Bhutia Language
༈འབྲས་ལྗོངས་ ལྷོ་སྐད་ཀྱི་ ངོ་སྤྲོད་ མདོར་བསྡུས།།
འབྲས་ལྗོངས་ ལྷོ་སྐད་ འདི་ བོད་ལས་ དར་ ཡོད་པའི་ སྐད་རིགས་ཅིག་ ཨིན་རུང་ ད་ལྟོའི་ གནས་སྐབས་ན་ འབྲས་ལྗོངས་ ནང་ལོ་ བེད་སྤྱོད་ བྱ༹ས་ བཞིན་པོ་ཅིག་ ཨིན། འབྲས་ལྗོངས་ ལྷོ་སྐད་ འདི་ བོད་ཡུལ་ ནང་ལོ་ ཡོད་པའི་ ཁ་སྐད་ ཉི་ཤུ་རྩ་ལྔ་ འདེ་ཚོད་ ཡོད་པའི་ ནང་ལས་ གཅིག་ཨིན། སྐད་རིགས་ འདི་སྡི་ འབྲུག་ རྫོང་ཁའི་ སྐད་ དང་ ལེབ་སྟི་ འཐུན་བོ་ ཡོད་པའི་ སྐད་རིགས་ཅིག་ཡང་ ཨིན། །
སྤྱིར་ འབྲས་ལྗོངས་ སྐད་ ལབ་ན་ ག་ལྟེམ་ གཅིག་ལོ་ ལབ་ཏོ་ ཨིན་སེ་ ཞུ་ན་ འདི་སྡི་ འབྲས་ དང་ ཤིང་འབྲས་ སྣ་ཚོགས་ འཛོམས་པའི་ ཡུལ་ན་ བེད་སྤྱོད་ བྱ༹ས་མཁན་གྱི་ སྐད་རིགས་ འདི་ལོ་ འབྲས་ལྗོངས་ སྐད་སེ་ ལབ་ཏོ་ ཨིན། འདི་ལས་ སྐད་རིགས་ གཞན་ བེད་སྤྱོད་ བྱ༹ས་མཁན་ མི་རིགས་ཙུ་ཀིས་ ལྷོ་སྐད་ ལབ་དུས་ བོད་ཡུལ་ ལྷོ་ཕྱོགས་ ངོས་ལོ་ བེད་སྤྱོད་ བྱ༹ས་མཁན་ སྐད་རིགས་ གཅིག་ལོ་ ངོས་འཛིན་ བྱ༹ས་སྲོལ་ཡང་ ཡོད། ཡང་ རྒྱ་གར་ མངའ་སྡེ་ ནང་ལོ་ སྐད་རིགས་ འདི་ལོ་ བྷོ་ཊི་ཡ་ སྐད་ ལབ་སྟི་ ངོས་འཛིན་ བྱ༹ས་སྲོལ་ ཡོད་པོ་ ཨིན་རུང་ ལྷོ་སྐད་ ཡང་ན་ བྷོ་ཊི་ཡ་ ལབ་སྟི་ བྲིས་དུས་ གངས་རིའི་ ལྷོ་ཕྱོགས་ ངོས་ལོ་ གནས་སྟི་ སྡོད་མཁན་ མི་རིགས་ ཐམས་ཅད་ཀྱི་ བེད་སྤྱོད་ བྱ༹ས་མཁན་ སྐད་ འདི་ལོ་ བྷུ་ཊི་ཡ་ སྐད་ ལབ་སྟི་ ངོས་འཛིན་ བྱ༹ས་སྲོལ་ འདུག དཔེར་ན་ བལ་ཡུལ་ ཕྱོགས་ལོ་ སྡོད་མཁན་ ཧུམ་ལའི་ མི་རིགས་ཙུའི་ སྐད་རིགས་ འདི་ལོ་ཡང་ བྷུ་ཊི་ཡ་ སྐད་ ལབ་སྟི་ འབོད་སྲོལ་ ཡོད། འབྲས་ལྗོངས་ ནང་ལོ་ ལྷོ་རིགས་ཙུ་ཀིས་ བེད་སྤྱོད་ བྱ༹ས་མཁན་ སྐད་རིགས་ འདི་ལོ་ འབྲས་ལྗོངས་སྐད་སེ་ འབོད་སྲོལ་ ཡོད།།
ཕྱི་ལོ་ ཉི་སྟོང་ གཅིག་གི་ གཞུང་འབྲེལ་ མི་འབོར་ གྲང་བཤེར་ ལྟར་ན་ འབྲས་ལྗོངས་ ལྷོ་སྐད་ བེད་སྤྱོད་ བྱ༹ས་ ཤེས་མཁན་ མི་རིགས་ འདི་ ༤༡༨༢༥ འདེ་ཚོད་ ཡོད་སེ་ གསལ་འདུག ཨིན་རུང་ ལྷོ་སྐད་ བེད་སྤྱོད་ བྱ༹ས་མཁན་ མི་གྱངས་ འདེ་ཚོད་ ཡོད་སེ་ བཤད་ཤད་འདི་ དཀའ་ལས་ ཚ་དྲགས་ར་ ཡོད། གན་བྱ༹ས་ སེ་ན་ ལྷོ་རིགས་ གཞོན་བོ་ མང་ཆེ་ཤོས་ ཅིག་གི་ རང་གི་ སྐད་ རྐྱབས་ མི་ཤེས་པོ་ དང་ ཤེས་རུང་ བེད་སྤྱོད་ བྱ༹ས་མཁན་ མི་གྱངས་ ཉུང་ཉུང་ ཡོད་པོའི་ རྒྱུ་མཚན་ལོ་ ཨིན། འདི་ལས་ ཡང་ མོན་རིགས་ མང་ཆེ་ཤོས་ ཅིག་གིས་ ལྷོ་སྐད་ རྐྱབས་ཤེས་མཁན་ཡང་ ཀེས་པོ་ ཡོད་འདུག འདི་ ཨིན་དུས་ སྐད་རིགས་ འདི་ ཤེས་མཁན་ མི་གྱངས་ འདེ་ཚོད་ ཡོད་སེ་ བཤད་ཤད་ དཀའ་ལས་ ཚ་དྲགས་ ཡོད་པོ་ ཨིན། །
འབྲས་ལྗོངས་ སྐད་རིགས་ འདིའི་ སུམ་རྟགས་ ཡང་ན་ བྲིས་སྲོལ་ དང་པོ་ འདི་ Grahm Sandberg ཞུ་མཁན་ ཕྱི་གླིང་བོ་ གཅིག་གི་ ཕྱི་ལོ་ ༡༨༨༨ དང་ ༡༨༩༥ ལོ་ན་ གསར་སྟོན་ གནང་འདུག འདི་ལས་ ཕྱི་ལོ་ ༡༩༠༥ ལོ་ན་ Walsh ཞུ་མཁན་གྱི་ བྲིས་ ཡོད་པོ་ དང་། འདེ་ར་ བྱ༹ས་སྟི་ ཕྱི་ལོ་ ༡༩༠༩ ནང་ Grierson དང་ འདི་ལས་ ཕྱི་ལོ་ ༡༩༧༤ Shafer ཞུ་མཁན་གྱི་ བྲིས་སྲོལ་ དཔེ་སྟོན་བོ་ གནང་འདུག ཡིག་རྙིང་ འདི་ཙུ་རང་ འབྲས་ལྗོངས་ ལྷོ་སྐད་ཀྱི་ ཚིག་མཛོད, དག་ཡིག་ དང་ སྒྲ་གདངས་ཀྱི་ ལམ་ལུགས་ དང་པོའི་ རྨང་གཞི་ འདེ་ཅིག་ ཐོན་འདུག ད་ལྟོའི་ གནས་སྐབས་ན་ འབྲས་ལྗོངས་ ལྷོ་སྐད་ཀྱི་ སྟེང་ལོ་ ཚིག་མཛོད་ འགྲེལ་བཤད་ཅན་ ལ་སོགས་པོ་ གསར་བཟོ་ གནང་བཞིན་ སྐད་རིགས་ ཡར་རྒྱས་ ཐོན་བཞིན་པོ་ ཨིན། །
འབྲས་ལྗོངས་ ལྷོ་པའི་ སྐད་རིགས་འདི་ ད་ལྟོའི་ གནས་སྐབས་ན་ འབྲས་ལྗོངས་ ཡུལ་ཕྱོགས་ ཐམས་ཅད་ན་ བེད་སྤྱོད་ བྱ༹ས་བཞིན་ ཡོད་པོ་ ཨིན་རུང་ མང་ཆེ་བོ་ཙུ་ཀིས་ ལྷོ་སྐད་ དང་ མཉམ་པོ་ སྐད་རིགས་ གཞན་ཙུ་ཡང་ བེད་སྤྱོད་ བྱ༹ས་བཞིན་པོ་ ཨིན་བོ་ དང་ ལྷག་པར་གྱི་ དེང་སང་གི་ ན་གཞོན་ ཙུ་ཀིས་ སྐད་རིགས་ འདིའི་ སྟེང་ལོ་ དོ་སྣང་ ཉུང་བོའི་ རྐྱེན་གྱི་ སྐད་རིགས་ འདི་ ཉིན་ལས་ཉིན་ ཉམས་སྟི་ འགྱུ་བཞིན་ འདུག འདི་ ཨིན་དུས་ སྐད་རིགས་ མཁས་པོ་ Mark Turin ༢༠༡༤ བཤད་ཚུལ་ ལྟར་ན་ འབྲས་ལྗོངས་ ལྷོ་སྐད་ འདི་ ནུབ་པའི་ ཉེན་ཁ་ ཆེ་དྲགས་ ཡོད་པའི་ གྲལ་ལོ་ ཚུད་འདུག འདི་ལས་ ད་རུང་ སྐད་རིགས་ མཁས་པོ་ George van Driem ཀི་ཡང་ སྐད་ཡིག་འདི་ མ་ལག་ར་ ཉམས་པའི་ ཉེན་ཁ་ ཡོད་སེ་ བཤད་འདུག །
འབྲས་ལྗོངས་ ལྷོ་སྐད་ བྲི་སྲོལ་ དར་ཚུལ་ ནེ།
ཕྱི་ལོ་ ༡༩༧༥ ལོའི་ བར་ལོ་ འབྲས་ལྗོངས་ ལྷོ་སྐད་ འདི་ ཁ་སྐད་ གཅིག་ཀུ་ མན་བོ་ ཡིག་ཐོག་ལོ་ བྲི་སྲོལ་ གན་ཡང་ མེད། འདི་ ཨིན་དུས་ འབྲས་གཞུང་གི་ མངའ་འོག་ལོ་ བོད་ཡིག་ འདི་ར་ གཞུང་འབྲེལ་ སྐད་ཡིག་ གཅིག་ལོ་ ངོས་འཛིན་ བྱ༹ས་ འདུག འདི་ལས་ འབྲས་ལྗོངས་ འདི་ རྒྱ་གར་གྱི་ མངའ་འོག་ན་ ཁ་སྦམ་བའི་ རྒྱབ་ལས་ འབྲས་ལྗོངས་ ལྷོ་པའི་ ཁ་སྐད་ འདི་ཡང་ ཡིག་ཐོག་ལོ་ བྲིས་ཤད་ འགོ་བཙུགས་ཀོ་ དང་ མཉམ་པོ་ འབྲས་གཞུང་གི་ སློབ་གྲྭ་ཙུ་ན་ སྐད་རིགས་ གཞན་ དང་ མཉམ་པོ་ སློབ་འཕྲུག་ཙུ་ལོ་ སླབ་ཤད་ཀྱི་ འཆར་གཞི་ བཟོ་འདུག འདི་ཨིན་ དུས་ ཁ་སྐད་ འདི་ལོ་ ཡིག་ཐོག་ལོ་ བྲི་ཤད་ དོན་ལས་ སྐུ་ཞབས་ པདྨ་ཤྲི་རི་ ནོར་ལྡན་ ཚེ་རིང་ མཆོག་གི་ བོད་ཡིག་ ཆོས་སྐད་ འདི་ལོ་ འགྱུར་བ་ ཨ་ཙེ་རེ་ དང་ མཉམ་པོ་ ལྷོ་སྐད་ དང་པོ་ ཡིག་ཐོག་ལོ་ བྲིས་ཤད་ འགོ་བཙུག་ འདུག འདི་ དང་ མཉམ་པོ་ བོད་ཡིག་ ཆོས་སྐད་ ནང་ལོ་ ཡོད་པའི་ སློབ་གྲྭའི་ ཀློག་དེབ་ འདི་ཙུ་ར་ འབྲས་ལྗོངས་ ལྷོ་སྐད་ ནང་ལོ་ འགྱུར་ཤད་ འགོ་བཙུགས་ འདུག ལྷོ་སྐད་ འདི་ ཡིག་ཐོག་ལོ་ བྲིས་ཤད་ འགོ་བཙུགས་ཀོ་ གནང་བོ་ དང་ སློབ་གྲྭའི་ ཀློག་དེབ་ དང་པོ་ བྲི་མཁན་ སྐུ་ཞབས་ དཔལ་ལྡན་ ལ་ཆུང་པོ་ མཆོག་ ཨིན་བོ་ དང་ འདི་ལས་ ཕྱག་ལས་ འདི་ལོ་ རྒྱས་ཞིང་ རྒྱས་པོ་ བྱ༹ས་སྟི་ དག་ཡིག་ སུམ་རྟགས་ དང་ བཅས་པོ་ གསར་སྒྲིག་ གནང་སྡི་ དར་ཁྱབ་ གནང་མཁན་ འདི་ སྐུ་ཞབས་ པདྨ་ རིག་འཛིན་ སྟག་ཅུང་ དར་པོ་ མཆོག་གི་ ཕྱག་རྗེས་ བཟང་པོའི་ སྒྲུབ་འབྲས་ལོ་ རྟེན་སྡི་ ཐོན་ཡོད་པོ་ ཨིན།།
དེང་སང་གི་ དུས་སྐབས་ན་ སྐད་རིགས་འདི་ ཉིམ་ལས་ཉིམ་ ཡར་རྒྱས་ འགྱུ་བཞིན་ ཡོད་དུས་ སྐད་ཡིག་ འདིའི་ ནང་ལོ་ དེབ་ རྩོམ་སྒྲིག་ གནང་མཁན་ མཁས་དབང་ མང་དྲགས་ ཡོད་དུས་ དེབ་ཡང་ ཀེས་པོ་ ཡོད། འདི་ཙུའི་ ནང་ལས་ ཕྱི་ལོ་ ༡༩༩༦ ལོ་ནང་ སྐུ་ཞབས་ བྷའི་ཅུང་ ཚེས་བཅུ་ དར་པོ་ མཆོག་གི་ སྐད་ཡིག་ འདིའི་ ཐོག་ལས་ བརྩམས་སྒྲུང་ དང་པོ་ རེ་ཆེ་ ལབ་མཁན་ དེབ་ གསར་སྟོན་ གནང་ ཡོད་པོ་ དང་། འདིའི་ རྒྱབ་ལས་ སྐད་རིགས་ གཅེས་ཞེན་ཅན་གྱི་ མཁས་དབང་ མང་དྲགས་ཅིག་གི་ འགོ་བརྗོད་ འདྲ་མིན་ ཀེས་པོའི་ སྟེང་ལོ་ དེབ་ འདྲ་མིན་འདྲ་ ཀེས་པོ་ གསར་རྩོམ་ གནང་ཡོད། ད་ལྟོའི་ གནས་སྐབས་ན་ སྐད་རིགས་ འདིའི་ ནང་ལས་ དེབ་ དང་ རྩོམ་སྒྲིག་ གནང་མཁན་ མཁས་དབང་ སུམ་བཅུ་ ལྷག་ཀོ་ ཡོད་འདུག ཕྱི་ལོ་ ༡༩༦༠ ལོ་ལས་ ཁར་ཤང་ རླུང་འཕྲིན་ཁང་ལས་ སྐད་རིགས་ འདིའི་ ཐོག་ལས་ གནས་ཚུལ་ དང་ གཞན་ ལས་རིམ་ འདྲ་ མིན་འདྲ་ ཁྱབ་སྤེལ་ གནང་བཞིན་ ཡོད་པོ་ དང་ འདིའི་ རྒྱབ་ལས་ ལས་རིམ་ འདི་ཙུ་ར་ སྒང་ཏོག་ རླུང་འཕྲིན་ ཁང་ལས་ ཁྱབ་སྤེལ་ གནང་བཞིན་ ཡོད། ད་ལྟོའི་ གནས་སྐབས་ན་ འབྲས་ལྗོངས་ ལྷོ་པའི་ སྐད་རིགས་ ཐོག་ལས་ གནས་ཚུལ་ དང་ གཞན་ ལས་རིམ་ འདྲ་མིན་འདྲ་ ཀེས་པོ་ ཁྱབ་སྤེལ་ གནང་ དང་ གནང་བཞིན་ ཡོད་པོ་ ཨིན།།
ཚིག་མཛོད་ སྐད་གཉིས་ ཤན་སྦྱར་གྱི་ དེབ་ ཡང་ སྐུ་ཞབས་ ནོར་ལྡན་ ཚེ་རིང་ དང་ སྐུ་ཞབས་ པདྨ་ རིག་འཛིན་ སྟག་ཆུང་ དར་པོ་ གཉིས་ཀྱི་ ཕྱོགས་སྒྲིག་ གནང་ཡོད་པའི་ དེབ་ཡང་ ཡོད། འདི་ལས་ གཞན་ཡང་ ཚིག་མཛོད་ ཕྱི་ལོ་ ༢༠༠༤ ནང་ ཕུན་ཚོགས་ བྷུ་ཊི་ཡ་ མཆོག་གི་ གསར་སྒྲིག་ གནང་ཡོད་པོ་ དང་། རྡོ་རྗེ་ རིན་ཆེན་ བླ་མ་ མཆོག་གི་ ཕྱི་ལོ་ ༢༠༡༣ ལོ་ན་ དབྱིན་བལ་ལྷོ་ གསུམ་གྱི་ ཚིག་མཛོད་ གསར་པོ་ ཕྱོགས་སྒྲིག་ གནང་ ཡོད། འདི་ལས་ པི་ན་ས་ མཆོག་གི་ ཕྱི་ལོ་༢༠༡༣ ལོ་ནང་ དབྱིན་ བོད་ བལ་ ཤར་ ལྷོ་ ལྔའི་ ཚིག་མཛོད་ ཡང་ གསར་སྒྲིག་ གནང་སྡི་ དར་ཡོད། འདེ་ར་བྱ༹ས་ ཉིན་ལས་ ཉིན་ འབྲས་ལྗོངས་ ལྷོ་པའི་ སྐད་འདི་ ཡར་རྒྱས་ ཐོན་བཞིན་ ཡོད་དོ༎ ༎
ལྷོ་སྐད་ཀྱི་ ད་ལྟའི་ གནས་སྟངས་ དང་ འདིའི་ སྟེང་ལོ་ ཡོད་པའི་ ཉེན་ཁ།
གངས་ལྗོངས་ ངོས་ལོ་ ཡོད་པའི་ སྐད་རིགས་ Tibeto-Burman ནང་ཚ་ Tibeto-Chinese ནང་ལས་ ལྷོ་སྐད་ འདི་ འབྲས་ལྗོངས་ ནང་ལོ་ སྡོད་མཁན་ ལྷོ་རིགས་ ཙུ་ཀིས་ དུས་རབས་ སྔོན་མ་ལས་ རྐྱབས་བཞིན་པའི་ མ་སྐད་ཅིག་ ཨིན། ལྷོ་རིགས་ འདི་ཙུ་ ད་ལྟའི་ གནས་སྐབས་ན་ འབྲས་ལྗོངས་ ཡུལ་ཕྱོགས་ བཞི་ཀ་ལོ་ གནས་སྟི་ སྡོད་ ཡོད་པའི་ མི་རིགས་ ཅིག་ ཨིན་རུང་ བྱང་ འབྲས་ལྗོངས་ ཕྱོགས་ལོ་ མང་ཚོད་ ཡོད། འདི་ལས་ ཕྱི་ལོ་ ༢༠༠༦ ཀི་ འབྲས་ལྗོངས་ སྤྱི་ཚོགས་ དང་ དཔལ་འབྱོར་ ཡར་རྒྱས་ ལས་ལག་གི་ མི་མགོ་ གྱང་བཤེར་ བྱ༹ས་བོ་ ལྟར་ན་ འབྲས་ལྗོངས་ ནང་ལོ་ མི་འབོར་ ༥༨༡༥༤༦ ཡང་ན་ འབུམ་ ལྔ་ དང་ བརྒྱད་ཁྲི་ གཅིག་སྟོང་ ལྔ་བརྒྱ་ ཞེ་དྲུག་ ཡོད་པའི་ ནང་ལས་ ལྷོ་པའི་ མི་འབོར་ འདི་ ༧༦,༠༧༠ ༼༡༣.༠༨་ %༽ ཡང་ན་ བདུན་ཁྲི་ དྲུག་སྟོང་ བདུན་བཅུ་ ཡོད་པོ་ དང་ འདི་སྡི་ འབྲས་ལྗོངས་ མི་འབོར་ ཡོངས་སྡོམ་ ནང་ལས་ བརྒྱ་ཆ་ལས་ བཅུ་གསུམ་ ལྷག་ཚོད་ ཨིན་བོ་ དང་། འདི་ལས་ ཡང་ ཕྱི་ལོ་ ༢༠༡༡ ཀི་ མི་མགོ་ གྱང་བཤེར་ ལྟར་ན་ འབྲས་ལྗོངས་ ནང་ལོ་ མི་འབོར་ ༦.༡༡ འབུམ་དྲུག་ ལྷག་ཚོད་ ཡོད་པའི་ ནང་ལས་ ལྷོ་པའི་ མི་འབོར་ འདི་ བརྒྱ་ཆ་ ལས་ བཅུ་བཞི་ འདེ་ཚོད་ ཡོད་འདུག།
ཁ་སྐད་ ཡང་ན་ རང་གི་ ཨ་མའི་ སྐད་འདི་ མི་རིགས་ རང་རང་ སོ་སོའི་ ངོ་རྟགས་ དང་ ཇོ་བོ་ ཕ་མའི་ དུས་ལས་ བརྒྱུད་སྟི་ འོང་བཞིན་པའི་ ལམ་ལུག་ བཟང་པོའི་ རིག་གཞུང་ འདི་ཙུ་ ཕ་གཞིས་ རང་གི་ བདག་ཀུ་ རྐྱབས་པོ་ འདྲའོ་ བྱ༹ས་ རང་གི་ བཟུང་སྡི་ མི་རིགས་ མང་དྲགས་ ནང་ལས་ ཕྱོགས་འགྱུར་ མཐོང་པོ་ དང་ རང་གི་ རིག་གཞུང་ བདག་གཅེས་ བྱ༹ས་བའི་ ཐབས་ལམ་ ཐམས་ཅད་ཀྱི་ ནང་ལས་ མཆོག་ཏུ་ འགྱུར་བོ་ མེད་ན་ མན་འགྲིག་ཀོ་ ཆུའི་ སྟེང་གི་ ཟམ་པོ་ དང་ ཐག་རིང་ འགྱུ་བའི་ འཁོར་ལོ་ འདྲའོ་འདི་ སྐད་རིགས་ ཨིན། འདི་ ཨིན་ཟང་ རང་གི་ སྐད་རིགས་ རང་གི་ བདག་གཅེས་ བྱ༹ས་ཤད་ ལེབ་སྟི་ གལ་ཆེ་དྲགས་ ཅིག་ ཨིན། ཕྱི་ལོ་ ༡༩༧༧ ལོ་ན་ འབྲས་གཞུང་གིས་ འབྲས་ལྗོངས་ ལྷོ་སྐད་ འདི་ཡང་ འབྲས་གཞུང་ མངའ་སྡེའི་ གཞུང་འབྲེལ་ སྐད་རིགས་ ཅིག་ལོ་ སྐད་རིགས་ རྩ་ཁྲིམས་ དོན་ཚན་ ལྔའི་ ནང་ལོ་ ཁས་ལེན་ གནང་འདུག ཨོ་འདིའི་ རྒྱབ་ལས་ ལྷོ་སྐད་ དང་ མཐུན་བོའི་ ཡི་གེ་ བྲི་སྲོལ་བཅས་ འབྲས་ལྗོངས་ ཤེས་རིག་ལེ་ལག་གི་ མངའ་འོག་ན་ ལྷོ་ཡིག་ ཀློག་དེབ་ མང་དྲགས་ཅིག་ གསར་བཟོ་ གནང་འདུག དུས་ཚོད་ ཨོ་འདི་ལས་ འགོ་བཙུགས་སྟི་ ལྷོ་སྐད་འདི་ ཡར་རྒྱས་ ཐོན་བཞིན་ ཡོད་པོ་ དང ཕྱི་ལོ་ ༡༩༨༧ ལོ་ན་ འབྲས་ལྗོངས་ ལྷོ་སྐད་འདི་ འབྲིང་རིམ་ མཐོ་བའི་ སློབ་གྲྭའི་ བར་ལོ་ སློབ་སྦྱོང་ བྱ༹ས་ཐོབ་པོ་ ཐོན་ཡོད་པོ་ དང་། ཕྱི་ལོ་ ༢༠༠༠ ལོ་ལས་ མཐོ་རིམ་ སློབ་གྲྭའི་ ནང་ལོ་ཡང་ འབྲས་ལྗོངས་ ལྷོ་སྐད་འདི་ སློབ་སྦྱོང་ བྱ༹ས་ཐོབ་པོ་ ཐོན་འདུག འདེ་ར་ བྱ༹ས་སྟི་ ཕྱི་ལོ་ ༢༠༡༦་ ལོ་ལས་ གཙུག་ལག་ སློབ་གཉེར་ ཁང་ལོ་ ཡང་ སློབ་སྦྱོང་ བྱ༹ས་ ཐོབ་པོ་ ཐོན་འདུག།
སྐད་ཡིག་ འདིའི་ ད་ལྟའི་ གནས་སྟངས།
ང་ཅའི་ སྐད་འདི་ ཡར་རྒྱས་ ཐོན་བཞིན་པོ་ ཨིན་རུང་ འཛམ་གླིང་ ནང་ལོ་ སྐད་རིགས་ དཔྱད་པའི་ ལམ་ལུགས་ལོ་ སྐད་གྲགསཅན་གྱི་ མཁས་དབང་ Mark Turin’s མཆོག་གི་ འབྲས་ལྗོངས་ ནང་ལོ་ ཡོད་པའི་ སྐད་རིགས་ སྟེང་ལོ་ དཔྱད་ཞིབ་ གནང་ ཡོད་པའི་ དེབ་ ‘‘ཨ་མའི་ སྐད་ཡིག་ སློབ་གྲྭའི་ ནང’’ སེ་མཁན་ ལྟར་ན་ གྲུབ་འབྲས་ འདེམ་ཅིག་ ཐོན་བཞིན་ འདུག འབྲས་ལྗོངས་ ནང་ལོ་ ལོ་ངོ་ བརྒྱའི་ ཉམས་ཞིབ་ འདི་ཙུ་ རྟག་དཔྱད་ གོ་བསྡུར་ བྱ༹ས་ བལྟ་དུས་ འབྲས་ལྗོངས་ ལྷོ་མོན་ གཉིས་ཀྱི་ མི་རིགས་ འདི་ཙུས་ རང་གི་ ཨ་མའི་ སྐད་ལས་ ལྷག་ཚོད་ ནི་པ་ལི་ དང་ ཧིན་དྷི་ སྐད་གཉིས་ བེད་སྤྱོད་ མང་ཚོད་ བྱ༹ས་བཞིན་ ཡོད་པོ་ དང་། འདི་ལས་ཡང་ ནི་པ་ལི་ སྐད་ ཐོག་ལོ་ དོ་སྣང་ མང་ཚོད་ ཐོན་བཞིན་ འདུག་སེ་ གསལ་འདུག། འབྲས་ལྗོངས་ ནང་ལོ་ ཡོད་པའི་ ལྷོ་ མོན་ གཙོང་ གསུམ་གྱི་ བོ་ཙོ་ སློབ་གྲྭ་ལོ་ འགྱུ་མཁན་ སློབ་ཕྲུག་ ནང་ལས་ རྒྱ་ཆ་ལས་ བཅུ་ཚོད་ ཅིག་ཀུས་ རང་གི་ ཨ་མའི་ སྐད་ རྐྱབས་ཤེས་པོ་ འདུག འདིའི་ ནང་ལས་ཀྱང་ ལྷོ་རིགས་ བོ་ཙོ་ཙུ་ཀིས་ རང་གི་ ཨ་མའི་ སྐད་ རྐྱབས་ མ་ཤེས་མཁན་ མང་ཚོད་ འདུག་སེ་ གསུང་འདུག དོན་གནས་ འདི་ཙུ་ལོ་ བལྟ་དུས་ འབྲས་ལྗོངས་ ལྷོ་པའི་ སྐད་འདི་ མ་ལག་རང་ སྦྱ༹ང་བའི་ ཉེན་ཁ་ ཆེ་དྲགས་ར་ འདུག་སེ་ གསུང་ཡོད། འདི་ ཨིན་དུས་ ད་ལྟའི་ གནས་སྐབས་ན་ འབྲས་ལྗོངས་ ནང་ལོ་ ཡོད་པའི་ སྐད་ཙུའི་ ནང་ལས་ ལྷོ་ མོན་ གཙོང་ གསུམ་གྱི་ སྐད་ཡིག་ འདི་ མ་ལག་ར་ སྦྱ༹ང་བའི་ ཉེན་ཁ་ ཆེ་དྲགས་ འདུག།
སྐད་ཡིག་ སྦྱ༹ང་བོ་ ཡང་ན་ སྟོང་པའི་ ཉེན་ཁ་ ལབ་ན། སྐད་རིགས་ ཨོ་འདི་ བེད་སྤྱོད་ བྱ༹ས་མཁན་ མི་ ལེབ་སྟི་ ཉུང་ཉུང་ ཡོད་པོ་ དང་། སྐད་ ཨོ་འདི་ སྤྱི་ཚོགས་ ནང་ལོ་ ཁྱབ་སྤེལ་ ཉུང་ཉུང་ ཡོད་པོ། འདི་ལས་ མི་རིགས་ ཨོ་འདི་ ཙུ་ཀིས་ རང་གི་ སྐད་རིགས་ སྤང་སྟི་ སྐད་ གཞན་ བེད་སྤྱོད་ བྱ༹ས་ཤད་ འགོ་བཙུགས་ཀོ། འདི་ཙུ་ སྤྱི་ཚོགས་ གཅིག་གི་ ནང་ལོ་ ཐོན་བཞིན་པོ་ ཨིན་ན་ སྐད་ ཨོ་འདི་ མ་ལག་ར་ མེད་པོ་ ཐོན་ཉེས་ ཡོད་པོ་ དང་ ནམ་ སྐད་རིགས་ ཨོ་འདི་ བེད་སྤྱོད་ བྱ༹ས་མཁན་ མེད་པོ་ འདིའི་ ཉིན་ཚེ་ སྐད་ ཨོ་འདི་ ས་སྟེང་ འདི་ལས་ ཡལ་སྡི་ མེད་པོ་ ཐོན་ཤད་ ཨིན། འདི་ དང་ མཉམ་པོ་ མི་རིགས་ ཨོ་འདི་ཡང་ མེད་པོ་ ཐོན་བོ་ དང་ འདྲའོ་ ཨིན༎
མཉམ་འབྲེལ་ རྒྱལ་སྤྱིའི་ ཤེས་རིག,རིག་གཞུང་ དང་ ཚན་རིག་ ལེ་ལག་གིས་ ཕྱི་ལོ་ ༢༠༠༣ ལོ་ན་ འགྲེམ་སྤེལ་ ཞུས་ ཡོད་པའི་ ཡིག་ཆ་ སྐད་ཀྱི་ སྲོག་སྙིང་ དང་ ཤི་བའི་ ཉེན་ཁ་ ལབ་མཁན་ ནང་ལྟར་ འཛམ་གླིང་ རྒྱལ་ཡོངས་ ནང་ལོ་ སྦྱ༹ང་བའི་ ཉེན་ཁ་ ཅན་གྱི་ སྐད་རིགས་ འདི་ཙུའི་ སྐོར་ལོ་ གན་ ཤད་འདུག་ ཞུ་ན་ སྐད་ཡིག་ མང་དྲགས་ཅིག་ ཤི་བཞིན་ ཡོད་པོ་ ཨིན་དུས་ སྐད་ཡིག་ སྲུང་སྐྱོབས་ དང་ དར་ཁྱབ་ དོན་ལས་ སྐད་རིགས་ འདི་ཙུ་ དོན་གནས་ དྲུག་གི་ ནངལོ་ འགོ་ཤ་ རྐྱབས་སྟི་ བཞག་འདུག།
- སྐྱོན་མེད་ འཇིག་མེད། ལབ་ན་ སྐད་ཡིག་ ཨོ་འདི་ མི་རབས་ ཐམས་ཅད་ཀྱི་ བེད་སྤྱོད་ བྱ༹ས་བཞིན་ ཡོད་དུས་ ཡར་རྒྱས་ ཐོན་བཞིན་པོ་ ཨིན་བས་ སྦྱ༹ང་བའི་ ཉེན་ཁ་ མེད་པོ།
- རྨས་སྐྱོན་ ཤོར་ཆོག ལབ་ན་ སྐད་རིགས་ ཨོ་འདི་ མི་རབས་ རྒན་གཞོན་ ཐམས་ཅད་ཀྱི་ བེད་སྤྱོད་ བྱ༹ས་བཞིན་པོ་ ཨིན་རུང་ རང་ཁྱིམ་ དང་ རང་གི་ སྤྱི་ཚོགས་ ནང་ལོ་ ཅིག་ཀུ་ ལུས་ཡོད་པོ།
- ངེས་པར་ ཉེན་ཅན། ལབ་ན་ ན་གཞོན་ ཙུ་ཀིས་ རང་གི་ ཨ་མའི་ སྐད་རིགས་ ཁྱིམ་ནང་ བེད་སྤྱོད་ མ་བྱ༹ས་བའི་ དུས་ ཡང་ན་ བོ་ཙོ་ཙུ་ཀིས་ ཨ་མའི་ སྐད་འདི་ ཁྱིམ་ན་ སྦྱང་ མ་ཐོབ་པའི་ དུས་སྐབས།
- ཉེས་ཁ་ ཚབས་ཆེན། ལབ་ན་ སྐད་རིགས་ ཨོ་འདི་ རྒན་བོ་ དང་ ཨ་ཇོ་ ཨ་ན་ ཙུ་ཀིས་ གཅིག་ཀུ་ རྐྱབས་ཤེས་པོ་ དང་ ཧ་གོ་བའི་ དུས་སྐབས། ཡང་ན་ རྒན་བོ་ ལོ་ བཞི་བཅུ་ལས་ ཡར་གྱི་ མི་རིགས་ཙུ་ཀིས་ སྐད་རིགས་ ཨོ་འདི་ ཤེས་རུང་ ཁོང་གི་ བར་ན་ བེད་སྤྱོད་ ཉུང་དྲགས་ བྱ༹ས་སྐབས།
- ཉེས་ཚབས་ ཆེ་ཤོས། ལབ་ན་ སྐད་རིགས་ ཨོ་འདི་ བེད་སྤྱོད་ བྱ༹ས་མཁན་ གྲལ་ལས་ གཞོན་ཤོས་ ཨ་ཇོ་ ཨ་ན་ འདི་ཙུ་ ཨིན་བོ་ དང་ ཁོང་ཙུས་ཡང་ རྒྱ་ལམ་ མན་བོ་ སྐད་རིགས་ ཨོ་འདི་ བེད་སྤྱོད་ མན་བྱ༹ས་མཁན།
- རྩ་སྟོང་། ལབ་ན་ སྐད་རིགས་ ཨོ་འདི་ བེད་སྤྱོད་ བྱ༹ས་མཁན་ མི་ གཅིག་ཡང་ མ་ལུས་པའི་ དུས་སྐབས་ འདི་ལོ་ རྩ་སྟོང་སེ་ ལབ།
འདི་ ཨིན་དུས་ Mark Turin ་ཀིས་ བཤད་སྲོལ་ ལྟར་ན་ འབྲས་ལྗོངས་ ལྷོ་པའི་ སྐད་རིགས་ འདི་ དོན་ཚན་ བཞི་པའི་ ནང་ལོ་ ཚུད་ ཡོད་འདུག གན་བྱ༹ས་ སེ་ན་ ལྷོ་པའི་ བོ་ཙོ་ ཆུང་ཆུང་ མང་ ཆེ་ཤོས་ཀྱིས་ རང་སྐད་ རྐྱབས་པོ་ མེད་པོ་ དང་ ཡང་ན་ རང་སྐད་ རྐྱབས་ མི་ཤེས་པོ་ ཨིན། འདི་ ཨིན་དུས་ རང་སྐད་ མ་ཤི་བའི་ སྔོན་ལས་ ང་ཅག་ ལྷོ་རིགས་ ཙུ་ཀིས་ རང་སྐད་ སྟེང་ལོ་ དོ་སྣང་ བྱ༹ས་བའི་ དུས་ཚོད་ གལ་ཆེན་ཅིག་ སླེབ་ཡོད་པོ་ ཨིན།
སྐད་ཡིག་ འདི་ལོ་ སྲུང་སྐྱོབ་ དང་ སྤེལ་བའི་ ཐབས་ལམ། འདེས་བྱ༹་ ཉམས་བཞིན་ འགྱུ་བཞིན་ ཡོད་པའི་ ལྷོ་སྐད་ འདི་ལོ་ སྤེལ་ མ་ཚུགས་རུང་ སྲུང་སྐྱོབ་ བྱ༹ས་ དགོས་པོ་ ལེབ་སྟི་ གལ་ཆེན་ ཨིན། སྲུང་སྐྱོབ་ ག་ལྟེ་ བྱ༹ས་ དགོས་ཤད་ འབོ? ལབ་ན། ལྷོ་སྐད་ འདི་ལོ་ དུས་ཚོད་ ཨ་བཏང་ བེད་སྤྱོད་ བྱ༹ས་ ཚུགས་པའི་ སྐད་ཅིག་ བཟོ་དགོས། འདིའི་ ཐབས་ལམ་ དང་པོ་ རང་ཁྱིམ་ ནང་ལོ་ རང་སྐད་ མན་བོ་ སྐད་རིགས་ གཞན་ གན་ཡང་ བེད་སྤྱོད་ བྱ༹ས་ མི་ལེགས། འདི་ལས་ རང་མི་ འདི་ཙུ་ ཕྱེ༹ད་དུས་ རང་སྐད་ འདི་ར་ བེད་སྤྱོད་ བྱ༹ས་ དགོས་པོ་ དང་། ལྷག་པར་ལས་ གཉེན་ ཆང་འཐུང་། བྱ༹་སྐྱེལ/བག་བསང་། ལྷོ་པའི་ མི་རིག་ འཛོམ་ས་ས་ ཐམས་ཅད་ན་ རང་སྐད་ བེད་སྤྱོད་ བྱ༹ས་སྟི་ སྐད་ སྦྱང་ས་ དང་ སྐད་ ཨོ་འདི་ བེད་སྤྱོད་ བྱ༹་ས་ འདེམ་ཅིག་ བཟོ་ དགོས།།
སྐད་རིགས་ མཁས་པའི་ བཤད་ཚུལ་ལོ་ སྐད་རིགས་ གཅིག་ སྦྱ༹ང་བོ་ དང་ ཁྱད་ཆོས་ ལྡན་བོའི་ དངོས་ཆས་ གཅིག་ སྦྱ༹ང་བོ་ འདྲའོ་ ཨིན་དུས་ འདིའི་ གྱོང་ ཐམས་ཅད་ལོ་ ཕོག་ཤད་ ཨིན། འདི་ ཨིན་དུས་ ང་ཅག་ ཐམས་ཅད་ཀྱི་ སྐད་ཡིག་ སྲུང་སྐྱོབ་ དོན་ལས་ སྐད་རིགས་ ཨོ་འདི་ བེད་སྤྱོད་ བྱ༹ས་དགོས་པོ་ ལེབ་སྟི་ གལ་ཆེན་ ཨིན། སྦྱ༹ང་བའི་ ཉེན་ཁ་ ཅན་གྱི་ སྐད་རིགས་ འདི་ཙུ་ལོ་ དེང་སང་གི་ འཁྲུལ་ཆས་ ཐོག་ལས་ སྲུང་སྐྱོབ་ དང་ སྤེལ་ཐབས་ བྱ༹ས་ དགོས། རང་གི་ སྐད་ ནང་ལོ་ ཡོད་པའི་ རིག་ཀོ, རིག་གཞུང, ལུགས་སྲོལ, ཆོས, ལམ་ལུགས་ འདི་ཙུ་ ཐམས་ཅད ཡིག་ཐོག་ དང་ སྒྲ་གཟུགས་ལོ་ བཀོད་སྟི་ བཞག་ དགོས་པོ་ དང་། སློབ་གྲྭའི་ ནང་ལོ་ ཡོད་པའི་ སློབ་ཚན་ འདི་ཙུ་ཡང་ སྐད་ སྦྱང་བའི་ ཐབས་ལམ་ ཅིག་ཀུ་ ཨིན་དགོས་པོ་ ཡང་ན་ སློབ་ཚན་ ནང་ལོ་ ཡོད་པའི་ དོན་ཚན་ལས་ ལྷག་ཚོད་ དོན་ཚན་ ཨོ་འདི་ལོ་ གཞི་བཞག་སྟི་ སྐད་ སླབ་ བྱི༹ན་དགོས་པོ་ དང་། སྐད་རིགས་ སློབ་དཔོན་ ཙུ་ལོ་ སྐད་ ག་ལྟེ་ སླབ་ བྱི༹ན་དགོས་པོ་ འདིའི་སྐོར་ལོ་ སྦྱོང་བརྡར་ ཨ་བཏང་ བྱི༹ན་ དགོས་པོ་ དང་། སྐད་རིགས་ སློབ་སྦྱོང་ དོན་ལོ་ སློབ་ཚན་ དང་ སྐད་ ག་ལྟེ་ སླབ་ བྱི༹ན་ཤད་ འདིའི་ སྐོར་ལོ་ སྦྱོང་བརྡར་ བྱི༹ན་ དགོས་པོ་ དང་། བོ་ཙོ་ ཆུང་ཆུང་ཙུའི་ དོན་ལས་ གུང་སེང་ སྐབས་ལོ་ སྐད་རིགས་ སློབ་སྦྱོང་ བྱ༹ས་སའི་ ས་གནས་ འཛོམ་ས་ བཞག་དགོས་པོ་ སོགས་ མང་དྲགས་ཅིག་ ཡོད།
དོན་ལོ་ སྐད་རིགས་ གཅིག་ མ་མཉམ་པར་ གནས་པའི་ དོན་ལོ་ མི་རིགས་ ཨོ་འདི་ ནང་གི་ མི་ རེ་རེ་ ཞིང་གི་ རང་རང་ སོ་སོའི་ ཐུགས་འགན་ ལེགམ་བྱ༹་ བཞེས་ དགོས་པོ་ འདི་ ཐམས་ཅད་ལས་ གལ་ ཆེ་ཤོས་ཅིག་ ཨིན། གན་བྱ༹ས་ ཞུ་ན་ སོ་སོ་ རང་གི་ ཅ་ལག་ སོ་སོ་ རང་གི་ བདག་ཀུ་ རྐྱབས་ཤད་ མན་བོ་ མི་གཞན་གྱི་ ང་ཅའི་ ཆ་ག་ དུས་ ཨ་བཏང་ ནམ་ལོ་ ཉེ་ར་ བྱ༹ས་མི་ ཚུགས་པོ་ དང་ འདྲའོ་ རང་གི་ སྐད་རིགས་ འདི་ ང་ཅག་ རང་གི་ ངོ་རྟགས་ ཨིན་ཟང་ འདི་ལོ་ ཨ་ཀུ་ ལྷོ་པོ་ ཐམས་ཅད་ཀྱི་ བདག་འཛིན་ བྱ༹ས་བའི་ དུས་ཚོད་ སླེབ་ཚར༎ ༎
Denzong Ke Phoneme Chart
Tone/pitch in Denzong ke
Tone/pitch is often predictable from the initial consonant. In those cases, it is not needed to mark tone/pitch in the phonemic transcription. The pitch following voiceless unaspirated and aspirated plosives and affricates is always high. The pitch following all voiced and “breathy” (lightly aspirated) consonants is low (and often breathy).
Among fricatives ས་ and ཤ་ are followed by high tone, and ཟ་ and ཞ་ by low tone.
ས་ is followed by high tone /sá/
ཟ་ is followed by low tone /sà/
ཤ་ is followed by high tone /ɕá/
ཞ་ is followed by low tone /ɕà/
བཟ་ /za/ and བཞ་ /ʑa/ are followed by low tone, but the tone does not have to be marked because it is always low.
Among laterals and nasals, a character without pre- or superscripts is followed by low tone. Characters with pre- or superscripts are followed by high tone. The superscript ས་ as in སླེབས་ /l̥ɛp/ causes the lateral/nasal to become voiceless. For some speakers (and perhaps for all speakers in some words), however, the superscript ས་ does not cause voicelessness but only high tone.
མ་ ན་ ཉ་ ང་ /mà/, /nà/, /ɲà/, /ŋà/
དམ་ རྨ་ སྨ་ /má/
སྨ་ /má/ or /m̥á/
ལ་ /là/
སླ་ /lá/ or /l̥á/
ལྷ་ /l̥á/
Tone/pitch in Denzong ke Chart
| Bilabial | Dento-alveolar | Post-alveolar | Alveolo-palatal | Velar | Glottal | ||
| Plosive | Voiceless unaspirated | p པ་ སྤ་ དཔ་ | t ཏ་ རྟ་ སྟ་ | ʈ ཀྲ་ དྲ་ པྲ་ | k ཀ་ རྐ་ སྐ་ བཀ་ འཀ་ | ʔ -ད་ -ག་ -ས་ | |
| Voiceless aspirated | pʰ ཕ་ འཕ | tʰ ཐ་ མཐ་ འཐ་ | ʈʰ ཁྲ་ ཐྲ་ ཕྲ་ | kʰ ཁ་ མཁ་ འཁ་ | |||
| Voiced | b རྦ སྦ་འབ | d རྡ་ སྡ་ འད་ | ɖ སྒྲ་ འདྲ་ སྒྲ་ | ɡ སྒ་ རྒ་ འག་ | |||
| Lightly asp., “breathy” | pʽ བ་ | tʽ ད་ | ʈʽ གྲ་ དྲ་ བྲ་ | kʽ ག་ | |||
| Affricate | Voiceless unaspirated | ts ཙ་ རྩ་ བཙ་ | tɕ ཅ་ གཅ་ བཅ་ ལྕ་ པྱ་ | ||||
| Voiceless aspirated | tsʰ ཚ་ མཚ་ འཚ་ | tɕʰ ཆ་ མཆ་ འཆ་ ཕྱ་ | |||||
| Voiced | dz རྫ་ མཛ་ འཛ | dʑ མཇ་ རྗ་ ལྗ་ འབྱ་ | |||||
| Lightly asp., “breathy” | tsʽ ཛ་ | tɕʽ ཇ་ བྱ་ | |||||
| Fricative | Voiceless | s ས་ སྲ་ ཟ་ | ɕ ཤ་ གཤ་ བཤ་ ཞ་ | h ཧ་ | |||
| Voiced | z གཟ་ བཟ་ | ʑ གཞ་ བཞ་ | |||||
| Nasal | Voiced | m མ་ དམ་ རྨ་ སྨ་ | n ན་ གན་ མན་ རྣ་ སྣ་ | ɲ ཉ་ གཉ་ མཉ་ རྙ་ སྙ་ | ŋ ང་ དང་ མང་ རྔ་ སྔ་ | ||
| Voiceless | m̥ སྨ་ | n̥ སྣ་ | ɲ̥ སྙ་ སྔ་ | ŋ̥ སྔ་ | |||
| Lateral | Voiced | l ལ་ སླ་ རླ་ | |||||
| Voiceless | l̥ སླ་ རླ་ ལྷ་ | ||||||
| Rhotic | Voiced | r ར་ | |||||
| Voiceless | r̥ ཧྲ | ||||||
| Central approximant | (w) | j ཡ་ གཡ་ | (w) | ||||
Charts for Denzong ke vowels
| Front | Middle | Back | |
| Unrounded | Rounded | Unrounded | Rounded |
Close | i | y |
| u |
Mid | e | ø |
| o |
Open | ɛ |
| ɐ |
|
Vowel qualities
| Short vowels | Long vowels |
|
|
close | i | iː | close | |
eː | mid | |||
open | ɛ | |||
ɛː | open |
Short and long front vowels
Front | Middle | Back | ||||
Short | Long | Short | Long | Short | Long | |
i | iː | yː |
|
| u | uː |
| eː | øː |
|
| o | oː |
ɛ | ɛː |
| a | aː |
|
|
Denjongke vowel phonemes with length values
Example words for vowels:
/i/ སྐྱེ(ས)་ /ki/ ‘be born’, དཀྱིགས་ /kiː/ ‘wrap’, བསིལ་ /siː/ ‘cool’
/eː/ གསེར་ /seː/ ‘gold’, ཤེས་ /ɕeː/ ‘know’, /seːm/ ‘bamboo slat wall’, མཛེ་ /dzeʔ/~/dzeː/ ‘leprosy’
/ɛ/ སྐེ་ /kɛ/ ‘neck’, སྐྱེལ་ /kɛː/ ‘deliver’, གསལ་ /sɛː/ ‘clarify’, རྫེས་ /dzɛʔ/~/dzɛː/ ‘element’
/a/ བ་ /pʽa/ ‘cow’, བར་ /pʽaː/ ‘interval’, བཀའ་ /ka/ ‘order’
/u/ ཁུ་ /kʰu/ ‘he’, ཁུའུ་ /kʰuː/ ‘bread’, ཕུ་ /pʰu/ ‘blow’
/o/ དོམ་ /tʽom/ ‘bear’, དོརམ་ /tʽoːm/ ‘trousers’, ཚོ་ /tsʰo/ ‘lake’
/yː/ སྐུལ་ /kyː/ ‘drive’, སྤུན་ /pỹː/ ‘brother’
/øː/ སྐོལ་ /køː/ [kǿː] ‘boil (tr.)’, ཆོད་ /tɕʰøʔ/ ‘you’
The relationship of written and spoken vowels in Denzong ke (Sikkimese Bhutia)
In Denjongke, there is no one-to-one correspondence between written and spoken vowels as there is, for instance, in Nepali. For instance, the written vowel dengpu may correspond to the spoken vowels /i/, /eː/ or /ɛ/, as exemplified by སྐྱེས་ /ki/ ‘be born’, གསེར་ /seː/ ‘gold’ and སྐེ་ /kɛ/ ‘neck’ respectively.
Writing to speaking correspondence of vowels
| ||
Written vowel | Description of pronunciation | Examples |
ཨ་
| realized as /a/ unless followed by ད་, ལ་, and ན་ which front and lengthen the vowel to /ɛː/. When followed by ས་ sometimes realized as /ɛ/, sometimes as /a/. | སྒ་ /ga/ ‘ginger’ དད་པོ་ /tʽɛpo/ ‘faith’ སྦལ་པོ་ or སྦལབ་ /bɛːp/ ‘frog’ གསན་ /sɛ́n/~/sɛ̃́ː/ ‘listen’ སྲས་ /sɛ́ː/ ‘son’ སྔས་བོལ་ /ŋ̥aːbøː/ ‘pillow’ |
ཨི་ (གི་གུ་) | always realized as /i/, (but phonetically tends to be realized in short vowels as [ɪ] and in long vowels as [iː]. | ཁྱི་ /kʰi/ ‘dog’ བསིལ་ /siː/ ‘cool’ |
ཨུ་ (ཞབས་ཀྱུ་) | Realized as /u/, unless followed by by ད་, ལ་, and ན་ which front the vowel to /y/. When followed by ས་ sometimes realized as /u/, sometimes as /y/ | གླུ་ /lú/ ‘song’ ལུད་ /lỳʔ/ ‘fertilizer’ སྐུལ་ /kyː/ ‘drive’ སྤུན་ /pyn/~/pyː/ ’brother’ ལུས་ /lỳː/ ‘body’ ལུས་ /lùː/ ‘remain’ |
ཨེ་ (འགྲེང་བུ་) | This written vowel has the most unpredictable realization. Realized as either /i/, /e/ or /ɛ/. The right realization has to be learnt by heart. | གསེར་ /seː/ ‘gold’ སྐྱེལ་ /kɛː/ ‘deliver’ སྐེ་ /kɛ/ ‘neck’ སྐྱེ(ས)་ /ki/ ‘be born’ |
ཨོ་ (ན་རོ་) | Realized as /o/ unless followed by by ད་, ལ་, and ན་ which front the vowel to /ø/ (or /e/ if rounding disappears). When followed by ས་ sometimes realized as /o/, sometimes as /ø/ (phonetically [oː] in long vowels, [oʔ] when ending in glottal, and [ɔ] in short vowels), but often word-finally as /u/. | མགོ་ /go/ ’head’ སྡོད་ /døʔ/ ‘sit’ སྐོལ་ /køː/ ‘boil’ སོན་ /sǿn/~/sø̃́ː/ ‘seed’ སློན་པོ་ /lɛ́mpu/ ‘minister’ འོས་པོ་/ø̀ːpo/ ‘worthy’ ཐོས་ /tʰoː/ ‘hear’ |
by Juha Yliniemi