ་ན་ ལབ་མཁན་ འཆར་གཞི་ འདི་ བྱང་ འབྲས་ལྗོངས་ གཏིང་མུང་ ཇི་པི་ཡུ་ལོ་ GPU གནང་ཤད་ཀྱི་ ཞལ་བཞེས་ གནང་བོ་ འདྲའོ་ འདིའི་ གྲུབ་འབྲས་ རྫིག་དྲགས་ ཐོན་ ཚུགས་པའི་ རྒྱབ་ལས་ རྒྱལ་ཁབ་ གཟེངས་རྟགས་ཀྱི་ བྱ་དགའ་ (Nation Award) ཡང་ དབུས་ གཞུང་གི་ ཁོང་ལོ་ གནང་འདུག
གངས་ཆེན་ མཛོད་ལྔ་ ཕ་གཞི་ (World Heritage) བཙུག་ཤད་ཀྱི་ འཆར་གཞི་ འབྱ༹མ་ གཏིང་སྐབས་ལོ་ཡང་ གྲོགས་རམ་ མང་དྲགས་ ཅིག་ ཁོང་གི་ གནང་ ཡོད་པོ་ སྦད།
ཆོས་ཕྱོགས་ཀྱི་ ངོས་ལས་ བལྟ་རུང་ སྐུ་ཞབས་ ཡེ་ཤེས་ ལ་ཆུང་པོ་ མཆོག་གི་ སྦྱིན་བདག་ གནང་སྡི་ ང་ཅའི་ ནང་པའི་ སྨོན་ལམ་ དང་ གསོལ་འདེབས་སོགས་ མི་རིགས་ ཐམས་ཅད་ལོ་ ཕན་ཐོག་པའི་ དོན་ལས་ ཡང་ན་ མི་རིགས་ ཐམས་ཅད་ཀྱི་ ལྗགས་ཀློག་ གནང་ཚུགས་པའི་ དོན་ལོ་ ནེད་པ་ལི་ དང་ དབྱིན་ཇིའི་ སྐད་ཡིག་ ནང་ལོ་ པར་སྐྲུན་ གནང་ ཡོད་པོ་ དང་ འདི་ལས་ གཞན་ ཆོས་ལུགས་ཙུའི་ ལྷ་ཁང་སོགས་ཡང་ བཞེངས་པའི་ དོན་ལས་ རོགས་རམ་ རྒྱ་ཆེ་དྲགས་ གནང་དང་ གནང་བཞིན་ ཡོད་པོ་ ཨིན།
འདེ་རང་ བྱ༹ས་སྟི་ མི་རིགས་ རྒན་གཞོན་ ཐམས་ཅད་ལོ་ སྤྱི་ཚོགས་ན་ ལམ་སྟོན་ ལེགམ་ བསྟན་ཤད་ཀྱི་ དོན་ལོ་ རྩེདམ་ དང་ རྩེད་མོའི་ རིགས་ཀྱི་ མགོན་སྐྱབས་ (Patron) ཡང་ གནང་ དང་ གནང་བཞིན་པོ་ སྦད། འདི་ཙུའི་ གྲལ་ལས་ གཅིག་གཉིས་ སྐོར་ལོ་ ཞུ་ན་། འབྲས་ལྗོངས་ རྐང་རྩེད་ པོ་ལི་ ཚོགས་པའི་ མགོན་སྐྱབས, ཡུ་ན་ཨེ་ཊེ་ཀྲ་ ཨིས་པོ་ཀྲོས་ ཀོ་ལོབ་ རྐང་རྩེད་ པོ་ལིའི་ མགོན་སྐྱབས་ (USSC), ཨིམ་མི་ཅོར་ ཨེཐེ་ལེ་ཨེ་ཀྲི་ ཚོགས་པའི་ མགོན་སྐྱབས, བྷེཊ་ མན་ཊེན་ དན་ཏེ་བལ་ ཊི་ནེས་ ཚོགས་པའི་ མགོན་སྐྱབས, ཡུ་ན་ཡེ་ཊེ་ཀྲ་ སི་ཀིམ་ རྐང་རྩེད་ པོ་ལི་ ཚོགས་པོའི་ མགོན་ སྐྱབས, འབྲས་ལྗོངས་ རྐང་རྩེད་ པོ་ལི་ ཚོགས་པའི་ གཙོ་འཛིན། སྤྱི་ཚོགས་ཀྱི་ ཕྱག་ལས་ལོ་ བལྟ་རུང་ ཡུལ་འབྲུ་ གསུམ་ ལབ་མཁན་གྱི་ སྐྱིད་སྡུག་ དང་ སྲི་ཙེ་ བདེ་ནོ་ ཚོགས་པའི་ སློབ་སྟོན་པོ་དང་། འབྲས་ལྗོངས་ སྐད་རབས་ ཡར་རྒྱས་ ཚོགས་པའི་ སློབ་སྟོན་པོ་བཅས་ གནང་བཞིན་པོ་ ཨིན།
མཐར་ ཁོང་གིས་ གསུངས་བཤད་ འདི་ཙུའི་ ནང་ གསུང་བོ་ འདེམ་ཨིན་ན་ ང་ཅག་ འགྲོ་བ་ མི་ཀི་ རིགས་ལོ་ ཚེ་སྔོན་ བསོ་བདེ་ བསོད་ནམས་ བསགས་ བཞག་ ཡོད་པོ་ལོ་ བརྟེན་སྡི་ མི་ལུས་རིན་པོ་ཆེ་ འདི་ ཐོབ་རུང་ འདི་ རྟག་ཀོ་ མེད་པོ་ ངེས་གཏན་ ཨིན་པས། སྡོད་པའི་ རིང་ལོ་ བླ་མ་ དང་ མཐོ་རིགས་ཙུའི་ བཀའ་སློབ་ གནག་བཞག་ ཡོད་པོ་ བཞིན་ མི་དགེ་བ་ བཅུ་ སྤངས་སྟི་ དགེ་བཅུའི་ ལག་ལེན་ བྱ༹ས་ དགོས་པོ་བཞིན་ ཨ་ཏང་ ང་ཅག་གི་ གཞན་དོན་ སྒྲུབ་ཤད་ལོ་ ཐུགས་བསམ་ བཞེས་སྟི་ ཕྱག་ལས་ གནང་ཚུགས་ན་ རང་གཞན་ གཉིས་ལོ་ སྡུག་བསྔལ་ མན་པར་ བདེ་སྐྱིད་ ཐོབ་ཤད་ཨིན། ཨོ་ འདེ་ མན་ན་ གཏམ་དཔེ་ལས། མི་ ཤི་རུང་ གཏམ་ ས་སྟེང་ལོ་ ལབ་པོ་ འདེམ་ ཨིན། མ་འོངས་པོའི་ དུས་ན་ མི་ ས་འོག་ལོ་ འཇུལ་སྡི་ གཏམ་ ས་སྟེང་ལོ་ ལུས་པོ་ འདྲ་བོ་ ཐོན་ཤད་ ཨིན་ གསུང་བོ་ ཨིན། ཨོ་འདེ་རང་ བྱ༹ས་སྟི་ འཇིག་རྟེན་གྱི་ གཏམ་དཔེ་ན་ གསུངས་ ཡོད་པོ་ བཞིན་ རྒྱུ་ལོ་ བདག་ཀོ་ དགོས་སེ་ ལབ་པོ་དང་ སྐད་ལོ་ཡང་ བདག་ཀོ་ དགོས་སེ་ གསུངས་བོ་ དོན་བཞིན་ མ་འོངས་པའི་ གཞོན་ནུ་ཙུ་ཀིས་ ཁོང་གིས་ བསྟན་བཞག་ ཡོད་པའི་ ལམ་ དང་ མིག་སྟོས་ བཟང་པོ་ལོ་ དཔེ་གཟིགས་དགོས་པའི་ དུས་ཚོད་ ཅིག་ལོ་ བསླེབས་ ཡོད་པོ་ ཨིན་སེ་ གསུང་ཤད་ གནང་སྲོལ་ ཡོད།
འདི་ལས་ སྔོན་གྱི་ ལས་སྨོན་ འཛོམས་ས་ལས་ ཚེ་འདིའི་ བཟའ་གྲོགས་ལོ་ བཙུན་ཐང་ བཞུགས་མཁན་ ལྕམ་ ཌོག་ཊོར་ ཚེ་དབང་དཀྲིགས་ ལ་ཆུང་པོ་ མཉམ་ཅིག་ སྐུ་གཉེན་ བཞེས་པོ་ གནང་སྡི་ ཁོང་ ལྷན་རྒྱས་ གཉིས་ལས་ ཡིད་ལོ་ འོང་བོའི་ སྲས་ གཅིག་ དང་ སྲསམ་ གཅིག་ སྐུ་འཁྲུངས་བོ་ གནང་ འདུག འདི་འདེ་མོའི་ ཐུགས་རྒྱ་ཅན་གྱི་ མིའི་ དམ་པོ་ འབྲས་ལྗོངས་ མི་དམངས་ ཐམས་ཅད་ཀྱི་ སྐྱབས་མགོན་ མཆོག་ དང་ ནང་མི་ ཐམས་ཅད་ཀྱི་ སྐུ་སྲོག་ བྱ༹ག་ལས་ རྟེན་བོ་ མི་བརྒྱུད་ ཆུ་ལས་ རིང་བོ་ མཚན་སྙན་ ས་གསུམ་ ཁྱབ་པོ་ བཀྲ་ཤིས་ དོན་ཀུན་ སྒྲུབ་བའི་ སྨོན་འདུན་ ཞུ།། ༎
སློབ་དཔོན་ བྷའི་ཆུང་ ཚེས་བཅུ་ དར་པོ་ མཆོག་གི་ སྐུ་ཚེའི་ ལོ་རྒྱུས།
སློབ་དཔོན་ བྷའི་ཆུང་ ཚེས་བཅུ་ དར་པོ་ མཆོག་འདི་ སྤྱིར་ མི་རིགས་ ཐམས་ཅད་ དང་ འདི་ལས་ ལྷག་པར་གྱི་ ལྷོ་པའི་ སྐད་རིགས་ དང་ ལྷོ་པའི་ མི་རིགས་ ནང་ལོ་ བཀའ་དྲིན་ཅན་གྱི་ མཁས་དབང་ དམ་པོ་ ཨིན་བོ་ ཐམས་ཅད་ཀྱི་ ཞལ་བཞེས་ གནང་ཡོད་པའི་ སྐྱེ་བུ་ དམ་པོ་ ཅིག་ ཨིན། ཁོང་ ཕྱི་ལོ་ ༡༩༥༧་ ཕྱི་ཟླ་ ༧་ ཚེས་ ༥་ ཉིན་ལོ་ ཡབ་ ཞིང་གཞེགས་ ལེགས་ལྡན་ ཚེས་བཅུ་ དར་པོ་ དང་ ཡུམ་ ཞིང་གཤེགས་ ནོར་འཛོམ་ ནམ་མཁའ་ གཉིས་ཀྱི་ སྲས་ལོ་ གཡང་སྒང་ རང་སྒང་ ནུབ་ འབྲས་ལྗོངས་ལོ་ སྐུ་འཁྲུངས་ འདུག སྐུ་ན་ ཆུང་དུས་ སྐབས་ལས་རང་ ཡི་གེ་ བྲི་ཀློག་ དང་ ཁྲབ་སྟོན་ གནང་ཤད་ ལ་སོགས་པའི་ རིག་ལོ་ ཐུགས་མཉེས་དྲགས་ དང་ བློ་རིགས་ ཚ་དྲགས་ ཡོད་པའི་ བོ་ཙོ་གཅིག་ ཨིན་འདུག
རང་གི་ གྱོང་ཁ་ལོ་ ཐོག་མའི་ སློབ་སྦྱོང་ གནང་ མྱོས་པའི་ རྒྱབ་ལས་ འདེབ་ར་གླིང་ འབྲས་ལྗོངས་ བཤད་གྲྭ་ལས་ ནང་དོན་ རིག་པའི་ ནང་ལོ་ ཨ་ཙ་ཡ་ ཡང་ན་ སློབ་དཔོན་གྱི་ སློབ་སྦྱོང་ ཐར་ཕྱིན་པོ་ གནང་རྗེས་ འབྲས་གཞུང་ ཤེས་རིག་ ལས་ལག་གི་ མངའ་འོག་ན་ ལྷོ་སྐད་ སློབ་དཔོན་གྱི་ ཕྱག་ལས་ གནང་ཤད་ དབུ་བཙུག་ འདུག དུས་ཚོད་ ཨོ་འདིའི་ སྐབས་ལོ་ རང་གི་ ཕྱག་ལས་ གཅིག་ཀུ་ མ་ཨིན་བར་ སྐད་ཡིག་ འདིའི་ ཡར་རྒྱས་ དོན་ལས་ སྒང་ཏོག་ རླུང་འཕྲིན་ ཁང་ན་ ལྷོ་སྐད་ ནང་ལས་ གསན་འགྱུར་ ཁྱབ་སྒྲགས་ གནང་ཤད་ཀྱི་ ཕྱག་ལས་ཡང་ ཞབས་ཞུས་ གནང་འདུག རླུང་འཕྲིན་ ཁང་ནང་ ཕྱག་ལས་ གནང་བའི་ ཉམས་མྱོང་ འདི་ལོ་ རྟེན་སྡི་ ཁྲབ་སྟོན་ གསར་པོ་ འབྲས་ལྗོངས་ ལྷོ་མོན་ མནའ་དམ་ ལབ་མཁན་གཅིག་ གསར་སྒྲིགས་ གནང་འདི་ ཁྲབ་སྟོན་ ཨོ་འདི་ དང་པོ་ རྒྱལ་ས་ སྒང་ཏོག་ན་ སྟོན་ གནང་ཡོད་པོ་ དང་ འདི་ལས་ རྒྱ་གར་ མངའ་སྡེ་ འ་རི་ཡ་ན་ Haryana ནང་ Hissar འི་སར་ ལབ་ས་ལོ་ཡང་ སྟོན་བོ་ གནང་ འདུག
ཁོང་གི་ ཡིད་ དགའ་བའི་ ཕྱག་ལས་ གཙོ་བོ་ འདི་ རྩོམ་བྲིས་ ཨིན་དུས་ འབྲས་ལྗོངས་ ལྷོ་སྐད་ ནང་ལོ་ ཁོང་གིས་ འགོ་བརྗོད་ འདྲ་མིན་འདྲའི་ སྟེང་ལོ་ སྒྲུང, ཚིག་བཅད, ལ་སོགས་པོའི་ རྩོམ་བྲིས་ ཀེས་པོ་ གནང ཡོད་པོ་ དང་ ད་རུང་ཡང་ གནང་བཞིན་པོ་ ཨིན། འདིའི་ ནང་ལས་ དེབ་ ཁ་ཤེས་གཅིག་གི་ སྐོར་ལོ་ ཞུ་ན། འབྲས་ལྗོངས་ ལྷོ་པའི་ དུས་སྟོན་ ལོ་སྲུང་ སྐོར་ལོ་ དེབ་གཅིག་ ཕྱི་ལོ་ ༡༩༩༤ ལོ་ནང་ ལོ་སྲུང་ ལབ་སྟི་ གསར་སྟོན་ གནང་འདུག འདི་ལས་ ཕྱི་ལོ་ ༡༩༩༦་ ནང་ ལྷོ་སྐད་ ནང་ལོ་ བརྩམས་སྒྲུང་ དང་པོ་ རེ་ཆེ། ཕྱི་ལོ་ ༡༩༩༥་ ནང་ སྙན་ཐེག ཕྱི་ལོ་ ༢༠༠༨ ཚིག་བཅད་ སྣ་ཚོགས། ཕྱི་ལོ་ ༢༠༡༤་ ནང་ འགོ་བརྗོད་ འདྲ་མིན་འདྲའི་ སྟེང་ལོ་ སྙན་རྩོམ་ འུ་ཉ་བྱི༹་ཅུང་། ཕྱི་ལོ་ ༢༠༠༨ ནང་ བོ་ཙོའི་ སྒྲ་སྙན་ ལབ་མཁན་ བོ་ཙོ་ ཆུང་ཆུང་ཙུ་ལོ་ སྐད་ སྦྱང་ཤད་ཀྱི་ གླུ། ཕྱི་ལོ་ ༡༩༩༧ རྣམ་རྟོག ཕྱི་ལོ་ ༢༠༠༨ ཁྲབ་སྟོན་ འགོ་བརྗོད་ གསུམ་ལྡན་ ལབ་མཁན་ ཁྲབ་སྟོན་གྱི་ དེབ། ཕྱི་ལོ་ ༢༠༠༤ འབྲས་ལྗོངས་ གསུང་གླུ་ ལབ་སྟི་ འབྲས་ལྗོངས་པའི་ གསུང་ལུང་ གཅིག་ལོ་ སྡུས་ཡོད་པོ། ཕྱི་ལོ་ ༢༠༡༤ བུ་ཚེ་རིང་ ལབ་སྟི་ དགོད་བྲོའི་ གསུང་གཏམ། ཕྱི་ལོ་ ༢༠༡༦ ནང་ ལྷོ་སྐད་ སྦྱང་དེབ་ ལྷོ་སྐད་ ལབ་ཀེ་ ལ་སོགས་པོ་ ཀེས་པོ་ ཡོད།
ནང་དོན་ རིག་ཀོའི་ སྐོར་ལོ་ སྐུ་ཡོན་ སྦྱང་ ཡོད་པོ་ ཨིན་དུས་ ཁོང་གི་ བྲིས་རྩོམ་ ནང་ལོ་ འདིའི་ ཕྱག་རྗེས་ཙུ་ཡང་ ང་ཅག་གི་ མཐོང་ཚུགས་ དཔེར་ན་ ཕྱི་ལོ་ ༢༠༠༨་ ནང་ རྩོམ་སྒྲིག་ གནང་ ཡོད་པའི་ དེབ་ སངས་རྒྱས་ཀྱི་ མཛད་རྣམ་ དང་ དགེ་བའི་ ལམ་འདྲེན་ འདི་ཙུ་ ཆོས་ཕྱོགས་ དང་ མཐུན་པའི་ འགོ་བརྗོད་ སྟེང་ལོ་ བྲིས་རྩོམ་ གནང་ ཡོད་པའི་ དེབ་ཙུ་ ཨིན། འདི་ གཅིག་ཀུ་ མ་ཨིན་བར་ ཁོང་ རྩིས་ མཁས་པོ་ གཅིག་ཡང་ ཨིན་བས་ ཕྱི་ལོ་ ༡༩༩༦ ལས་ འགོ་བཙུགས་སྟི་ འབྲས་ལྗོངས་ ལོ་ཐོ་ ལབ་སྟི་ འབྲས་ལྗོངས་ ལུགས་སྲོལ་ དང་ མཐུན་བོའི་ ལོ་ཐོ་ གཅིག་ཡང་ གསར་སྒྲིག་ གནང་བཞིན་ ཡོད་པོ་ ཨིན།
སྤྱི་ཚོགས་ ནང་ལོ་ ཁོང་གི་ གནང་ ཡོད་པའི་ ཕྱག་ལས་ སྐོར་ལོ་ ཉུང་སྡུས་ཅིག་ ཞུ་ན་ ཕྱི་ལོ་ ༢༠༠༨ ལས་ ༢༠༡༢་ བར་ལོ་ བྷོ་ཊི་ཡ་ སྐད་རབ་ ཡར་རྒྱས་ ཚོགས་པའི་ ཟུང་སྦྲེལ་ དྲུང་ཆེ་ གོ་གནས་ བཞེས་སྟི་ ལྷོ་པའི་ སྐད་རིགས་ འདི་ལོ་ ཡར་རྒྱས་ གནང་ ཡོད་པོ་ དང་། ཕྱི་ལོ་ ༢༠༠༢་ ལས་ ༢༠༠༤ བར་ལོ་ ཨ་རི་ཐང་ རྒྱལ་ཚན་ ཚོགས་པའི་ ཚོགས་གཙོ་སོགས་ཀྱི་ གོ་གནས་ བཞེས་པོ་ གནང་སྡི་ སྤྱི་ཚོགས་ ཡར་རྒྱས་ དོན་ལས་ ཕྱག་ལས་ མུ་མཐུད་སྟི་ གནང་འདུག Sikkim Akademi ཀི་ གོ་སྒྲིག་ཀོའི་ གོ་གནས་ བཞེས་སྟི་ ཕྱག་ལས་ རྒྱ་ཆེ་དྲགས་ གནང་འདུག འདི་ཅིག་ཀུ་ མ་ཨིན་བར་ ཤར་ནུབ་ ཨེཤེ་ཡའི་ ཞི་བདེའི་ སྙན་སྔགས་ དུས་སྟོན་ སྐབས་ རྒྱ་གར་ རྒྱལ་ཁབ་ཀྱི་ ངོ་ཚབ་ བྱ༹ས་སྟི་ བལ་ཡུལ་ནང བྱོན་བོ་ གནང་འདུག
ཕྱི་ལོ་ ༢༠༠༨ ནང་ ལྷོ་གླུ་ ལབ་སྟི་ འབྲས་ལྗོངས་ ལྷོ་པའི་ གླུ་གཞས་ཀྱི་ གློག་བརྙན་ དང་པོ་ དང་ འདི་ལས་ ཕྱི་ལོ་ ༢༠༡༧ ལོ་ནང་ འབྲས་ལྗོངས་ ལྷོ་པའི་ ལུགས་སྲོལ་ བྱ༹་སྐྱེལ་ལོ་ གཞི་བཞག་སྟི་ ལྷོ་པའི་ གློག་བརྙན་ དང་པོ་ གཅིག་ཡང་ གསར་བཟོ་ གནང་འདུག
འབྲས་གཞུང་གི་ མངའ་འོག་ལས་ ཕྱག་ལས་ ལས་གྲོལ་ ཐོན་ཚར་བོ་ ཨིན་རུང་ ལྷོ་རིག་ དང་ ལྷོ་སྐད་ཀྱི་ དོན་ལོ་ ཕྱག་ལས་ མུ་མཐུད་ གནང་བཞིན་ ད་ལྟོ་ འབྲས་ལྗོངས་ མཐོ་རིམ་ སློབ་གྲྭའི་ གནང་ལོ་ སློབ་ཕྲུག་ཙུ་ལོ་ སྐུ་ཡོན་ གནང་བཞིན་ སྐད་རིགས་ འདིའི་ ཞབས་ཞུ་ བཞིན་པོ་ ཨིན།
འབྲས་ལྗོངས་ ལྷོ་སྐད་ དང་ ལྷོ་རིག་ ཡར་རྒྱས་ དོན་ལས་ སྐུ་ལས་ གནང་ དང་ གནང་བཞིན་པོ་ འདི་ལོ་ ང་ཅག ལྷོ་རིགས་ ཐམས་ཅད་ རྩ་ལས་ སྐུ་ཞབས་ བྷའི་ཆུང་ ཚེས་བཅུ་ དར་པོ་ མཆོག་ལོ་ ཐུགས་རྗེས་ བཀའ་དྲིན་ གྱང་མེད་ ཞུས། ཁོང་གི་ ཕྱག་རྗེས་ བཟང་པོ་ འདི་ཙུ་ མ་འོང་ ན་གཞོན་ ཐམས་ཅད་ཀྱི་ མིག་ལྟོས་ བཟང་པོ་ བལྟ་སྟི་ སེམས་ཤུག་ ཕེལ་བའི་ གནས་གཅིག་ ཨིན་བས་ ད་རུང་ཡང་ མ་འོང་ ནང་ལོ་ ཕྱག་ལས་ འདི་འདེམ་ མང་དྲགས་ གནང་ འོང་བའི་ རེ་ཆེ་ བཞག་ཏོ་ ཨིན་ནོ༎ ༎
སློབ་དཔོན་ རྡོ་རྗེ་ རིན་ཆེན་ མཆོག་གི་ སྐུ་ཚེའི་ ལོ་རྒྱུས།
འབྲས་ལྗོངས་ ལྷོ་པའི་ སྐད་ཡིག་ འདི་ལོ་ བདག་གཅེས་ དང་ ཤ་ཚ་ གནང་སྡི་ སྐད་ཡིག་ ཡར་རྒྱས་ དོན་ལས་ སྐུ་ལས་ ཀེས་པོ་ གནང་སྡི་ ལྷོ་སྐད་ ནང་ལོ་ དེབ་ རྩོམ་སྒྲིགས་ མང་དྲགས་ཅིག་ གནང་མཁན་ སྐུ་ཞབས་ རྡོ་རྗེ་ རིན་ཆེན་ བླ་མ་ མཆོག་ནེ་ བྱང་ འབྲས་ལྗོངས་ཀྱི་ ཕོ་གདོང་ གྱོང་ན་ ཡབ་ ཞིང་གཤེགས ཨང་གི་ བླ་མ་ དང་ ཡུམ་ བུམ་ ཆོས་སྒྲོན་ གཉིས་ཀྱི་ སྲས་ལོ་ ཕྱི་ལོ་ ༡༩༤༣ དབྱིན་ཟླ་ ༥ ཚེས་ ༡༥ ཉིན་ཚེ་ སྐུ་འཁྲུངས་པོ་ སྦད། ཁོང་ནེ་ མི་ཚང་ མཉམ་ཆུང་ སོ་ནམ་པོ་ དང་ ནང་པའི་ ཆོས་ལུགས་ འཛིན་མཁན་ གཅིག་ ཨིན། སྐུ་ན་ ཆུང་དུས་ སྐབས་ལོ་ ཕོ་གདོང་ གཞུང་གི་ སློབ་གྲྭ་ལས་ སྐུ་ཡོན་ བཞེས་འདུག འདི་ལས་ མུ་མཐུད་སྟི་ སྒང་ཏོག་ དབེན་ཅན་ དགོན་གནས་ སློབ་གྲྭ་ལས་ ཤེས་ཡོན་ མཐར་ཕྱིན་པོ་ སྦྱང་བོ་ གནང་སྡི་ ཕྱི་ལོ་ ༡༩༦༢ ལོའི་ནང་ རྒྱུགས་མཐའི་ ཡིག་རྒྱུགས་ མཐར་ཕྱིན་པོ་ སྦྱང་བོ་ གནང་འདུག
ཕྱི་ལོ་ ༡༩༦༣ དབྱིན་ཟླ་ ༥ ཚེས་ ༩ ཉིན་ཚེ་ འབྲས་ལྗོངས་ རྒྱལ་གཞུང་ ཤེས་རིག་ ལས་ལག་གི་ མངའ་འོག་ན་ སྒྲིག་ཆུའི་ སློབ་གྲྭ་ན་ འགོ་ དང་པོ་ བོད་ཀྱི་ སྐད་ཡིག་ སློབ་དཔོན་གྱི་ གཞུང་ཞབས་ ཞུས་བོ་ གནང་བོ་ སྦད། ཨོ་འདིའི་ སྐབས་ལོ་ ཁོང་ དགུང་ལོ་ ཉི་ཤུ་ ཨིན་མཁན་ སྦད། འདི་ལས་ མུ་མཐུད་སྟི་ སློབ་དཔོན་ གཞུང་ཞབས་ན་ ས་གནས་ སྤོས་ལེན་ ཐོན་སྡི་ བྱང་ འབྲས་ལྗོངས་ དིང་ཅིམ་ སློབ་གྲྭ་ དང་ ཤར་ འབྲས་ལྗོངས་ཀྱི་ པན་ལོང་ སློབ་གྲྭ་ན་ ཕྱག་ལས་ གནང་བོ་ སྦད། འདི་ལས་ ཕྱི་ལོ་ ༡༩༦༨ ན་ པན་ལོང་ སློབ་གྲྭ་ལས་ ས་གནས་ སྤོས་ལེན་ ཐོན་སྡི་ སྒང་ཏོག་ ལྦེས་ པོ་ཝེནཊ་ སློབ་གྲྭ་ན་ ལོ་ ཉི་ཤུ་ ཟང་སྟེ་ གཞུང་ཞབས་ ཞུས་སྟི་ འཛིན་གྱལ་ བཅུ་པོ་ བར་ སླབས་པོ་ གནང་སྡི་ ནང་རྒྱུགས་ དང་ སེན་ཏྲོར་ བྷོཊ་ཀི་ རྒྱུགས་མཐའ་ཙུ་ ཡར་བསྐྱེད་ བཏང་ཚུགས་པོ་ འཐོན་འདུག
ཁོང་ ཕྱག་ལས་ གནང་བའི་ སྐུ་དུས་ འདི་ བསྐལ་པོ་ བཟང་དྲགས་ གཅིག་ལོ་ འབྲས་ལྗོངས་ ཆོས་རྒྱལ་ ཆེན་པོའི་ མངའ་འོག་ལོ་ ཕྱག་ལས་ གནང་ ཐོབ་པོ་ དང་ འདི་ལས་ སྐུ་ལས་ཡང་ མང་དྲགས་ གནང་ དགོས་པོ་ ཆགས་འདུག་ གན་ བྱ༹ས་ སེ་ན་ ཁོང་ འགོ་ དང་པོ་ བོད་ཡིག་ སློབ་དཔོན་གྱི་ གཞུང་ཞབས་ ཞུས་བཞིན་ལས་ རྗེས་མ་ བྷོ་ཊི་ཡ་ སྐད་ཡིག་ སློབ་དཔོན་གྱི་ གཞུང་ཞབས་ ཞུ་བཞིན་ སྐད་ཡིག་ འདི་ལོ་ ཡར་རྒྱས་ བཏང་བའི་ དོན་ལས་ སྐུ་ལས་ ཀེས་པོ་ གནང་དགོས་པོ་ ཐོན་འདུག
ཕྱི་ལོ་ ༡༩༨༤ ལོ་ན་ འགོ་དང་པོ་ བྷོ་ཊི་ཡ་ སྐད་ཡིག་ འདི་ འགོ་བཙུགས་ཀོའི་ སྐབས་ལོ་ ཁོང་གི་ཡང་ སྐད་ཡིག་ འདིའི་ ཡར་རྒྱས་ དོན་ལས་ ཕྱག་ལས་ ཀེས་པོ་ གནང་འདུག འདི་ལས་ མུ་མཐུད་སྟི་ ཕྱི་ལོ་ ༡༩༨༦ ལོ་ན་ ང་ཅའི་ བྷོ་ཊི་ཡ་ སྐད་ཡིག་ འདི་ སི་བྷི་ ཨེས་ ཨི་ (CBSE) བྷོཊ་ན་ ངོས་ལེན་ ཐོན་བོ་ སྦད། ཕྱི་ལོ་ ༡༩༨༨ ལོ་ན་ ཁོང་ལོ་ གོ་གནས་ ཡར་ཕར་ བཏང་སྡི་ སྐད་ཡིག་ སློབ་གཙོ་ (Sr. Head Lama/ PGT) ཀི་ གོ་ས་ ཕུལ་སྡི་ ས་གནས་ སྤོས་ལེན་ བྱ༹ས་སྟི་ བཀྲ་ཤིས་ རྣམ་རྒྱལ་ འབྲིང་རིམ་ མཐོ་བའི་ སློབ་གྲྭ་ན་ བཏང་བོ་ སྦད། ཁོང་ ཨོ་ན་ བྱོན་སྡི་ ལོ་ བཅུ་གཉིས་ ཟང་ལྟེ་ སྐད་ཡིག་ སློབ་དཔོན་གྱི་ གཞུང་ཞབས་ ཞུས་འདུག དུས་ཚོད་ ཨོ་འདིའི་ སྐབས་ན་ འཛིན་གྱལ་ བཅུ་པོ་ དང་ བཅུ་གཉིས་ཀྱི་ བྷོཊ་ སློབ་ཚན་ རྒྱུགས་མཐའ་ཙུ་ བརྒྱ་ཆ་ བརྒྱ་ ཐམ་བ་ སྟོན་ཚུགས་པོའི་ གྲུབ་འབྲས་ ཐོན་འདུག
ཕྱི་ལོ་ ༡༩༧༠ ལོའི་ ནང་ འབྲས་ལྗོངས་ ཆོས་རྒྱལ་གྱི་ སྐུ་དུས་ན་ བོད་ཡིག་ སྐད་ཡིག་ སློབ་དཔོན་ ཐམས་ཅད་ལོ་ སྐད་ཡིག་ སླབས་སྟངས་ སྐོར་ ཟླ་བོ་ གཅིག་ དང་ ཕྱེ༹ད་ ཟང་ལྟེ་ དམིགས་བསལ་ འོས་སྦྱོང་ གྲུབ་མཚམས་ ཡིག་རྒྱུགས་ བཏང་བས་ ཨང་ དང་པོ་ ཐོན་བོ་ སྦད། འདིའི་ སྐབས་ ཁོང་ལོ་ འབྲས་ལྗོངས་ གཞུང་ ཆོས་རྒྱལ་ དཔལ་ལྡན་ དོན་གྲུབ་ རྣམ་རྒྱལ་ མཆོག་གི་ ཕྱག་ལས་ གསོལ་རས་ མཉམ་ཅིག་ ཨང་ དང་པོ་ (First position of merit) ཡིག་འཕྲོད་ ཤོག་ཀོ་ གནང་འདུག
འདི་ དང་ འདྲའོ་བྱ༹ས་ སྐད་ཡིག་ སློབ་དཔོན་ཙུའི་ སྦྱང་བསྡར་ སྐབས་ན་ ཁོང་གིས་ ཡང་ ཐུགས་འགན་ བཞེས་འདུག ཐུགས་འགན་ བཞེས་པོའི་ ལོ་ འདི་ཙུ་ནེ་ ཕྱི་ལོ་ ༡༩༧༠, ༡༩༧༦, ༡༩༧༧, ༡༩༩༠ དང་ ༡༩༩༢ ཨིན།
འདི་ལས་ ཆོས་ སླབས་ཤད་ འོང་ལྟེ་ ལེབ་སྟི་ འཛིགས་དྲགས་ ཡོད་མཁན་ སློབ་དཔོན་ ཙུ་ལོ་ བསྟོད་བསྔགས་ འདེམ་ རྒྱལ་ཁབ་ བྱ་དགའ་ ཐོབ་མཁན་ཙུ་ན་ ཁོང་གི་ ཡང་ ཕྱི་ལོ་ ༡༩༧༦ ལོའི་ ནང་ལོ་ རྒྱ་གར་གྱི་ སྲིད་འཛིན་ སྐུ་ཞབས་ རྒྱ་ནི་ རྗེལ་སིང་ མཆོག་གི་ ཕྱག་ལས་ རྒྱལ་ཁབ་ བྱ་དགའ་ ཞུས་བོ་ གནང་འདུག (National Teacher Award)
འདི་ལས་ ཕྱི་ལོ་ ༡༩༨༥ ལོའི་ནང་ གཞི་རིམ་ སློབ་གྲྭའི་ དོན་ལོ་ ཡུ་ནེ་སེབ་ འཆར་གཞིའི་ དེབ་གྱངས་ བརྒྱད་ ཐམ་པ་ དབྱིན་ཇི་ ལས་ ལྷོ་སྐད་ན་ བསྒྱུར་སྡི་ བྲིས་བོ་ གནང་འདུག ཕྱི་ལོ་ ༢༠༡༤ དབྱིན་ཟླ་ ༡ ཚེས་ ༡༦ ཉིན་ འབྲས་ལྗོངས་ གཞུང་གི་ ཁོང་གི་ ད་ལྟ་ཟང་ ཕྱག་ལས་ གནང་བོ་ འདི་ལོ་ བསྟོད་བསྔགས་ཀྱི་ ཚུལ་ལོ་ སིཀྐིམ་ སེ་ཝ་ ས་མན་ གསོལ་རས་ གནང་འདུག
འདི་ལས་ མཐོ་རིམ་ སློབ་གྲྭའི་ དོན་ལོ་ འབྲས་ལྗོངས་ བྷོ་ཊི་ཡ་ སྐད་རབས་ ཡར་རྒྱས་ ཚོགས་པོ་ དང་ བསྟུན་སྡི་ སློབ་ཚན་ རིམ་པོ་ ཆ་གནས་ གཏན་འབེབས་ གནང་བོ་ དོན་བཞིན་ ཕྱི་ལོ་ ༡༩༩༧ ལོ་ན་ འགོ་ དང་པོ་ ཚིགས་བཅད་ སྣ་ཚོགས་ཀྱི་ དེབ་གཅིག་ རྩོམ་སྒྲིགས་ གནང་བོ་ སྦད།
ཕྱི་ལོ་ ༢༠༠༨ ལོ་ན་ འབྲས་ལྗོངས་ གཙུག་ལག་ སློབ་གཉེར་ཁང་ལས་ བཀའ་རྒྱ་ བྱུང་བོ་ དོན་བཞིན་ མཐོ་རིམ་ སློབ་གྲྭའི་ སློབ་ཚན་ རིམ་པོ་ ཆ་གནས་ གཏན་འབེབས་ གནང་ ཡོད་པོ་ དོན་བཞིན་ འགོ་བརྗོད་ སྣ་ཚོགས་ ལབ་མཁན་ དེབ་ ནང་ལོ་ ནང་པོ་ སངས་རྒྱས་པའི་ གྲུབ་མཐའ་ དང་ རིག་གསར་ ལ་སོགས་པའི་ སྐོར་ལོ་ ཡོད་མཁན་ དེབ་ གཉིས་པོ་ རྩོམ་སྒྲིགས་ གནང་འདུག
འདེ་ར་ བྱ༹ས་སྟི་ ཕྱི་ལོ་ ༢༠༡༢ ལོའི་ ནང་ལོ་ ལྷོ་དབྱིན་ སྒྲ་དག་ ཤན་སྦྱར་གྱི་ དེབ་ཆུང་ གཅིག་ རྩོམ་སྒྲིགས་ གནང་བོ་ སྦད།
ཕྱི་ལོ་ ༢༠༡༢-༡༣ ལོའི་ ནང་ ཚིག་གྱངས་ སྟོང་ཕྲག་ དགུ་ལས་ ལྷག་ཚོད་ ཡོད་པའི་ དབྱིན་ལྷོ་ ཧིན་བལ་ བཞིའི་ ཤན་ སྦྱར་གྱི་ ཚིག་མཛོད་ (English Bhutia Hindi Nepali Dictionary) ཡང་ རྩོམ་སྒྲིགས་ གནང་འདུག
ཁོང་ ཕྱི་ལོ་ ༢༠༠༠ ལོའི་ དབྱིན་ཟླ་ ༦ ཚེས་ ༩ ནང་ གཞུང་ཞབས་ ལས་ གྲོལ་བོ་ སྦད། གཞུང་ཞབས་ལས་ གྲོལ་རུང་ དེབ་ རྩོམ་སྒྲིགས་ ལ་སོགས་པོ་ མ་རྩིས་པོ་ བྷོ་ཊི་ཡ་ སྐད་ཡིག་ན་ འབྲས་ལྗོངས་ གཙུག་ལག་ སློབ་གྲྭའི་ སློབ་ཚན་ སྒྲིགས་འཇུག་གི་ འཐུས་མི་ ཡང་ ཨིན་མཁན་ སྦད། འདི་ལས་ ༢༠༠༨ ལས་ ༢༠༡༡ བར་ ལོ་དྲུག་ཟང་ བྷོ་ཊི་ཡ་ སྐད་རབས་ ཡར་རྒྱས་ ཚོགས་པོའི་ གཙོ་འཛིན་ སྐུ་གཞོན་གྱི་ ཕྱག་ལས་ གནང་འདུག།
ད་རུང་ ཡང་ ཁོང་ ལྷོ་རིགས་ཙུའི་ དོན་ལོ་ ཐུགས་ཤུགས་ གནང་སྡི་ རང་གི་ རིག་གཞུང་ དང་ སྐད་ཡིག་ཙུ་ མ་ཉམས་ གོང་འཕེལ་ བཏང་བའི་ དོན་ལོ་ ལྷོ་སྐད་ རྐྱབས་སྟངས་ སླབས་པའི་ དོན་ལས་ ལྷོ་སྐད་ སླབས་སྟངས་ སྐོར་ ལབ་མཁན་ དེབ་ གསར་པོ་ རྩོམ་བཞིན་པོ་ ཨིན། ང་ཅའི་ རྩ་ལས་ སྐུ་ཞབས་ མཆོག་གི་ སྐུ་ཚེ་ བྲག་ལས་ བརྟན་པོ་ མཚན་སྙན་ ས་གསུམ་ ཁྱབ་པའི་ ཐུགས་སྨོན་ ཞུ༎ ༎
ཐུགས་རྗེ་ཆེ། །
༄༅། །པདྨ་ཤྲི་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་གིས་ སྐུ་ཚེའི་ ལོ་རྒྱུས།།
ལོ་ངོ་ བརྒྱད་བརྒྱའི་ སྔོན་ལས་ དར་ ཡོད་པའི་ འབྲས་ལྗོངས་ ལྷོ་པའི་ སྐད་རིགས་ འདི་ ཐབས་ཤེས་ གཉིས་ལྡན་ ནང་ལས་ ཡིག་ཐོག་ལོ་ བྲི་སྲོལ་ གསར་སྟོན་ གནང་མཁན་ བསྟན་འཛིན་གྱི་ སྐྱེས་ཆེན་ དམ་པོ་ ཁྱད་པར་ལོ་ འཕགས་པོ་ འབྲས་ལྗོངས་ཀྱི་ དཔའ་བོ་ སྐུ་ཞབས་ པདྨ་ཤྲི་ ནོར་ལྡན་ ཚེ་རིང་ མཆོག་གི་ ཐུགས་རྗེ་ བཀའ་དྲིན་ལོ་ བསྟན་སྡི་ ད་ལྟ་ འབྲས་ལྗོངས་ ལྷོ་པའི་ སྐད་ཡིག་ གཉིས་ཀ་ མ་ཉམས་པོ་བྱ༹ས་ བསྟན་སྡི་ ངོམ་ཤད་ ཡོད་པོ་ འདི་ ཁོང་གི་ ཕྱག་རྗེས་ བཟང་པོ་ལོ་ བརྟན་འདི་ ཨིན།
འདི་འདེ་མའི་ མ་འོངས་ སྔོན་མཁྱེན་ ཅན་གྱི་ མཁས་དབང་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་ ཕྱི་ལོ་ ༡༩༤༣ལོའི་ དབྱིན་ཟླ་ ༣ ཚེས་ ༢༢ ཉིན་ལོ་ ཤར་ འབྲས་ལྗོངས་ སྒང་ཏོག་ ཕོ་བྲང་གི་ ཐག་ཉེའི་ ཡུལ་ རྟ་ཐང་ཅན་ལོ་ ཡབ་ དབང་ཕྱུག་ ཚེ་རིང་ འབྲས་ལྗོངས་པོ་ དང་ ཡུམ་ ཀུན་དགའ་ ཆོས་སྒྲོན་ གཉིས་ཀྱི་ སྲས་ལོ་ སྐུ་འཁྲུངས། ཁོང་གིས་ སྐུ་ཡོན་ དང་པོ་ འབྲས་ལྗོངས་ནང་ སོར་ བཀྲ་ཤིས་ རྣམ་རྒྱལ་ ཨེ་ཀ་ བྲེ་མི་ལས་ བཞེས་པོའི་ རྒྱབ་ལས་ མཐོ་རིམ་ སློབ་གྲྭའི་ ཤེས་ཡོན་ st. Josehp’s College North Point རྡོ་རྗེ་གླིང་ལས་ བཞེས་རྗེས་ Bachelor of Education Degree འདི་ Orissa, Bhubanishwar Regional College of Education ལས་ ཤེས་ཡོན་ མཐར་ཕྱིན་པོ་ གནང་འདུག
ཤེས་ཡོན་ མཐར་ཕྱིན་པའི་ རྒྱབ་ལོ་ འབྲས་ལྗོངས་ གཞུང་གི་ ཤེས་ཡོན་ ལས་ལག་གི་ མངའ་འོག་ན་ ཕྱི༹་ལོ་ ༡༩༦༨ ལོ་ནང་ དབེན་ཅན་ སློབ་གྲྭའི་ ནང་ བོད་ སྐད་རིགས་ཀྱི་ སློབ་དཔོན་ ཕྱག་ལས་ གནང་སྡི་ བཞུགས་དུས་ འབྲས་ལྗོངས་ གཞུང་གི་ ཁོང་ལོ་ ཟླ་བོ་ དྲུག་གི་ རིང་ལོ་ རྒྱ་གར་ མཚོན་སྲུང་ དམག་མིའི་ མགོ་རྗེ་ཙུ་ལོ་ ལྷོ་སྐད་ སླབ་པར་ བཏང་བོ་ གནང་འདུག འདི་ལས་ ཕྱི་ལོ་ ༡༩༧༡ ན་ མངའ་སྡེ་ གཞུང་གི་ ཁོང་ལོ་ ལོག་སྟི་རང་ སྐད་རིགས་ སློབ་དཔོན་གྱི་ གོ་གནས་ལས་ ཡར་ ཕར་སྟི་ Gezetted Post ནང་ School Inspector བཟོ་བོ་ གནང་འདུག ཁོང་ ཕྱག་ལས་ གནང་བོའི་ སྐབས་ལོ་ ལྷོ་པོའི་ སྐད་རིགས འདི་ ཡིག་ཐོག་ལོ་ བྲི་ཤད་ ཡོད་པོ་ བཟོ་ཤད་ཀྱི་ དོན་ལས་ ལོ་ བདུན་ཟང་ ཉམས་ཞིབས་ གནང་བའི་ གྲུབ་འབྲས་ དང་ འདྲའོ་འདི་ ཕྱི་ལོ་ ༡༩༧༧ ལོ་ན་ ལྷོ་སྐད་འདི་ ཡིག་ཐོག་ལོ་ བྲིས་སྲོལ་ དང་པོ་ གསར་སྟོན་ གནང་སྡི་ འབྲས་ལྗོངས་ ལྷོ་པོའི་ སྐད་རིགས་ དང་པོ་ སླབ་པོའི་ དེབ་ སྟོན་བོ་ གནང་འདུག ཁོང་འདི་ རྒྱུད་གཤིས་ དྲང་པོ་ ཨིན་བ་ལོ་ སེམས་རྒྱ་ ཆེ་དྲགས་ ཤེས་ཡོན དང་ ཐབས་ཤེས་ ཆེ་དྲགས་ ཅིག་ ཡོད་པོ་ ཨིན་ཟང་ ཁོང་གིས་ ལྷོ་པོའི་ སྐད་རིགས་ གཅིག་ཀུ་ མ་ཨིན་བ་ལོ་ སྐད་རིགས་ གཞན་ མོན་སྐད་ དང་ གཙོང་སྐད་ འདི་ཙུ་ཡང་ ཡར་རྒྱས་ གོང་འཕེལ་ བཏང་བོ་ དོན་ལས་ རོགས་རམ་ རྒྱ་ཆེ་དྲགས་ གནང་བོ་ གནང་འདུག
འདི་ལས་ ཕྱི་ལོ་ ༡༩༨༠ ལོ་ན་ ཁོང་ མངའ་སྡེ་ གཞུང་གི་ ཤེས་རིག་ ལས་ལག་ན་ དབུ་འཛིན་ གཞོན་བོའི་ གོ་གནས་ བཞེས་པོ་ གནང་འདུག ཕྱི་ལོ་ ༡༩༨༤ ལོ་ན་ ཤེས་རིག་ ལས་ལག་ནང་ བཟུང་འབྲེལ་ དབུ་འཛིན་གྱི་ ཐུགས་འགན་ བཞེས་སྟི་ སྐད་རིགས་ དང་ འབྲས་གཞུང་ལོ་ ཕྱག་རྗེས་ བཟང་པོ་ ཞབས་ཆེ་ ཕུལ་བོ་ གནང་འདུག འདིའི་ རྒྱབ་ལོ་ མངའ་སྡེ་ མི་སེར་ གཞུང་ཞབས་ སྒྲིག་གྲས་ ཡང་ན་ State Civil Service Cadre ནང་ ངོས་ལེན་ གནང་སྡི་ ཟུང་འབྲེལ་ དྲུང་ཡིག་གི་ གོ་གནས་ཀྱི་ ཐུགས་འགན་ བཞེས་རྗེས་ འབྲས་ལྗོངས་ Police ཀི་ ལས་ལག་ན་ གོ་གནས་ སྤོ་ལེན་ གནང་བོ་ སྦད། འདི་ལས་ ལོ་གཅིག་ རྒྱབ་ལོ་ ཁོང་ལོ་ གོ་གནས་ ཨོ་འདི་ ནང་རང་ དགོན་གནས་ ལས་ལག་ན་ སྤོ་ལེན་ བྱ༹ས་བོ་ སྦད། ཁོང་གི་ དྲུང་ཆེན་ ཕྱག་ལས་ ནང་ Sikkim Public Commission ལས་ལག་ དང་ Chief Executive Officer ཀི་ གོ་གནས་ན་ Kadi and, Industries Board ཀི་ ལས་ལག་ ནང་ལོ་ཡང་ ཕྱག་ལས་ གནང་བོ་ སྦད།
ཕྱི་ལོ་ ༡༩༩༩ ཕྱི་ཟླ་ ༡༡་ ནང་ མངའ་སྡེ་ གཞུང་གི་ ཤེས་རིག་ ལས་ལག་ ནང་ དབུ་འཛིན་གྱི་ གོ་གནས་ན་ ལོག་སྟི་ རང་ བྱོན་བོ་ གནང་བོ་ སྦད། ཁོང་ དབུ་འཛིན་གྱི་ གོ་གནས་ནང་ བཞུགས་པོའི་ སྐབས་ལོ་ ལྷོ་སྐད་ མོན་སྐད་ གཙོང་སྐད་བཅས་ སྐད་རིགས་ འདི་གསུམ་པོ་ལོ་ ཡར་རྒྱས་ རྒྱ་ཆེ་དྲགས་ བཏང་བོ་ གནང་སྡི་ སྐད་རིགས་ འདི་ཙུ་ མཐོ་རིམ་ སློབ་གྲྭ་ཟང་ སློབ་སྦྱོང་ བྱ༹ས་ཐོབ་པའི་ གོ་སྐབས་ བཟང་པོ་ གནང་མཁན་ཡང་ ཁོང་གི་ ཕྱག་རྗེས་ བཟང་པོའི་ ཐུགས་རྗེ་ བཀའ་དྲིན་ལོ་ བརྟེན་སྡི་ ཨིན། འདི་ ཨིན་དུས་ ད་ལྟའི་ གནས་སྐབས་ན་ སྐད་ཡིག་ ཡར་རྒྱས་ དོན་ལོ་ ཕྱག་ལས་ ག་ལྟེ་ གནང་དགོས་པོའི་ སྐོར་ལོ་ འཛམ་གླིང་ ཡོངས་ཀྱི་ མི་རིགས་ཙུའི་ མིག་ལྟོས་ བལྟ་ས་ཅིག་ ཐོན་ ཡོད་པོ་ ཨིན། ཁོང་གི་ ཕྱག་རྗེས་ བཟང་པོ་ འདི་ཙུ་ལོ་ བལྟ་སྟི་ གཙོང་ མི་རིགས་ཙུ་ཀིས་ ལྷོ་པོ་ ཨིན་རུང་ སྐད་རིགས་ ཐམས་ཅད་ལོ་ ཉེ་རིང་ མེད་པོ་ བྱ༹ས་ ཡར་རྒྱས་ བཏང་མཁན་ ཨིན་སེ་ ལབ་སྟི་ སྐད་རིགས་ གཞན་མོའི་ མི་སེར་ཙུ་ཀི་ ཁོང་ལོ་ བསྔགས་བརྗོད་ཀྱི་ གསོལ་རས་ཡང་ གནང་འདུག
ཕྱི་ལོ་ ༡༩༩༩ ལོ་ན་ འབྲས་ལྗོངས་ ལྷོ་སྐད་ སྟེང་ལོ་ དཔྱད་ཞིབ་ བྱ༹ས་ གྲུབ་འབྲས་ མཐར་ཕྱིན་པོ་ ཐོན་ཚུག་པོ་ འདི་ལོ་ Director of International Publicity House ལས་ Certificate of Excellence ལབ་མཁན་གྱི་ གསོལ་རས་ཅིག་ Tamil Nadu ཀི་ ཟུར་བཞུགས་ སྲིད་སྐྱོངས་ Dr. Bhisma Navain Shingh མཆོག་གི་ ཕྱག་ལས་ ལག་ཁྱེར་ ཡིག་འཕྲོད་ཡང་ ཐོབ་པོ་ གནང་བོ་ གནང་འདུག འདི་འདེ་མའི་ སྐུ་ལས་ མུ་མཐུད་ གནང་སྡི་ སྐད་རིགས་ ཉམས་ཆུང་ ཐམས་ཅད་ ཡར་རྒྱས་ དོན་ལས་ སྐུ་ལས་ གནང་ཡོད་པའི་ ཕྱག་རྗེས་ བཟང་པོའི་ གྲུབ་འབྲས་ འདི་ལོ་ འབྲས་ལྗོངས་ མངའ་སྡེའི་ གཞུང་ དང་ རྒྱ་གར་ དབུས་གཞུང་ གཉིས་ཀས་ ངོས་ལེན་གྱི་ ཚུལ་ལོ་ ཕྱི་ལོ་ ༢༠༠༠ ནང་ འབྲས་གཞུང་ མངའ་སྡེའི་ གཟེངས་རྟགས་ཀྱི་ གསོལ་རས་ཡང་ གནང་འདུག འདི་ལས་ ཕྱི་ལོ་ ༢༠༠༩ ལོ་ན་ རྒྱ་གར་ དབུས་གཞུང་གི་ཡང་ ཁོང་གི་ ཕྱག་རྗེས་ བཟང་པོ་ འདི་ཙུ་ ཐམས་ཅད་ལོ་ གཞི་བཞག་སྟི་ པདྨ་ ཤྲི་རི་ ལབ་མཁན་ སྙན་གྲགས་ཅན་གྱི་ གཟེངས་རྟགས་ སྦོམ་པོ་ ཅིག་ཡང་ གནང་འདུག
འདི་འདེ་མོའི་ ཕྱག་ལས་ མུ་མཐུད་ གནང་བའི་ རྒྱབ་ལས་ ཕྱི་ཟླ་ ༣ པའི་ ཚེས་ ༣༠ ཕྱི་ལོ་ ༢༠༠༡ ནང་ གཞུང་ཞབས་ ལས་ གྲོལ་འདུག འདེས་རང་བྱ༹ས་ ཁོང་ གཞུང་ཞབས་ལས་ ཟུར་བཞུགས་ ཨིན་རུང་ འབྲས་ལྗོངས་ ལྷོ་པོའི་ མི་རིགས་ དང་ ལྷོ་སྐད་ ཡར་རྒྱས་ དོན་ལས་ ད་རུང་ཡང་ ཕྱག་ལས་ གནང་བཞིན་པོ་ ཨིན་བོ་ དང་།
དུས་ཚོད་ ཀེས་པོའི་ སྔོན་ལས་ བྷོ་ཊི་ཡ་ སྐད་རབས་ ཡར་རྒྱས་ ཚོགས་པའི་ ཚོགས་གཙོ་ཡང་ ཕྱི་ལོ་ ༢༠༡༢ བར་ གནང་འདུག ཁོང་གི་ དེབ་ རྩོམ་ ཡོད་པའི་ ནང་ལས་ ཁ་ཤས་ཅིག་གི་ མིང་ བརྗོད་ན་ ལྷོ་པའི་ སུམ་རྟགས་ཀྱི་ དེབ་ དང་ གཞན་ ཚིག་བཅད། ཚིག་ལྷུག ཀློག་དེབ་ ལ་སོགས་པའི་ དེབ་ མང་དྲགས་ཅིག་ བྲིས་ ཡོད་པོ་ དང་། འདི་ལས་ འབྲས་ལྗོངས་ ལྷོ་པའི་ སྐད་ཡིག་ ཐོག་ལས་ དབྱིན་ལྷོ་ ཚིག་མཛོད་ གསར་པོ་ དང་ དབྱིན་ལྷོ་ སྦྱང་དེབ་ དང་པོ་ ལབ་མཁན་གྱི་ དེབ་ སྐད་གཉིས་ ཡོད་པོ་ཙུ་ ཁོང་ དང་ སྐུ་ཞབས་ པདྨ་ རིག་འཛིན་ གཉིས་ཀྱི་ ཐུགས་རྗེ་ བཀའ་དྲིན་ལས་ ཐོན་བོ་ ཨིན། འདི་ དང་ འདྲའོ་ ལྷོ་སྐད་ ནང་ལས་ སློབ་གྲའི་ ཀློག་དེབ་ ག་ཚོད་ ཐོན་ ཡོད་པོ་ ཐམས་ཅད་ཀྱི་ སློབ་སྟོན་པོ་ བཞུགས་སྟི་ དེབ་ ཡར་རྒྱས་ དོན་ལས་ ཉིན་ཚན་ མེད་པའི་ སྐུ་ལས་ མང་དྲགས་ གནང་འདུག ཁོང་ ད་ལྟོ་ Sikkim ICFAI, University ཀི་ འཐུས་མི་ ལྔའི་ ནང་ལོ་ བཞུགས་ ཡོད་པོ་ ཨིན།
ཕྱི་ལོ་ ༡༩༧༧ ལོ་ན་ འབྲས་ལྗོངས་ ལྷོ་པའི་ སྐད་ འདི་ ཡིག་ཐོག་ལོ་ བྲི་སྲོལ་ འགོ་བཙུགས་ཀོ་ལས་ གཞི་བཟུང་སྡི་ ཕྱི་ལོ་ ༢༠༡༦ ནང་ སྐད་ཡིག་ འདི་ གཙུག་ལག་ སློབ་གྲྭ་ཟང་ ངོས་ལེན་ ཐོབ་ཡོད་པོ་ ཟང་ སྐད་རིགས་ ཡར་རྒྱས་ དོན་ལས་ སྐུ་ལས་ གནང་མཁན་ ཀེས་པོ་ ཐོན་ ཡོད་རུང་ འདི་ཐམས་ཅད་ཀྱི་ རྩ་བ་ འདི་ པདྨ་ཤྲི་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་ ཨིན་བོ་ དང་ ཁོང་གི་ ཐུགས་རྗེ་ བཀའ་དྲིན་ལོ་ རྟེན་སྡི་ སྐད་འདི་ འདེ་ཚོད་ཟང་ སླེབ་ཡོད་པོ་ ཨིན། འདི་ གཅིག་ཀུ་ མ་ཨིན་བར་ ཁོང་ ལྷོ་རིགས་ཙུའི་ སྲོག་ཤིང་ འདྲ་བོ་ ཨིན་ཟང་ ད་ལྟ་ཡང་ བྷོ་ཊི་ཡ་ སྐད་རབས་ ཡར་རྒྱས་ ཚོགས་པོའི་ སློབ་སྟོན་ གཙོ་བོ་ བྱ༹ས་སྟི་ བཞུགས་ ཡོད།
འདི་འདེ་མོའི་ བཀའ་དྲིན་ ཅན་གྱི་ མཁས་དབང་ པདྨ་ཤྲི་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ མཆོག་གི་ ཕྱག་རྗེས་ བཟང་པོ་ ཐམས་ཅད་ལོ་ ང་ཅག་ ལྷོ་རིགས་ ཐམས་ཅད་ རྩ་ལས་ ཐུགས་རྗེ་ བཀའ་དྲིན་ གྱངས་མེད་ ཞུ་བཞིན་པོ་ དང་ ཁོང་ སྐུ་འཁོར་ ཐམས་ཅད་ཀྱི་ སྐུ་ཚེ་ ཉིན་ཟླ་ མཉམ་པོ་ མཚན་སྙན་ ས་གསུམ་ ཁྱབ་པའི་ སྨོན་འདུན་ དང་ ད་རུང་ ཨིན་རུང་ སྤྱིར་ འབྲས་ལྗོངས་ མི་མང་ ཐམས་ཅད་ དང་ ཁྱད་པར་ལོ་ ལྷོ་པའི་ མི་རིགས་ཙུའི་ དོན་ལོ་ སྐུ་སྲོག་ བྱ༹ག་ལས་ བརྟན་བོའི་ སྨོན་མདུན་ ཞུས༎ ༎
༈ ཚེ་འདས་ སྐུ་ཞབས་ དཔལ་ལྡན་ ལ་ཆུང་པོ་ མཆོག་གི་ སྐུ་ཚེའི་ ལོ་རྒྱུས།
འབྲས་ལྗོངས་ ཡུལ་ཆུང་ འདི་ན་ ཉིན་ལས་ ཉིན་ འགྱུར་བ་ ཀེས་པོ་ ཐོན་བཞིན་ ཡོད་པའི་ དུས་སྐབས་ གཅིག་ནང་ ལྷོ་པའི་ མི་རིགས་ ཙུའི་ ཁ་སྐད་ འདི་ར་ ཡིག་ཐོག་ལོ་ སྟོན་སྡི་ ལྷོ་པའི་ ངོ་སྤྲོད་ འདི་ལོ་ དུས་ཚོད་ ཨོ་འདིའི་ སྐབས་ཀྱི་ འཛམ་གླིང་ རྒྱལ་ཡོངས་ འདི་ན་ ཁྱབ་སྤེལ་བྱ༹ས་ དགོས་པའི་ དུས་སྐབས་ སླེབ་དུས་ མཁས་དབང་ རྒན་གཞོན་ ཀེས་པོ་ ཅིག་གིས་ འདིའི་ དོན་ལས་ སྐུ་ལས་ ཀེས་པོ་ གནང་ ཡོད་པའི་ ནང་ལས་ གཙོ་བོ་ གཅིག་འདི་ སྐུ་ཞབས་ དཔལ་ལྡན་ ལ་ཆུང་པོ་ མཆོག་ཡང་ ཨིན།
ཞིང་གཤེགས་ དཔལ་ལྡན་ ལ་ཆུང་པོ་ མཆོག་ནི་ བྱང་ འབྲས་ལྗོངས་ ལ་ཆུང་ ཤར་ཕྱོགས་ ལབ་སའི་ ཡུལ་ནང་ ཡབ་ ཕུན་སུམ་ ལ་ཆུང་པོ་ དང་ ཡུམ་ མཚན་རྗེས་ ལ་ཆུང་པོ་ གཉིས་ཀྱི་ སྲས་ ཆུང་ཤོས་ལོ་ ཕྱི་ལོ་ ༡༩༥༥ ལོ་ནང་ སྐུ་འཁྲུངས་པོ་ སྦད།
ཞིང་གཤེགས་ ལ་ཆུང་པོ་ མཆོག་ སྒོ་ཕྱུགས་ རྟ་ གཡག་ ནོ་ སོགས་ལོ་ རྟེན་སྡི་ མི་ཚེ་ སྐྱེལ་མཁན་ མི་ཚང་ སྙོམས་ཆུང་ ཅིག་ནང་ སྐྱེ་བོ་ ཨིན་རུང་ འབྲས་ལྗོངས་ རྒྱལ་ས་ སྒང་ཏོག་ན་ བྱོན་བོ་ གནང་སྡི་ ཤེས་ཡོན་ དང་ འཇོན་ཐང་ གཉིས་ཐོག་ལས་ སྤྱིར་ ལྷོ་པའི་ སྐད་ འདི་ ཡིག་ཐོག་ལོ་ བྲིས་སྲོལ་ དབུ་བཙུགས་ གནང་མཁན་ འགོ་ དང་པོའི་ གྲས་ལོ་ ཡོད་པོ་ ཨིན་བོ་ དང་ འདི་ལས་ འབྲས་ལྗོངས་ སྲིད་འཇུས་ ནང་ལོ་ཡང་ སྐད་དྲགས་ བཞག་ ཡོད་པའི་ མཁས་དབང་ གཅིག་ ཨིན་འདུག
ཞིང་གཤེགས་ ལ་ཆུང་པོ་ མཆོག་གིས་ སློབ་སྦྱོང་ སྐུ་ཡོན་ དང་པོ་ སྐུ་ན་ ཆུང་དུས་ སྐབས་ལོ་ ལ་ཆུང་ བསམ་བསྟན་ ཆོས་གླིང་ དགོན་གྱི་ གྲྭ་པའི་ སྒྲིག་ཞུགས་ གནང་སྡི་ ཡི་གེ་ བྲི་ཀློག་ ཐམས་ཅད་ ཐར་ཕྱིན་པོ་ སྦྱང་བོ་ གནང་ འདུག འདི་ལས་ འབྲས་གཞུང་ སྔ་འགྱུར་ བཤད་གྲྭ་ ཐུབ་བསྟན་ མདོ་སྔགས་ ཆོས་གླིང་ འདེབས་ར་ གླིང་ ཡོངས་གྲགས་ལོ་ འབྲས་ལྗོངས་ བཤད་གྲྭ་ ཡང་ན་ འདེབས་ར་ གླིང་ བཤད་གྲྭ་ནང་ ལོ་ངོ་ ལྔའི་ རིང་ལོ་ སྔ་འགྱུར་ རྙིང་མའི་ རིང་ལུགས་ལས་ ནང་དོན་ རིག་ཀོའི་ སྐོར་ལོ་ ལོ་ངོ་ ལྔའི་ རིང་ལོ་ མཁན་པོ་ ཟླ་ཟེར་ དང་ མཁན་པོ་ བརྩོན་འགྲུས་ འདེ་མོའི་ མཁས་དབང་ ཀེས་པའི་ རྩ་ལས་ བཀའ་ཆོས་ སྦྱང་བོ་ གནང་འདུག འདི་ དང་ མཉམ་པོ་ ཟུར་སྦྱོང་ལོ་ དབྱིན་ཇིའི་ སློབ་སྦྱོང་ཡང་ སྦྱང་བོ་ གནང་འདུག
བཤད་གྲྭ་ལས་ སྐུ་ཡོན་ མཐར་ཕྱིན་པོ་ སྦྱང་ མྱོང་པའི་ རྒྱབ་ལས་ དཔལ་འབྱོར་ རྣམ་རྒྱལ་ འབྲིང་རིམ་ མཐོ་བའི་ སློབ་གྲྭའི་ ནང་ལོ་ བོད་ཡིག་ སློབ་དཔོན་ རྒན་བོའི་ ཐུགས་འགན་ བཞེས་པོ་ གནང་འདུག འདི་ལས་ འབྲས་ལྗོངས་ ལྷོ་སྐད་ འདི་ ཡིག་ཐོག་ལོ་ བྲི་སྲོལ་ དང་པོ་ འགོ་བཙུགས་ཀོའི་ དུས་སྐབས་ ཕྱི་ལོ་ ༡༩༨༠ ལོ་ནང་ ཁོང་ཡང་ འདིའི་ དོན་ལོ་ འབྲས་གཞུང་ ཤེས་རིག་ ལས་ལག་ ནང་ལོ་ བྱོན་སྡི་ སྐུ་ཞབས་ པདྨ་ཤྲིརི་ ནོར་ལྡན་ ཚེ་རིང་མཆོག་གི་ མངའ་འོག་ལོ་ ལྷོ་སྐད་ བྲིས་རྩོམ་ གནང་མཁན་གྱི་ ཐུགས་འགན་ བཞེས་པོ་ གནང་དུས་ ལྷོ་ དབྱིན་ བོད་ གསུམ་གྱི་ སྐད་ཡིག་ ལེགམ་བྱ༹ས་ མཁྱེན་དོ་ ཨིན་ཟང་ ཕྱི་ལོ་ ༡༩༨༠ ལས་ ༡༩༨༢ བར་ལོ་ འཛིན་གྲྭ་ གཉིས་པོ་ལས་ དྲུག་ཀོའི་ བར་གྱི་ ཀློག་དེབ་ཙུ་ གོ་སྒྲིགས་ གནང་འདུག དེབ་ ཨོ་འདི་ཙུ་ ལོ་ངོ་ ཀེས་པོའི་ བར་ལོ་ འབྲས་གཞུང་ སློབ་གྲྭ་ཙུའི་ ནང་ སློབ་ཚན་ལོ་ བཞག་ འདུག འདི་ལས་ ཕྱི་ལོ ༡༩༨༢་ལོ་ནང་ གོ་གནས་ ཡར་ སྤར་སྟི་ ལས་ཁུངས་ ཨོ་འདིའི་ ནང་ར་ ལྷོ་སྐད་ དོན་ལས་ ལོ་ངོ་ ཁ་ཤེས་ རིང་ལོ་ ཕྱག་ལས་ མུ་མཐུད་སྟི་ གནང་འདུག
བར་སྐབས་ གཅིག་ལས་ ཁོང་གི་ གཞུང་ཞབས་ལས་ དགོངས་པོ་ ཞུས་སྟི་ སྲིད་འཇུས་ ནང་ལོ་ བྱོན་བོ་ གནང་སྡི་ འབྲས་ལྗོངས་ དམངས་གཙོ་ རུ་སྣ་ ཚོགས་པོ་ གསར་གཙུག་ གནང་མཁན་ འཐུས་མི་ དང་པོའི་ གྲས་ ཨིན་བོ་ དང་ ཕྱི་ལོ་ ༡༩༩༤ ལས་ ༡༩༩༩ བར་ལོ་ ཟུར་བསལ་ མི་རིགས་ བདེ་སྐྱིད་ ལྷན་ཚོགས་ ཡང་ན་ Scheduled Tribe Welfare Board ཀྱི་ ཚོགས་གཙོའི་ གོ་གནས་ བཞེས་པོ་ གནང་སྡི་ མི་དམངས་ སྤྱིའི་ དོན་ལོ་ ཕྱག་ལས་ གནང་འདུག འདི་ལས་ ཕྱི་ལོ་ ༡༩༩༩ ལོ་ནང་ སང་ག་ འོས་བསྡུ་ སྡེ་ཚན་ ལས་ རྒྱལ་ཁ་ ཐོབ་སྟི་ འབྲས་ལྗོངས་ མངའ་སྡེའི་ གྱོས་ཚོགས་ འཐུས་མི་ མཐོན་ཡོད་པོ་ དང་ འདི་ལས་ གྱོས་ཚོགས་ འདིའི་ ཚོགས་གཙོ་ སྐུ་གཞོན་གྱི་ ཕྱག་ལས་ འགན་བཞེས་ གནང་སྡི་ འབྲས་ལྗོངས་ སྤྱི་ དང་ དགོན་སྡེ་ ཁག་ ཐམས་ཅད་ཀྱི་ བདེ་ཐབས་ལོ་ ཕྱག་ལས་ ཀེས་པོ་ གནང་འདུག གྱོས་ཚོགས་ འདིའི་ སྐུ་གཞོན་ ཚོགས་གཙོའི་ གོ་གནས་ དང་ མཉམ་པོ་ North East Regional Commonwealth Parliamentary Association (NERCPA) ལབ་མཁན་གྱི་ཡང་ ཚོགས་གཙོ་ སྐུ་གཞོན་གྱི་ གོ་གནས་ བཞེས་པོ་ གནང་འདུག
ཁོང་སྡི་ སྒྱུ་རྩལ་ ཐམས་ཅད་ལོ་ མཁས་པོ་ཅིག་ ཨིན་བོ་ མཚོན་རྟགས་ལོ་ བོད་ འབྲུག་ འབྲས་ གསུམ་གྱི་ གླུ་གཞས་ གན་ རྐྱབས་རུང་ རྐྱབས་མཆོག་ ཡོད་པོ་ ཨིན་བོ་ མ་ཚད་ འབྲས་ལྗོངས་ཀྱི་ གླུ་གཞས་ མང་དྲགས་ ཅིག་ ཁོང་གི་ རྩམ་ གནང་ ཡོད་པོ་ དང་ འདི་ཙུའི་ ནང་ལས་ སྙན་གྲགས་ཅན་གྱི་ གླུ་གཞས་ ཁ་ཤེས་ ཅིག་གི་ སྐོར་ལོ་ བཤད་ན་ ༡་ སྤང་རྒྱན་ མེ་ཏོག ༢་ འབབ་ཆུ་ ཆོད་ཀྱི། ༣་ གུ་རུ་ནས་ བྱིན་གྱིས་བརླབས་པའི་ ལབ་མཁས་ འདེམ་ཀེས་པོ་ ཡོད་འདུག འདི་ཅིག་ཀུ་ མ་ཨིན་བར་ ཁོང་ སྐུ་ན་ གཞོན་བོའི་ དུས་སྐབས་ན་ རྣལ་འབྱོར་ མཆེད་བཞིའི་ འཁྲབ་སྟོན་ གོ་སྒྲིགས་ བྱ༹ས་ཤད་ལོ་ རོགས་རམ་ དང་ འཁྲབ་སྟོན་ ནང་ལོ་ འཁྲབ་སྟོན་ གཙོ་བོ་ བྱ༹ས་ རྩེ་བོ་ གནང་ འདུག འདི་ དང་ འདྲའོ་ ཡུལ་ཕྱོགས་ ག་ན་ འགྱུ་རུང་ ང་ཅའི་ འབྲས་ལྗོངས་ཀྱི་ སྐད་ དང་ ལུགས་སྲོལ་ རིག་གཞུང་ འདི་ཙུ་ དར་ཁྱབ་ གནང་ འདུག
དུས་ཡུན་ རིང་ཀུ་ སྙུང་རྗེས་ ཞིང་གཤེགས་ ལ་ཆུང་པོ་ མཆོག་ ཕྱི་ལོ་༢༠༡༥ ཕྱི་ཟླ་ ༡༡ ཚེས་ ༢༡་ ཉིན་ལོ་ གྲོང་འདུག ད་ལྟ་ ཁོང་གི་ རྗེས་འཛིན་ལོ་ བཟའ་ཟླ་ ཆུང་སྐྱིད་ བྷོ་ཊི་ཡ། བུ་ བསོད་ནམས་ རྡོ་རྗེ་ ལ་ཆུང་པོ་ དང་ བུམ་ ཀུན་དགའ་ བདེ་སྐྱིད་ ལ་ཆུང་པོ་ བཅས་ འཚོ་སྟི་ བཞུགས་ཡོད་པོ་ ཨིན་ནོ༎ ༎
སྐུ་ཞབས་ པདྨ་ རིག་འཇི༹ན་ མཆོག་གི་ སྐྱེས་རབས་ རྣམ་མཐར་ མདོར་འདུས།
འབྲས་ལྗོངས་ ལྷོ་སྐད་ལོ་ བཀའ་དྲིན་ཅན་གྱི་ མཁས་དབང་ ཉི་ཟླ་ འདྲའོ་ ལྷོ་པའི་ ཁ་སྐད་ འདི་ལོ་ ཡིག་ཐོག་ན་ བྲི་སྲོལ་ གསར་སྟོན་ གནང་སྡི་ གཞི་རིམ་ སློབ་གྲྭ་ལས་ ད་ལྟ་ གཙུག་ལག་ སློབ་གྲྭའི་ བར་ལོ་ རིམ་གྱིས་ གསར་སྟོན་ གནང་བའི་ དོན་ལས་ སྐུ་ལས་ རྒྱ་སྟོང་ མང་དྲགས་ གན་ལོ་ཡང་ མན་འཇུས་པོ་ བྱ༹ས་སྟི་ སྐད་ཡིག་ འདི་ འདེ་ཚོད་ཟང་ ཡར་རྒྱས་ ཐོན་ དང་ ཐོན་བཞིན་པའི་ གྲུབ་འབྲས་ འདི་ ཐམས་ཅད་ཀྱི་ རྒྱབ་རྩ་ ལམ་སྟོན་ གནང་སྡི་ དེབ་ གྱངས་མེད་ བྲིས་སྟི་ ན་གཞོན་ རྒན་གཞོན་ ཐམས་ཅད་ལོ་ ཡ་རབས་ བཟང་པོའི་ ལམ་ སྟོན་བོ་ གནང་མཁན་ སྐུ་ཞབས་ པདྨ་ རིག་འཇི༹ན་ མཆོག་ ནུབ་ འབྲས་ལྗོངས་ གསང་ཆེན་ པདྨ་ ཡང་རྩེའི་ ཐག་ཉེ་ ཟིང་འགྱངས་ གྱོང་གསེབ་ ནང་ ནང་པོ་ སངས་རྒྱས་ བཅོམ་ལྡན་ འདས་ཀྱི་ རྗེས་འཇུག་ཀོ་ ལྷོ་རིགས་ འབེབས་ མཆ༹ན་བརྒྱད་ཀྱི་ ནང་ལས་ སྟག་ཅུང་ དར་པོའི་ རིགས་བརྒྱུད་ ཡབ་ པདྨ་ ཡང་རྩེའི་ དགེ་གྲོལ་ ཞིང་གཤེགས་ ཡར་པོ་ བརྩོན་འགྲུས་ བསྟན་འཇི༹ན་ དང་ ཡུམ་ ནག་སྐྱིད་པོ་ བོན་པོ་ ལྷ་སྲུང་པོ་ གཉིས་ཀྱི་ སྐུ་ཕང་ལས་ ཕྱི་ལོ་ ༡༩༤༦ ཟླ་བོ་ ༢ ཆེ༹ས་ ༡༤ ཉིན་ སྐུ་འཁྲུངས་ འདུག ཁོང་ བུ་ སྤུན་ ལྔའི་ ནང་ལས་ བུ་ བར་འབྲིང་ ཆུང་བོ་ འདི་ ཨིན་འདུག
ཁོང་ སྐུ་འཁྲུངས་སྟི་ ལོ་ངོ་ ལྔ་ ལངས་པོ་ དང་ དགོན་ཆེན་ པདྨ་ ཡང་རྩེ་ལོ་ སྒྲིག་འཛུགས་ ཞུས་བོ་ གནང་བོ་ མི་ཆ༹ད་ དགོན་པའི་ སློབ་གྲྭ་ན་ ནང་ཆོས་ཀྱི་ སློབ་སྦྱོངས་ གནང་ བཅུག་སྟི་ ཡི་གེ་ བྲི་ཀློག་ སྐད་ གསུམ་པོ་ ལེགམ་བྱ༹ས་ ཉམས་མྱོང་ འཐོན་ ཆ༹ར་བའི་ རྗེས་ དགོན་གྱི་ སྒྲིག་ཁྲིམས་བཞིན་ ཡིག་རྒྱུགས་ ངག་རྒྱུགས་ དང་པོ། ལེའུ་ བདུན་ དང་ སྨོན་ལམ་ ཡོངས་རྗོ༹གས་ཀྱི་ ངག་རྒྱུགས་ ཕུལ། གཉིས་པོ་ དཀོན་མཆོག་ སྤྱི་འདུས། གུ་རུ་ དྲག་དམར་ དང་ ཐུགས་རྗེ་ ཆེན་པོའི་ ངག་རྒྱུགས་ ཕུལ། གསུམ་པོ་ རིག་འཇི༹ན་ སྲོག་སྒྲུབ་ ལ་སོགས་པའི་ ངག་རྒྱུགས་ ཕུལ་ མྱོ༹ང་པོ་ གནང་འདུག
འདི་ལས་ བར་སྐབས་ གཅིག་ན་ འབྲས་ལྗོངས་ རྒྱལ་གཞུང་ སློབ་གྲྭའི་ ནང་ལོ་ འཇི༹ན་གྱལ་ བརྒྱད་བར་ སློབ་སྦྱོངས་ སྦྱང་བཞིན་པའི་ དུས་སྐབས་ ལོག་ཅན་ པདྨ་ ཡང་རྩེའི་ དགོན་པོ་ལས་ དབེན་ཅན་ སློབ་གྲྭ་ལོ་ སློབ་སྦྱོངས་ གནང་བ་ འགྱུ་དགོས་པོའི་ བཀའ་བརྒྱ་ བྱུང་བོ་ལྟར་ བྱོན་སྡི་ དབེན་ཅན་ སློབ་གྲྭ་ལོ་ བོད་ཡིག ཧིན་དི། དབྱིན་ཇི་ འདི་ལས་ འབྱུང་རྩིས་ དཀར་ནག་སོགས་ ལོ་ངོ་ བརྒྱད་བར་ སློབ་སྦྱོངས་ བརྩོན་ཞུས་ བྱུང་། ཡིག་རྒྱུགས་ གཅ༹ང་དག་ འཁྱོལ་པོ་ དང་ ལམ་སང་ ཤེས་རིག་ ལེ་ལག་ལས་ ཁོང་ལོ་ སྐད་རིགས་ སློབ་དཔོན་ བསྐོ་བཞག་ གནང་བའི་ བཀའ་བརྒྱ་ བྱུང་བོའི་ དོན་བཞིན་ ལྷོ་ འབྲས་ལྗོངས་ འབེན་ གྱོང་གསེབ་ སློབ་གྲྭ་ན་ ༡༩༦༦ ཟླ་བོ་ ༧ པོ་ལས་ ལོ་ངོ་ གསུམ་ཟང་ ཞབས་ ཞུས་རྗེས་ ཕྱི་ལོ་ ༡༩༦༨ ལོར་ ནུབ་ འབྲས་ལྗོངས་ རྒྱལ་ཞིང་ སློབ་གྲྭར་ གནས་སྤོས་ ཐོན་སྡི་ ཨོ་ན་ ལོ་ངོ་ བཅུ་གཉིས་ཟང་ གཞུང་ཞབས་ ཞུས་བོ་ གནང་འདུག
འདི་ལས་ ༡༩༧༧ ལོར་ སྒང་ཏོག་ལོ་ སྐད་རིགས་ སློབ་དཔོན་གྱི་ སྦྱང་བརྡར་ གནང་བ་ལོ་ བྱོན། སྦྱང་བརྡར་ ཆ༹ར་བའི་ མཐར་ ཡིག་རྒྱུགས་ ཕུལ། ཡིག་རྒྱུགས་ཀྱི་ སྒྲུབ་འབྲས་ན་ ཨང་ གཉིས་པོ་ ཐོབ་པའི་ མཐར་ ལེ་ལག་ རྒྱུད་སྟི་ སྐད་རིགས་ སློབ་དཔོན་ རྒན་བོའི་ གོ་གནས་ འཕར་སྟི་ རྒྱལ་ཞིང་ སློབ་གྲྭ་ལས་ ཀ་ལུག་ འབྲིང་རིམ་ སློབ་གྲྭ་ལོ་ བཏང་བོ་ གནང་སྡི་ ཨོ་ན་ ཞབས་ཞུས་ ཡོད་འདུག ཨོ་འདིའི་ དུས་ལོ་ འབྲས་ལྗོངས་ འདི་ ཆོས་རྒྱལ་གྱི་ རང་དབང་ ཡོད་པའི་ རྒྱལ་ཁབ་ ཅིག་ ཨིན་རུང་ གཞུང་གི་ སློབ་གྲྭ་ན་ བོད་སྐད་ སླབ་བཞིན་ ཡོད་པོ་ སྦད། ཕྱི་ལོ་ ༡༩༧༨ ལོར་ ཤེས་ཡོན་ ལེ་ལག་ལས་ ཁོང་ལོ་ རྒྱ་གར་ ལྷོ་ཕྱོགས་ Mysore ལོ་ ལྷོ་པའི་ སྐད་ཡིག་ བཅོས་པའི་ དོན་ལོ་ བཏང་སྡི་ ལྷོ་པའི་ སྐད་ཡིག་ ལྟ་འཆོ༹ལ་བོ་ ལྕམ་ འཇོ་ཡི་རེ་སྒྲི་ མཆོག་གི་ འོག་ལོ་ ལྷོ་པའི་ སྐད་ཡིག་ དེབ་ དང་པོ་ འདི་ ཁོང་གིས་ སྦྱོང་བརྡར་ལོ་ བརྟེན་སྡི་ བཟོ་ཚུགས་པོ་ སྦད། སྦྱོང་བརྡར་ ཨོ་འདིའི་ ཉམས་མྱོང་ལོ་ བརྟན་སྡི་ དེབ་བཅོས་ ཤད་ལོ་ ལེབ་སྟི་ འཇམ་པོ་ ཐོན་བོ་ ཨིན་སེ་ གསུངས།
ཕྱི་ལོ་ ༡༩༧༥ ལས་ འབྲས་ལྗོངས་འདི་ དམངས་སྐུར་ རྒྱལ་ཁབ་ ཆགས་པོ་ མི་ཆ༹ད་ རྒྱ་གར་ ཞིང་ཆེན་གྱི་ མངའ་སྡེ་ ༢༢ པོ་ བྱུང་བོ་ལས་ རྒྱ་གར་ གཞུང་ལས་ སློབ་གྲྭའི་ འགྲོ་སྟངས་ སེ་ཀེན་ཌེ་རི་ ཐོག་ཀྱི་ ཁྲིམ་ལུགས་ ནང་ལྟར་ སློབ་གྲྭ་ ཐམས་ཅད་ ནང་ལོ་ Three language formula [ Hindi, English, Mother Language] སློབ་སྦྱོངས་ བྱ༹ས་ དགོས་པའི་ བཀའ་བརྒྱའི་ དོན་བཞིན་ རྩད་གཅོད་ གནང་སྐབས་ ལྷོ་པོ་ཙུའི་ སྐད་ཡིག་ འདི་ བོད་སྐད་ སླབ་བཞིན་ ཡོད་པོ་ ཤེས་སྟི་ ལྷོ་པ་ལོ་ ལྷོ་སྐད་ སླབ་དགོས་པའི་ བཀའ་བརྒྱའི་ དོན་བཞིན་ སྐུ་ཞབས་ ནོར་ལྡན་ ཆེ༹་རིང་ དགོན་གསར་པོ་ སྐད་རིགས་ དབུ་འཇི༹ན་གྱི་ ཐུགས་འགན་ གནང་བཞིན་ ཡོད་མཁན་ མཆོག་གིས་ བོད་ཡིག་ ཁོ་རའི་ གཞི་ བཞག་སྟི་ ལྷོ་པའི་ སྐད་ལོ་ དེབ་ འཇི༹ན་གྱལ་ དང་པོ་ དང་ གཉིས་པོ་ བྲི་བོ་ གནང་བོ་ མི་ཆ༹ད་ ཞིང་བཤགས་ སྐུ་ཞབས་ དཔལ་ལྡན་ ལ་ཅུང་པོ་ མཆོག་གིས་ འཇི༹ན་གྱལ་ གསུམ་པོ་ དང་ བཞི་པོ་ བཅོས་པོ་ གནང་། འདི་ལས་ ཁོང་ སྤོ་ལོན་ ལེན་སྡི་ སྡེ་ཆ༹ན་ གཞན་ཁ་ལོ་ བྱོན་ འདུག །
ཨོ་འདིའི་ སྐབས་ལོ་ ལས་ཁུངས་ ནང་ལོ་ ལྷོ་སྐད་ བྲི་མཁན་ མེད་པར་ ལུས་ ཡོད་ཟང་ ལས་ཁུངས་ལས་ ཁོང་ལོ་ ལྷོ་སྐད་ བྲི་བའི་ དོན་ལོ་ ལས་ཁུངས་ལོ་ བཀའ་གནང་བོ་ བཞིན་ ཁོང་ཡང་ བཅར་ འདུག ༡༩༨༢ ལོར་ ཁོང་ ལྷོ་སྐད་ རྩོམ་དཔོན་ལོ་ བྱོན་སྡི་ ལྷོ་སྐད་ བྲི་ཤད་ འགོ་ བཙུགས་པའི་ སྐབས་ ལྷོ་པའི་ དག་ཡིག་ དང་ སུམ་རྟགས་ཀྱི་ འགྱུ་སྟངས་ ག་རེ་ མེད་པའི་ ཨོ་ན་ བྲིས་ ཡོད་པའི་ དཔེ་ཆ་ སྔོན་མོ་ཙུ་ གཟིགས་སྟི་ ཁོང་ ལེབ་སྟི་ ཧ་ལས་ འདས་པོ་ བྱུང་འདུག འདི་ལས་ ཁོང་གིས་ འབྲས་ལྗོངས་ ཆོས་རྒྱལ་ ཆེན་པོའི་ བཀའ་སློབ་པོ་ འབར་ཉག་ ཨ་ཐིང་ J.T.་Densapa མཆོག་ དང་ ཡར་པོ་ ཤེས་རབ་ རྒྱལ་མཆ༹ན་ ལྷན་རྒྱས་ གཉིས་ཀྱི་ སྐུ་མདུན་ལོ་ བཅར་སྡི་ ལྷོ་སྐད་ལོ་ བྲི་དགོས་ ཀམ? བྲི་ མིན་དགོས? སྐོར་ལོ་ བཀའ་སློབ་ ཞུས་བའི་ སྒང། ཨ་ཐིང་ མཆོག་གིས་ “ལྷོ་སྐད་ བྲི་ཤད་ ལེབ་སྟི་ ཕྱི༹་ཆ༹ར་བོ་ སྦད། འདི་ བྲི་རང་ བྲི་དགོས། སྔོན་མ་ སློབ་དཔོན་ རིག་འཇི༹ན། སློབ་དཔོན་ རྩིས་པོ་ སློབ་བཟང་། ཆེ༹་དབང་ རྡོ་རྗེ་ དང་ ང་རང་ ལོ་གཞོན་བའི་ སྐབས་ལོ་ ང་ཅག་གིས་ ལྷོ་སྐད་ ནང་ལོ་ ཟློས་གར་ ཁྲབ་སྟོན་ཅིག་ བཟོས་སྟི་ གཞུང་ མཆོག་ལོ་ གཟིགས་འབུལ་ ཞུ་སྐབས་ ལྷ་ཡུམ་ སྐུ་ཞོགས་ མཆོག་གིས་ འཁྲབ་སྟོན་ འདི་ བོད་སྐད་ན་ མན་བཞག་ཀར་ ལྷོ་སྐད་ན་ གན་བྱ༹ས་སྟི་ བྱ༹ས་བོ? སེ་ བཀའ་སྐྱོན་ གནང་བོ་ སྦད། ཨོ་འདིའི་ སྐབས་ལོ་ མི་སེར་ མགོ་ལོང་ མེད་པོ་ སྦད། “རྒྱལ་གཏམ་ ཆི༹ག་གཅིག་ སྦད།“ ཨོ་ན་ལས་ ལྷོ་སྐད་ དོན་ཆ༹ན་ འདི་ མཆ༹མས་བཞག་ ལུས་ དགོས་པོ་ བྱུང་བོ་ ཨིན་ཟང་ ང་ཅག་གིས་ ལྷོ་སྐད་ དོན་ལོ་ མན་བྱ༹ས་བོ་ མན་ ང་ཅག་ལོ་ ཁོ་ཅག་གིས་ དགོངས་འཁྲེལ་ མ་གནང་ ཨིན་ནོ། སེ་ གསུང་བོ་ གནང་འདུག
ཡར་པོ་ ཤེས་རབ་ མཆོག་གིས་ སློབ་དེབ་ ཡང་ ཞུ་དག་ གནང་ འདུག ཁོང་གིས་ འཇི༹ན་གྱལ་ བདུན་པའི་ སློབ་དེབ་ ནང་ལོ་ ཡོད་པའི་ ཆི༹གས་བཅད་ “སྐྱིད་པའི་ རང་ཡུལ” ལབ་མཁན་ འདི་ ཁོང་གི་ བཀའ་རྩོམ་ ཨིན་འདུག གདན་ཆ༹བ་བོ་ མཆོག་གིས་ རང་ པདྨ་ ཡང་རྩེ་བོ་ སྦད་ཤོ། པདྨ་ ཡངས་རྩེའི་ དགོན་པོ་ ནང་ལོ་ ལྷོ་པོའི་ བསྟན་པོ་ ངོ་མ་འདི་ ཡོད་པོ་ སྦད། ཨོ་ཁའི་ སྐད་འདི་ དག་དྲགས་ ཡོད་པོ་ སྦད། ད་ རང་གིས་ ལྷོ་སྐད་ བྲི་སེ་ གསུང་བོ་ དོན་བཞིན་ སྐུ་ཞབས་ པདྨ་ རིག་འཇི༹ན་ མཆོག་གིས་ འགོ་དང་པོ་ ལྷོ་སྐད་ཀྱི་ བརྡ་དག་ སུམ་རྟགས་ དང་ བྲི་རྩོམ་གྱི་ དེབ་ དག་ཡིག་ཙུ་ སྒྲིགས་ཀོ་ གནང་། འདི་ལས་ སློབ་དེབ་ འཇི༹ན་གྱལ་ དང་པོ་ལས་ རིམ་པོ་ བཞིན་གྱི་ མཐོ་རིམས་ སློབ་གྲྭ་བར་ལོ་ ཆི༹གས་བཅད། ཆི༹ག་ལྷུག ཁ་སྐོང་ སློབ་དེབ་ཙུ་ རྩོམ་བོ་ གནང་ འདུག ཁོང་གིས་ རྩོམ་ ཡོད་པའི་ སུམ་རྟགས་ དང་ དག་ཡིག་ འདི་ཙུ་ མཐོ་རིམ་ དང་ གཙུག་ལག་ སློབ་གྲྭའི་བར་ གོ་ཆོད་པོ་ བྱ༹ས་སྟི་ བྲི་བོ་ གནང་ ཡོད་པོ་ སྦད།
འདིས་ མི་ཆ༹ད་པོ་ ཁོང་གིས་ དབྱར་ཁ་ལོ་ ཆེ༹་པོ་ མ་བསམ་ འདི་ལས་ དགུན་ལོ་ གྱང་ངད་ལོ་ མ་འཚེར་བོ་བྱ༹ས་ ལྷོ་པའི་ བསྟན་པོ་ རྒྱས་པར་ བཙུགས་ཀོའི་ དོན་ལོ་ སྐད་རིགས་ སློབ་དཔོན་ ཆེ་ འབྲིང་ ཆུང་ གསུམ་ཙུ་ཀིས་ སྐད་རིགས་ཀྱི་ དེབ་ བྲི་ ཡོད་པོ་ཙུའི་ ནང་ལོ་ ཡོད་པའི་ ཆི༹ག་སྒྲ་ ལེན་སྟངས་ དང་ རང་སྐད་ལོ་ འཇེབ་དྲགས་ ནང་ལོ་ སླབ་པའི་ དོན་ལོ་ ཁོང་གིས་ སྐུ་ལས་ རྒྱ་ཆེན་ གནང་སྡི་ སླབ་སྟངས་ཀྱི་ སྦྱོངས་བརྡར་ཙུ་ གསུམ་རྟགས་ གསར་པོའི་ ངོ་སྤྲོད་ཙུ་ ཡང་ གནང་ འདུག འདི་ མི་ཆ༹ད་པོ་ ཆི༹ག་གི་ བར་བར་ན་ ལྷོ་སྐད་ཀྱི་ ཆི༹ག་ གསར་པོ་ཙུའི་ སྦྱངས་བརྡར་ཙུ་ཡང་ ཁོང་ གཞུང་ཞབས་ལས་ གྲོལ་རུང་ ལྷོ་སྐད་ བྲི་བའི་ ཕྱག་ལས་ལས་ མན་གྲོལ་བར་ མུ་མཐུད་སྟི་ ཉིན་ནུབ་ གཅིག་ བྱ༹ས་སྟི་ སློབ་དཔོན་ སྦྱོང་བརྡར་གྱི་ དེབ་ཙུ་ བྲི་བཞིན་ ཡོད་སེ་ ཡང་ ཁོང་རང་གིས་ གསུང་བཞིན་བོ་ ཨིན། CBSE ལས་ ཕྱི་ལོ་ ༡༩༨༤ ལས་བཟུང་སྡི་ འཇི༹ན་གྱལ་ བཅུ་གཉིས་བར་ ལྷོ་ མོན་ དང་ གཅོ༹ང་ གསུམ་པོ་ འབྲས་ལྗོངས་ཀྱི་ སློབ་གྲྭ་ཙུ་ལོ་ སླབ་ མཆོག་ཀོའི་ ངོས་ལེན་ ཐོབ་པོ་ སྦད། འདི་ལས་ ཕྱི་ལོ་ ༢༠༠༡ ལོ་ལོ་ ཁོང་ སྐད་རིགས་ སྡེ་ཆ༹ན་གྱི་ ཟུང་འབྲེལ་ དབུ་འཇི༹ན་ གནང་སྡི་ བཞུགས་པའི་ སྐབས་ལོ་ ལྷོ་ མོན་ གཅོ༹ང་གསུམ་པོའི་ སྐད་རིགས་ འདི་ ཕྱི་ལོ་ ༢༠༠༡ ན North Bengal University ཀྱི་ ངོས་ལེན་ གནང་བའི་ སྐྱབས་འཇུག་ དང་ ཞུ་བ་ ཕུལ་ ཡོད་པོའི་ དོན་བཞིན་ ངོས་ལེན་ ཐོབ་དུས་ སྐད་རིགས་ འདི་ གཞི་རིམ་ སློབ་གྲྭ་ལས་ མཐོ་རིམ་ སློབ་གྲྭའི་ བར་ལོ་ སྐྱེལ་ཚུགས་པོ་ འདི་ ཁོང་ ལྷན་རྒྱས་ཙུའི་ སྐུ་ལས་ གྱང་མེད་ལོ་ བརྟན་བོའི་ གྲུབ་འབྲས་ཅིག་ ཨིན་བོ་ སྦད།
ད་ལྟ་ ཕྱི་ལོ་ ༢༠༡༦ ལོ་ ལྷོ་སྐད་ འདི་ ཡར་རྒྱས་ ཐོན་བཞིན་ སོང་སྡི་ གཙུག་ལག་ ཆེན་མོ་ལོ་ ཡང་ སླབ་ ཐོབ་པའི་ སྣང་བ་ ཐོབ་ ཡོད་པོ་ སྦད། འདི་ དང་ འབྲེལ་སྡི་ རྩོམ་བྲི་པོ་ ཀེས་པོ་ ཅིག་ ཉིན་ལས་ཉིན་ མང་བཞིན་ འགྱུ་དོ་ སྦད། ལ་ལ་ཀིས་ སྒྲུང, ཆི༹གས་བཅད, ཆི༹ག་ལྷུག, རྣམ་མཐར, རྒྱལ་རབས, ཕབས་བསྒྱུར་ ལ་སོགས་ སྣ་ཚོགས་ མ་ཅིག་ཀོ་ བྲི་བཞིན་ ཡོད་པོ་ སྦད། སྐྱེས་རབས་ འདི་ བྲི་མཁན་ ང་ ཀརྨ་ བློ་བཟང་གིས་ ཡང་ ཕྱི་ལོ་ ༢༠༡༣ ལོ་ལོ་ དེབ་གཉིས་ མཉམ་ཅིག་ལོ་ བྲིས་སྟི་ སྐད་རབས་ ཡར་རྒྱས་ ཆོ༹གས་པོའི་ རོགས་རམ་ལས་ ཆ༹ག་པར་ ཞུས་སྟི་ དམངས་ཆོ༹གས་ཀྱི་ སྐུ་མདུན་ལོ་ བཏོན་བོ་ ཨིན། གཏམ་ འདི་ཙུ་ ངས་ཀིས་ འདིར་ གན་བྱ༹ས་ བརྗོད་པོ་ སེ་ན་ ང་ཅག་ བྲི་མཁན་ཙུ་ཀིས་ བྲི་ཚུགས་ཤད་ཀྱི་ གཞི་ གཅོ༹་བོ་ འདི་ སྐུ་ཞབས་ པདྨ་རིག་ འཇི༹ན་ མཆོག་གིས་ སུམ་རྟགས་ཀྱི་ ལམ་སྟོན་ གནང་ ཡོད་པོ་ འདིའི་ ཐུགས་རྗེ་ལོ་ བརྟན་སྡི་ ཨིན་བོ་ ཧ་གོ་ དགོས་པོ་ ལེབ་སྟི་ གལ་ཆེན་ ཡོད། མི་ཆ༹ད་ ལྷོ་པའི་ བསྟན་པོ་ ཉམས་གསོ་ ཐོན་བོ་ དང་ ལྷོ་པའི་ སྐད་རིགས་ སློབ་དཔོན་ ཡོད་ཆ༹ད་ཀྱི་ འཆོ༹་ཐབས་ཙུ་ ཁོང་གི་ བཀའ་དྲིན་ལས་ འཐོན་བོ་ རྒན་བཞོན་ ལྷན་རྒྱས་ ཐམས་ཅད་ཀྱིས་ ཐུགས་འཇགས་ གནང་སྡི་ ཁོང་ དང་ ཁོང་གི་ སྐུ་དྲིན་ཙུ་ དུས་ ནམ་ལོ་ཡང་ མན་བརྗེད་པར་ ལྷོ་པོ་ ཡོངས་ཀྱིས་ ཁོང་ལོ་ དྲིན་ཆོ༹ར་ གནང་དགོས་པོ་ ལེབ་སྟི་ གལ་ཆེན་ འདུག
ཁོང་གིས་ གསུང་བོ་ གནང་ལྟར་ ལྷོ་སྐད་ འདི་ རྩོམ་བྲིས་ སྐབས་ལོ་ ཆོས་ དང་ སྐད་ གཉིད་ཀ་ལོ་ གོ་ཆོད་པོ་ བྱ༹ས་སྟི་ བཅོས་ ཡོད། ག་ལྟེ་སེ་ན་ ཡི་གེའི་ གཟུགས་ དང་ དག་ཆ་ལོ་ མན་བསྒྱུར་བར་ སྒྲ་བསྒྱུར་སྡི་ སླབ་ དགོས་པོ། དཔེར་ནཿ- བོད་ལོ་ཡང་ ལྷ་སའི་ སྒྲ་ དང་ ཁམས་པའི་ སྒྲ་ ཁག་ཁག་ ཡོད་པོ་ སྦད། བོད་ སྟོད་སྨད་ གཉིས་པོའི་ སྒྲ་ ཡང་ ཁག་ཁག་ ཡོད། ཨོ་འདིས་ ཨིན་ཟང་ ལྷོ་སྐད་ དང་ བོད་སྐད་ གཉིས་པོ་ ཆི༹ག་ བརྒྱ་ཆ་ ༧༥ – ༨༠ ཅ༹མ་ འདྲ་བོ་ རང་ ཡོད། སེ་ གསུང་ གནང་བོ་ ཨིན།
༡༽ འཇི༹ན་གྱལ་ གཞི་རིམ་ལས་ མཐོ་རིམ་ གཙུག་ལག་ སློབ་གཉེར་ བར་གྱི་ སུམ་རྟགས་ཀྱི་ དེབ་ ཐམས་ཅད་ སྐུ་ཞབས་ པདྨ་ རིག་འཇི༹ན་ མཆོག་གིས་ རང་ བྲིས་ གནང་བོ་ སྦད། སུམ་རྟགས་ བྲི་བའི་ སྐབས་ལོ་ ཁོང་ ཐོན་མི་ སཾ་བྷོ་ཊའི་ ཡི་གེའི་ འགྱུ་སྟངས་ལོ་ དུས་ [ཆ༹་ལག/སྒྲ་རྟགས] འདི་ ཡི་གེ་ ཅ་ཆ་ཇ་ སྟེང་ལོ་ སྦྱར་སྡི་ ཅ༹་ཆ༹་ཇ༹་ ཐོན་འདུག ཆ༹་ལག་ འདི་ ག་ན་ རྐྱབས་པོ་ ཨོ་ན་ ཡི་གེའི་ སྒྲ་བསྒྱུར་སྡི་ འགྱུ་བོ་ ཨིན་ཟང་ ཁོང་གིས་ ལྷོ་སྐད་ན་ ཡོད་པའི་ ཆི༹ག་ ཁྱིམ་ཕྱ༹ག གཡོག་མྱོ༹ང་། སྤྱི༹འུ། པྱ༹་ཀ། བྱི༹ན། འདི་ལས་ ཀྲི༹ས་ཎ། ཤྲི༹་ལང་ཀ། ལ་སོགས་པའི་ ཆི༹ག་ཙུ་ལོ་ བྲི་ཤད་ཀྱི་ དོན་ལོ་ ལྷོ་སྐད་ན་ ཡ་བཏགས་ ཆ༹་ལག་ཅན་ བཞི་ དང་ ར་བཏགས་ ཆ༹་ལག་ཅན་ བརྒྱད་ཙུ་ རྩོམ་པོ་ གནང་བོ་ སྦད།
༢༽ བོད་ཡིག་ན་ ཡང་འཇུག་ གཉིས་ མན་བོ་ མེད་རུང་ ལྷོ་སྐད་ན་ ཡང་འཇུག་ བཞི་ ཁོང་གིས་ རྩོམ་པོ་ གནང་བོ་ སྦད། ཡང་འཇུག་ བཞི་པོ་ནེཿ ད་ བ་ མ་ ས་ ཨིན། ལྷོ་སྐད་ན་ ཡོད་པའི་ འོགམ། ཞོགབ། དོདམ། རོལམ། ཆོདབ། སྲསམ། ཇགམ། ཞརམ། ལ་སོགས་པའི་ ཆི༹ག་ཙུ་ལོ་ བྲི་ཚུགས་པའི་ དོན་ལོ་ ཡང་འཇུག་ བ་ དང་ མ་ གཉིས་པོ་ གལ་ཆེན་ ཡོད་པོའི་ སྐོར་ལོ་ཡང་ ཁོང་གིས་ མཁྱེན་བོ་ གནང་སྡི་ འདེ་ བཟོ་བོ་ གནང་བོ་ མི་ཆ༹ད་ སྐད་རིགས་ སྡེ་ཆ༹ན་ན་ ཕྱི་ལོ་ ༡༩༨༣ ལས་ ༢༠༠༣ བར་ ལྷོ་པའི་ སྐད་ཡིག་ལོ་ ཡར་རྒྱས་ བཏང་བཞིན་རང་ ཁོང་ གཞུང་ཞབས་ལས་ གྲོལ་བོ་ གནང་ འདུག འདི་ལས་ ཕྱི་ལོ་ ༢༠༠༨ – ༢༠༡༡ ལོ་ངོ་ ལྔའི་ རིང་ འབྲས་ལྗོངས་ སྐད་རབས་ ཡར་རྒྱས་ ཚོགས་པའི་ སྤྱི་ཁྱབ་ དྲུང་ཆེན་གྱི་ གོ་གནས་ཡང་ འཛིན་སྐྱོང་ གནང་འདུག
༣༽ དེང་སང་ འབྲས་གཞུང་ སློབ་གྲྭའི་ ནང་ལོ་ སླབ་བཞིན་པའི་ ལྷོ་སྐད་ སློབ་དེབ་ མང་ཆེ་ཤོས་ ཁོང་ རང་གི་ མངའ་འོག་ལོ་ རྩོམ་སྒྲིག་ གནང་སྡི་ བཟོ་བཞག་ ཡོད་པོ་ འདི་ཙུ་ར་ བེད་སྤྱོད་ བྱ༹ས་ བཞིན་པོ་ ཨིན། མི་ཆ༹ད་ ༡༩༨༣ ལས་ ༡༩༩༨ བར་གྱི་ དུས་ལོ་ ཨོ་ན་ མཛུབ་མནེན་ ལྕགས་སྤར་ དང་ ཀོམ་པུ་ཀྲོར་ ལ་སོགས་ཀྱི་ ཁེས་ཕན་ མེད་པར་ དེབ་ ཐམས་ཅད་ ཁོང་རང་གིས་ ཕྱག་གི་ བྲིས་སྟི་ དེབ་ཙུ་ བཏོན་བོ་ གནང་ ཡོད་པོ་ སྦད། གཏམ་ འདེམ་ཙུ་ལོ་ མནོ་བསམ་ སྟངས་ནེ་ ཁོང་ འདེམ་ སྐྱེས་བུ་ ལྷོ་སྐད་ དོན་ དང་པོ་ན་ དར་ཁྱབ་ བྱུང་ཚུགས་པོ་ དང་ འདི་ལོ་ སྐད་རིགས་ གཞན་ གན་གྱིས་ཡང་ བརྙེས་བཅོས་ དང་ མནེན་བརྗོ༹བ་ བྱ༹ས་ མ་ཚུགས་པོ་ ལྷོ་རིགས་ཙུའི་ ཡིག་ཆ་ ཆ་ཆ༹ང་ བཟོ་བའི་ དོན་ལོ་ འདེམ་ སྐུ་ལས་ རྒྱ་ཆེན་ གནང་བོ་ ཨིན་ཟང་ ཁོང་ སྐུ་ཞབས་ པདྨ་ རིག་འཇི༹ན་ མཆོག་ འབྲས་ལྗོངས་ ལྷོ་པོ་ ཡོངས་ཀྱི་ སྲོག་ཤིང་ དང་ སྙིང་ འདེམ་ ཨིན་བོ་ ང་ཅག་གི་ ཧ་གོ་ དགོས།
ཁོང་གི་ རྩོམ་ གནང་ ཡོད་པའི་ དེབ་ ཁ་ཤེས་ ཅིག་གི་ མིང་ འོག་ལོ་ བཀོད་ཡོད།
༡༩༩༠ སྐད་རིགས་ སློབ་དཔོན་གྱི་ སློབ་དཔོན་གྱི་ སློབ་འཁྲིད་ དངོས་རྫས། དེབ་ དང་པོ།
༡༩༩༥ ལོ་ན་ ལྷོ་སྐད་ ཆི༹ག་མཇོ༹ད་ ཆ་ཆུང་བོ་ གཅིག་ རྩོམ་སྡི་ བཏོན་ གནང་བོ་ སྦད།
༢༠༠༡ ལོ་ན་ སྐུ་ཞབས་ ནོར་ལྡན་ དང་ འབྲེལ་སྡི་ ལྷོ་སྐད་ དབྱིན་ཇི་ ཨིན་བོའི་ ཆི༹ག་མཇོ༹ད་ གཅིག་ བཏོན་ གནང་བོ་ སྦད།
༢༠༡༣ ལོ་ན་ ཁོང་ རང་གིས་ ལྷོ་སྐད་ཀྱི་ ཆི༹ག་མཇོ༹ད་ རྒྱས་པོ་གཅིག་ བྲི་སྟི་ བཏོན་བོ་ གནང་བོ་ སྦད།
ང་ཅག་ ལྷོ་རིགས་ ཐམས་ཅད་ཀྱི་ རྩ་ལས་ སྐུ་ཞབས་ པདྨ་ རིག་འཛིན་ མཆོག་གི་ སྐུ་ཚེ་ ཉི་ཟླ་ མཉམ་པོ་ མཚན་སྙན་ འཛམ་གླིང་ ཕྱོགས་བཅུ་ ཁྱབ་པའི་ ཐུགས་སྨོན་ ཞུ༎ ཐུགས་རྗེ་ཆེ༎
གངས་འཛེག་ཀོ་ བསོད་ནམས་ རྒྱ་མཚོ།
སྙིང་སྟོབས་ འགྲན་ཟླ་ མེད་པའི་ བདག་ཀུ་ སྐུ་ཞབས་ བསོད་ནམས་ རྒྱ་མཚོ་ མཆོག་ནི་ སྤྱིར་ འཛམ་གླིང་ རྒྱལ་ཡོངས་ ནང་ལོ་ དང་ ལྷག་པར་གྱི་ འབྲས་ལྗོངས་ ལྷོ་པའི་ མི་རིག་ཙུའི་ དོན་ལོ་ སྤྱན་ལྟོས་ བཟང་པོ་ སྟོན་བོ་ གནང་མཁན་ ལྷོ་པའི་ དཔའ་བོའི་ གྲས་ཅིག་ ཨིན།སྐུ་ཞབས་ བསོད་ནམས་ རྒྱ་མཚོ་མཆོག་ ཡབ་རིག་འཛིན་ དངོས་སྒྲུབ་ དང་ ཡུམ་ ལེགས་འཛོམ་གཉིས་ཀྱི་ སྲས་ལོ་ ཕྱི་ལོ་ ༡༩༢༢ ལོ་ན་ ལྷོ་ འབྲས་ལྗོངས་ གྱོ་ཞིང་ལོ་དཀར་ཚོགས་པའི་ མི་ཚང་ གཅིག་ན་ སྐུ་འཁྲུངས་པོ་ སྦད། མིང་སྲིང་ ལྔའི་ ནང་ལ་སྲས་ རྒན་ཤོག་འདི་ ཁོང་ ཨིན་འདུག
ཕྱི་ལོ་ ༡༩༤༦་ ནང་ འབྲས་གཞུང་གི་ མངའ་འོག་ལོ་ ལ་ཆུང་ སློབ་གྲྭ་ན་ སློབ་དཔོན་གྱི་ ཕྱག་ལས་ གནང་བཞིན་ ཡོད་པོ་ ཨིན་རུང་ རྒྱབ་མ་ ཕྱི་ལོ་ ༡༩༤༩ རྒྱ་གར་གྱི་ གནམ་དམག་ ནང་ལོ་ ཞུགས་ཀོ་ གནང་འདུག ཕྱི་ལོ་ ༡༩༥༤ ལོར་ H.M.I རྡོར་རྗེ་ གླིང་ལོ་ གངས་འཛེག་ཀོའི་ སྐོར་ལོ་ སྦྱོར་བརྡར་ བྱ༹ས་ཤད་ཀྱི་ གོ་སྐབས་ བཟང་པོ་ ཐོབ་པོ་ དང་ མཉམ་པོ་ གངས་འཛེག་ དཔའ་བོ་ ཐོན་ཤད་ཀྱི་ གོམ་པོ་ དང་པོ་ དུས་ འདིའི་ སྐབས་ལས་ འགོ་བཙུགས་ འདུག
ཕྱི་ལོ་ ༡༩༥༨ ལོར་ ཐོ་ཚད་ ༢༦,༧༥༠ ཕིཊ་ ཡོད་པའི་ གངས་མཚོ་ དབུ་ཡུ་ ལབམཁན་ འཛེག་ཀོ་ གནང་ འདུག འདི་ལས་ ཕྱི་ལོ་ ༡༩༦༡ ལོར་ གངས་ ཨན་ན་པུར་ན་ ཐོ་ཚད་༢༤,༨༥༨ གསུམ་པོ་ འཛེག་ཀོ་ གནང་བོ་ སྦད། ལོ་ན་ འདིའི་ ཟླ་བ་ བཅུ་པའི་ སྐབས་ལོ་ གངས་ཆེན་ མཛོད་ལྔའི་ ནུབ་ཕྱོགས་ བྱང་ འབྲས་ལྗོངས་ རྒྱུད་སྟི་ གངས་འཛེས་ཀོ་ ཀེས་པོ་ གཅིག་གི་ དབུ་འཁྱིད་ གནང་སྡི་ གངས་ ཐོ་ཚད་ ༢༢,༥༠༠ ཕིཊ་ ཡོད་པོ་ འདི་ འཛེག་ཀོ་ གནང་འདུག
ཕྱི་ལོ་ ༡༩༦༠ དང་ ༡༩༦༢ ལོར་ རྒྱ་གར་ལས་ ཇོ་མོ་ གླང་རི་ Everest འཛེག་མཁན་གྱི་ ཚོགས་པའི་ འཐུས་མིའི་ གྲས་གཅིག་ ཨིན་བོ་ དང་ དེའི་ སྐབས་ལོ་ ཇོ་མོ་ གླང་རིའི་ རྩེ་མོ་ལོ་ འཛེག་ མ་ཚུགས་རུང་ གངས་ ཐོ་ཤོས་ བར་ འཛེག་ ཚུགས་པོ་ ཐོན་འདུག ཕྱི་ལོ་ ༡༩༦༣ ཕྱི་ཟླ་ ༥་ སྐབས་ལོ་ མི་བདུན་གྱི་ དབུ་མཁྱིད་ གནང་སྡི་ གངས་ གླང་ཆེན་ ཡང་ན་ Hathi Parvat Garwal ལབ་ས་ལོ་ བྱོན་བོ་ གནང་སྡི་ ཐོ་ཚད་ (༢༢,༨༥༠) ཡོད་པའི་ གངས་འཛེག་ཀོ་ གནང་བོ་ སྦད། ཡང་འདིའི་ རྒྱབ་ལས་ ཕྱི་ལོ་ ༡༩༦༥ ལོར་ འབྲས་ལྗོངས་ཀྱི་ གླང་བོ་ ཆུང་ ལབ་མཁན་ རྒྱ་བལ་ ས་ཚམ་ལོ་ ཡོད་པའི་ གངས་ ཐོ་ཚད་ (༢༡༨༥༠)ཕིཊ་ ཡོད་པོ་ འདི་ཡང་ འཛེག་ཀོ་ གནང་འདུག
ལམ་སང་ འདིའི་ རྒྱབ་ལས་ འབྲས་ལྗོངས་ཀྱི་ སྔོན་མ་ ཀ་ཡང་ འཛེག་ མ་མྱོང་པའི་ ར་མཐོང་ རྩེ་ན་ མི་དྲུག་ འཁྱིག་སྟི་ འཛེག་ཀོ་ གནང་བོ་ སྦད།
ཕྱི་ལོ་ ༡༩༦༥ ནང་ རྒྱ་གར་ལས་ གངས་ ཇོ་མོ་ གླང་མོ་ འཛེག་ཤད་ཀྱི་ དོན་ལོ་ གོ་སྒྲིག་ གནང་ ཡོད་པའི་ འཐུས་མིའི་ གྲས་ལོ་ ཁོང་ཡང་ རང་བཞིན་གྱི་ ཚུད་ ཡོད་པོ་ དང་ རང་ལོ་ ༤༢ སྐབས་ ཇོ་མོ་ གླང་མ་ གངས་ལོ་ འཛེག་སྟི་ སྐར་མོ་ ༥༠་ བར་ བཞུགས་སྟི་ ཨོ་འདིའི་ དུས་ཚོད་ སྒང་ མིང་གཏམ་ བཞག་ཀོ་ གནང་བོ་ སྦད། ཁོང་གི་ འདེ་ གནང་ཚུགས་པོའི་ ནུས་པོ་འདི་ ཀརྨ་ སྐུ་འཕྲེང་ བཅུ་དྲུག་པོ་ དང་ ལ་ཆུང་ རིན་པོ་ཆེ་ གཉིས་ཀྱི་ ཐུགས་སྨོན་ དང་ ཐུགས་རྗེ་ བཀའ་དྲིན་ལོ་ རྟེན་སྡི་ཨིན་སེ་ གསལ་ཤད་ གནང་འདུག།
ཁོང་གིས་ ཕྱག་ལས་འདི་འདེམ་ མང་དྲགས་ ནང་ལོ་ གྲུབ་འབྲས་ ཐར་ཕྱིན་པོ་ ཐོན་ ཡོད་པོ་ ཐམས་ཅད་ལོ་ གཞི་བཞག་སྟི་ ཕྱི་ལོ་ ༡༩༦༠ I.M.F གསེར་གྱི་ རྟགས་མ་ གསོལ་རས་ལོ་ གནང་ ཡོད་པོ་ དང་འདི་ལས་ ཕྱི་ལོ་ ༡༩༦༥ རྒྱ་གར་ གཞུང་གིས་Arjuna Award ལོ་ན་ འདིའི་ ནང་ལོ་ར་ Police Award འབྲས་ལྗོངས་ གཞུང་གིས་ཡང་ ཕྱི་ལོ་ ༡༩༦༥ པད་མ་ རྡོ་རྗེ་ དང་འཇིག་མེད་ སེངྒེ་ ལབ་མཁན་གྱི་ སྟོད་བསྔགས་ སྦོམ་པོ་ འདི་ཙུ་ གནང་འདུག
འདི་ལས་ རྒྱ་གར་ དབུས་གཞུང་གི་ཡང་ ཁོང་ལོ་ བསྔགས་བརྗོད་ཀྱི་ ཚུལ་ལོ་ Padma Shri ཕྱི་ལོ་ ༡༩༦༢, Padma Bhushan ཕྱི་ལོ་ ༡༩༦༥ ནང་ གནང་བོ་ གནང་འདུག
འདི་ལས་ ད་ལྟའི་ གནས་སྐབས་ན་ Tibet road ལབ་མཁན་ སྒང་ཏོག་གི་ ཁྲོམ་ལམ་ འདི་ཡང་ ཁོང་གི་ མཚན་ལོ་ Sonam Gyatso Marg ལབ་སྟི་ བཞག་ཀོ་ གནང་འདུག སྔོན་ ཕྱི་ལོ་ ༡༩༦༨ ལོ་ན་ ཁོང་ རང་གི་ ཕྱག་བཏབ་ གནང་ ཡོད་པའི་ གངས་འཛེག་ཀོའི་ རིག་ལམ་ སྦྱོང་ས་ འདི་ཡང་ ད་ལྟའི་ གནས་སྐབས་ན་ ཁོང་གི་ མཚན་ལོ་ར་ བཞག་ཡོད་ འདུག
ཕྱི་ལོ་ ༡༩༦༨ཟླ་བོ་ ༤་ ཚེས་ ༢༢ ཉིན་ རྒྱལ་ས་ དྷི་ལི་ དམག་མི་ སྨན་ཁང་ ནང་ལོ་ མི་ཚེ་ རྫོགས་འདུག
འབྲས་ལྗོངས་ཀྱི་ དཔའ་བོ་ སྙན་གྲགས་ཅན་ ཁོང་ འདེ་མོའི་ སྐུ་ཚེའི་ ལོ་རྒྱུས་ འདི་ཀིས་ འབྲས་ལྗོངས་ སྤྱི་ དང་ ཁྱད་པར་གྱི་ འཛམ་གླིང་ ཡོངས་ཀྱི་ ན་གཞོན་ ཐམས་ཅད་ཀྱི་ དོན་ལོ་ སེམས་ཤུག་ པར་ཚུགས་པའི་ མིག་ལྟོས་ བཟང་པོ་ བསྟོན་ ཡོད་པོ་ འདི་ལོ་ ང་ཅག་ཐམས་ཅད་ཀྱི་ རྩ་ལས་ རྗེས་སུ་ ཡིད་རང་ དང་ ཐུགས་རྗེས་ བཀའ་དྲིན་ གྱང་མེད་ ཞུས།། ༎