༄༅། །འབྲས་ལྗོངས་ ནང་ལོ་ ནང་པོ་ སངས་རྒྱས་པའི་ ཆོས་ དར་ཚུལ།
དང་པོ་ ཐུབ་པའི་ སྐུ་མདུན་ ཐུགས་བསྐྱེད་ གནང་།།
བར་ལོ་ བསྐལ་ཆེན་ གྱངས་མེད་ གསུམ་ཚོགས་ བསགས༎
ཐ་མོ་ རྡོ་རྗེ་ གདན་ལོ་ རྫོགས་སངས་རྒྱས།།
ཐར་པོའི་ ལམ་སྟོན་ མཆོག་ལོ་ སྙིང་ལས་ གུས༎
དུས་རབས་ བརྒྱད་པའི་ དུས་ལས་ འབྲས་ལྗོངས་ ལྷོ་པའི་ མི་རིགས་ ཙུ་ནེ་ སྦས་གནས་ འདི་ན་ གནས་གཞིས་ ཆགས་པོ་ལས་བཟུང་ རང་གི་ ཆོས་ལུགས་ ནང་པོ་ སངས་རྒྱས་ལོ་ དད་མོས་ ཆེན་པོ་ བྱ༹ས་བཞིན་ ཡོད་པོ་ དང་ ཆོས་ལུགས་ འདིའི་ གོམས་གཤིས་ ཤུགས་ཆེན་ ང་ཅག་ ལྷོ་པའི་ མི་རིགས་ལོ་ ཡོད་པོ་ ཨིན། དཔེར་ན་ ནང་ ལུས་ ངག་ ཡིད་གསུམ་གྱི་ བྱ༹ས་སྤྱོད་ རིགས་གཞུང་ གོམས་སྲོལ་ འདི་ཙུ་ ཕལ་ཆེ་བོ་ ནང་པའི་ ཆོས་ དང་ འབྲེལ་བ་ ཡོད་པོ་ དང་། ཕྱི༹་ ས་ཆ་ ལུང་པོ་ ག་ས་ལོ་ཡང་ ནང་པོ་ སངས་རྒྱས་པའི་ གནས་རྩ་ཆེན་, མཚོ་ཆེན, བྱ༹ག་ཕུག, དགོན་པོ, སྒྲུབ་སྡེ, མཆོད་རྟེན, དང་ མཎ་གདང་སོགས་ ཡོད་པས་ ཡུལ་འདི་ ནང་པོའི་ ཡུལ་ དང་ ནང་པའི་ ཆོས་ལུགས་ཀྱི་ རྗེས་འཇུག་པོ་ཙུས་ གཞིས་བསྡོད་ བྱ༹ས་ཡོད་པོའི་ ཡུལ་ཅིག་ ཨིན་བོ་ ཤེས་ཚུགས།
འདིས་ བྱ༹ས་ཟང་ ཐམས་ཅད་ལས་ འགོ་ དང་པོ་ ནང་པའི་ ཆོས་ལུགས་ ཡུལ་ འདི་ནང་ ག་ལྟེ་ བྱོན་བོ་ ལབ་པའི་ སྐབས་ན་ དང་པོ་ ང་ཅག་ ཆོས་ལུགས་ འདིའི་ རྒྱུད་ཁུངས་ ཤེས་དགོས་པོ་ གལ་ཆེ། འགོ་དང་པོ་ ཆོས་ལུགས་ འདི་ནི་ རྒྱ་གར་ འཕགས་པའི་ ཡུལ་ན་ ཕྱི་ལོ་ སྔོན་གྱི་ ལོ་ ཧ་ལམ་ ལྔ་བརྒྱ་ དྲུག་བརྒྱའི་ བར་ན་ འཁོར་ལོས་ བསྒྱུར་བའི་ རྒྱལ་པོ་ ཟས་གཙང་སྲས་ཀྱི་ བཙུན་མོ་ ཡུམ་ སྒྱུ་མ་ ལྷ་མཛེས་ གསོ་སྦྱོང་ལོ་ བཞུགས་པའི་ སྐབས་གཅིག་ན་ དགའ་ལྡན་ ལྷ་ཡུལ་ལས་ ཡུམ་གྱི་ ལྷུམས་ལོ་ ཞུགས། ཟླ་བ་བཅུའི་ རྗེས་ ལུམྦི་ནིའི་ ལྡུམ་རའི་ ནང་ལོ་ བཀྲ་ཤིས་པའི་ རྟགས་མཚན་ བཟང་པོ་ དང་ བཅས་ སྐུ་འཁྲུངས། མཚན་ལོ་ རྒྱལ་པོ་ དོན་གྲུབ་ཟེ་ གསོལ། འཁོར་ལོས་ བསྒྱུར་བའི་ རྒྱས་སྲས་ ཨིན་པས་ ཡི་གེ་ དང་ རྩིས་སོགས་ སྒྱུ་རྩལ་ དྲུག་ཅུ་ རྩ་བཞི་ལོ་ བསླབ་པས་ མཁས་པའི་ གོ་གནས་ ཐོབ། ཤཱཀྱ་ ལག་ན་ བེ་ཙོན་གྱི་ སྲསམ་ གྲགས་འཛིན་མ་ སོགས་ བཙུན་མོ་ དྲུག་ཁྲི་ བཞེས། འཁོར་བའི་ རང་བཞིན་ ན་ རྒ་ ཤི་ གསུམ་གྱི་ སྡུག་བསྔལ་ལོ་ གཟིགས་སྟི་ འཁོར་བ་ སྡུག་བསྔལ་ དང་ སྙིང་པོ་ མེད་པའི རང་བཞིན་ ཨིན་བོ་ མཁྱེན། རང་གྱི་ བཙུན་མོ, སྲས, ཡབ་ཡུམ, འཁོར་ དང་ རྒྱལ་སྲིད་ཀྱི་ བདེ་བའི་ ལོངས་སྤྱོད་ ཁེ་ལེ་ སྤངས་སྟི་ མཆོད་རྟེན་ རྣམ་དག་ དྲུང་ལོ་ རབ་ཏུ་ འབྱུང་། ཆུ་བོ་ ནེ་རན་ ཛྙ་ནའི་དྲུང་ ལོ་ དྲུག་གི་ བར་ལོ་ བཟའ་བཏུང་ རིགས་ སྤངས་སྟི་ སྒོམ་ ཏིང་ངེ་འཛིན་ལོ་ བཞུགས། དཀའ་སྤྱད་ གཅིག་པོས་ སངས་ མི་རྒྱས་པོ་ མཁྱེན་སྡི་ བ་ སྟོང་གི་ འོ་ཐུག་བཞེས་ སངས་རྒྱས་ སྟོང་རྩ་གཉིས་ སངས་རྒྱས་པའི་ གནས་མཆོག་ རྡོ་རྗེ་གདན་ལོ་ བྱོན། མཐར་ རྡོ་རྗེ་ གདན་གྱི་ བྱང་ཆུབ་ ཤིང་འོག་ལོ་ བཞུགས་སྟི་ མངོན་པར་ རྫོགས་པར་ སངས་ མ་རྒྱས་ཀྱི་ བར་ལོ་ མི་བཞེངས་པའི་ དམ་བཅའ་ གཏན་པོ་ གནང་སྡི་ ཏིང་ངེ་འཛིན་ སྒོམ་བོ་ གནང་བས་ སྒྲིབ་གཉིས་ བག་ཆག་ དང་ བཅས་པོ་ སྤངས་སྟི་ མངོན་པར་ རྫོགས་པར་ སངས་རྒྱས་སོ། དགུངས་ལོ་ སུམ་ཅུ་ སོ་ལྔ་ལས་ བརྒྱད་ཅུ་ ཐམས་པ་ བར་ལོ་ ཆོས་འཁོར་ རིམ་པ་གསུམ་ བསྐོར་བོ་ གནང་། སྐབས་གཅིག་ འོས་པའི་ གདུལ་བྱ་ མེད་པོ་ དང་། བཞུགས་ཤད་ དོན་མེད་པོ་ དང་། སྐྱེ་བའི་ ཐ་མ་ ཤི་བོ་ སྟོན་པས་ སེམས་ཅན་ཙུ་ འཁོར་བ་ལོ་ སྙིང་པོ་ མེད་པོ་ ཤེས་པའི་ དོན་ལོ་ དགུངས་ལོ་ བརྒྱད་ཅུ་ ཐམ་པ་ལོ་ སྐུ་དགོངས་པོ་ མྱངན་ལས་ འདས་སོ།
ཧ་ལམ་ དགོངས་ལོ་ བཞི་བཅུ་ ཞེ་ལྔའི་ ནང་ཚུད་ལོ་ གསུངས་ཡོད་པོ་ ཐམས་ཅད་ ཆོས་ཀྱི་ ཕུང་པོ་ བརྒྱད་ཁྲི་ བཞི་སྟོང་ ཨིན། འདི་ གསུང་རབས་ ཡན་ལག་ བཅུ་གཉིས་ལོ་ བསྡུས། འདི་ཡང་ སྡེ་སྣོད་ གསུམ་ལོ་ བསྡུས་ ཡོད་པའི་ ནང་ལས་ བོད་ལོ་ བསྒྱུར་ཡོད་པོ་ ཕྱོགས་གཅིག་ལོ་ བསྡུས་སྟི་ ཡོངས་སྡོམ་ པོད་ བརྒྱད་ དང་ བརྒྱ་ དང་ བརྒྱད་ ཡོད་མཁན་གྱི་ བཀའ་འགྱུར་ ཞུ་མཁན་ འདི་ ཨིན། བསྟན་འགྱུར་ནེ་ རྗེས་འཇུག་ མཁས་པོ་ ཙུ་ཀིས་ སངས་རྒྱས་ཀྱི་ གསུངས་པའི་ མདོ་ དང་ རྒྱུད་ཀྱི་ དོན་འགྲེལ་ཡོད་པའི་ བོད་ཡིག་ན་ ཡོད་པོ་ གླེགས་བམ་ ཉིས་བརྒྱ་ བཅོ་བརྒྱད་ ཡོད་པོ་ འདི་ ཨིན་ནོ།
གཉིས་པོ་ བོད་ གངས་ཅན་ལྗོངས་ལོ་ ནང་པའི་ ཆོས་ དར་ཚུལ་ནི་ བོད་ཀྱི་ ཆོས་འབྱུང་ འདི་ཙུ་ལས། སངས་རྒྱས་ རང་གིས་ ལུང་བསྟན་ གནང་བོ་ འདྲ་བོ་ ཧ་ལམ་ དུས་རབས་ གསུམ་པོ་ དང་ བཞི་པའི་ སྐབས་ལོ་ བོད་ཀྱི་ རྒྱལ་རབས་ ཉི་ཤུ་ རྩ་བརྒྱད་པོ་ ལྷ་ཐོ་ཐོ་རི་ གཉན་བཙན་ (སྒོམ་སྡེ་ ཚིག་མཛོད་ན་ འཁྲུངས་ལོ་ ༼374༽ འདི་ བཀོད་འདུག ཏཱ་ར་ ན་ཐ་ མཆོག་གིས་ རྒྱ་གར་གྱི་ སློབ་དཔོན་ དབྱིག་གཉེན་ དང་ དུས་མཉམ་ ཡིན་ གསུངས། ཁོང་གི་ འཁྲུངས་ལོ་ ཁུངས་ལྡན་ཅིག་ ག་ལོ་ཡང་ བཀོད་ མི་འདུག) ཞུ་མཁན་གྱི་ སྐུ་དུས་ལོ་ སངས་རྒྱས་ཀྱི་ བསྟན་པོ་ གངས་ཅན་ ལྗོངས་ལོ་ འགོ་ཐོག་ དབུ་བརྙེས།
ཁོང་གི་ རྒྱལ་རབས་ལྔའི་ རྗེས་ལོ་ ཕྱི་ལོ་ ( 617-698, 641) ཆོས་རྒྱལ་ སྲོང་བཙན་ སྒམ་པོའི་ སྐུ་དུས་ལོ་ ཕོ་བྲང་ པོ་ཏཱ་ལ་ བཞེངས། ཁོང་གི་ ཐུགས་དགོངས་ལྟར་ ཐུ་མི་ སམ་བྷོ་ཊས་ བོད་ཡིག་ གསར་གཏོད་ གནང་། དམ་ཆོས་ འགོ་ དང་པོ་ ལེགས་སྦྱར་ལས་ བོད་སྐད་ལོ་ བསྒྱུར། རྒྱ་ནག་གི་ རྒྱལ་པོའི་ སྲས་མོ་ ཝུན་ཤིང་ ཀོང་ཇོ་ བལ་ཡུལ་ རྒྱལ་པོའི་ སྲས་མོ་ བལ་བཟའ་ རྣམ་གཉིས་ བཙུན་མོ་ལོ་ བཞེས། ཁོང་གཉིས་ དང་ མཉམ་པོ་ ཇོ་བོ་ ཤཱཀྱ་མུ་ནེ་ དང༌། ཇོ་བོ་ མི་བསྐྱོད་ རྡོ་རྗེ་གཉིས་ཡང་ བོད་ལོ་ གདན་ ཞུས་སྟི་ དམ་པའི་ ཆོས་ཀྱི་ སྲོལ་གཏོད་དོ།
བོད་ཀྱི་ རྒྱལ་རབས་ ཉེར་བརྒྱད་པོ་ ཆོས་རྒྱལ་ ཁྲི་སྲོང་ནེ་ ཁྲི་ལྡེ་ གཙུག་བརྟན་ མེས་ ཨག་ཚོམ་ དང་ སྣ་ནམ་བཟའ་ གཉིས་ཀྱི་ སྲས་ལོ་ ཕྱི་ལོར་ (དུང་དཀར་ ཚིག་མཛོད་ནང་། 742-797) སྐུ་འཁྲུངས། རྒྱལ་ཁྲི་ལོ་ སྐྱེལ་དུས་ སྐུ་ན་ ལེབ་སྟི་ གཞོན་གཞོན་ ཨིན། རྗེས་མ་ ནང་ཆོས་ དར་རྒྱས་ལོ་ གནང་བའི་དོན་ མཁན་ཆེན་ བྷོ་དྷི་ས་ཏྭ། སློབ་དཔོན་ པདྨ་འབྱུང་གནས་ རྣམ་གཉིས་ གདན་འདྲེན་ ཞུས་སྟི་ བསམ་ཡས་ མི་འགྱུར་ ལྷུན་གྱིས་ གྲུབ་པའི་ གཙུག་ལག་ཁང ་བཞེངས། རྒྱ་གར་ དང་ བལ་ཡུལ་ སོགས་ལས་ པཎྜི་ཏ་ མང་དྲགས་ གདན་ཞུས། བོད་ཀྱི་ སྒྲ་སྒྱུར་ ལོ་ཙཱ་བ་ དང་ མཉམ་རུབ་ཀྱིས་ བཀའ་ མདོ་རྒྱུད་ མང་པོ་ བོད་སྐད་ལོ་ བསྒྱུར། སངས་རྒྱས་ བསྟན་པའི་ གཞི་རྩ་ སད་མི་ མི་བདུན་གྱིས་ དབུ་འཁྱིད་སྟི་ འབངས་ སུམ་བརྒྱ་ རབ་ཏུ་འབྱུང་སྡི་ དགེ་འདུན་གྱི་ སྡེ་བཙུགས། སངས་རྒྱས་ཀྱི་ བསྟན་པོ་ གངས་ལོ་ ཉི་མ་ ཤར་བོ་ འདྲ་བོ་ དར་ཞིང་ རྒྱས་པར་ མཛད་དོ།
འདི་ལས་ སྦས་ཡུལ་ འདི་ན་ སངས་རྒྱས་ཀྱི་ བསྟན་པོ་ དར་ཚུལ་ ནི། སྔ་དར། བར་དར། ཕྱི་དར་ གསུམ་ལས་ དང་པོ་ སྔ་དར་ ནེ། དང་པོ་ འཕགས་པ་ སྤྱན་རས་ གཟིགས་ཀྱིས་ གནས་དབེན་པོ་ སྦས་ཡོད་པོ་ ཐམས་ཅད་ ཆོས་སྒྲུབ་པའི་ གནས་ལོ་ བྱིན་གྱིས་རླབས། འདི་ལས་ མི་ལོ་ སུམ་བརྒྱའི་ རྗེས་ འབྲས་ལྗོངས་ཀྱི་ མཛོད་ལྔ་ སྟག་རྩེའི་ སྟེང་ལོ་ ལྷའི་དབང་པོ་ རྒྱ་སྦྱིན་ བྱོན་སྡི་ གནས་སྒོ་ ཕྱེ༹། འདི་ལས་ མི་ལོ་ སྟོང་ཕྲག་ གསུམ་ དང་ གསུམ་བརྒྱའི་ རྒྱབ་ལོ་ དུས་རབས་ བརྒྱད་པའི་སྐབས་ ཨོ་རྒྱན་གྱི་ སློབ་དཔོན་ ཆེན་པོ་ དང་ རྗེས་འབངས་ ཉེར་ལྔ་བཅས་ རྫུ་འཕྲུལ་གྱིས་ ཧྲིབ་ཚོད་ལོ་ བྲག་དཀར་ བཀྲ་ཤིས་སྡིངས་ལོ་ བྱོན། འབྲས་ལྗོངས་ཀྱི་ ཕྱོགས་ ཐམས་ཅད་ལོ་ ཞབས་ཀྱིས་བཅགས། མ་འོངས་པའི་ དོན་ལོ་ གཏེར་སྦས། གངས་ མཚོ་ རི་བྱ༹ག་ ཐམས་ཅད་ བྱིན་གྱིས་ རླབས་སོ།
གཉིས་པོ་ བར་དར་ནེ། དུས་རབས་ བཅུ་བཞི་པའི་ སྐབས་ རིག་འཛིན་ རྒོད་ལྡེམ་ཅན་ (1337-1408) བྱོན་སྡི་ གནས་ཞལ་ ཕྱེ༹། དུས་རབས་ བཅོ་ལྔའི་ ནང་ མོན་ ཀཿཐོག་ བསོད་ནམས་ རྒྱལ་མཚན། (1466-1540) དུས་རབས་ བཅོ་ལྔའི་ སྨད་ཙམ་ལོ་ མངའ་རིས་ རིག་འཛིན་ ལེགས་ལྡན་རྗེ་ (1500-1613) བྱོན་སྡི་ དཔའ་བོ་ ཧཱུྃ་རི་ལོ་ སྒྲུབ་སྡེ་ བཙུགས། ལྷ་རི་ སྙིང་ཕུག་ལས་ ཟབ་གཏེར་ བཞེས་སྟི་ བསྟན་པ་ལོ་ ཕྱག་རྗེས་ བཟང་པོ་ གནང་བོ་ ཡན་ བསྟན་པོ་ བར་དར་སེ་ ཞུ།
གསུམ་པོ་ ཕྱི་དར་ནེ། དུས་རབས་ བཅུ་བདུན་པའི་ བར་ལོ་ ཨོ་རྒྱན་ གུ་རུས་ ལུངས་བསྟན་པའི་ སྤྲུལ་པའི་ རྣལ་འབྱོར་ མཆེད་བཞི་ བྱོན། དང་པོ། རྒྱལ་བ་ ལྷ་བཙུན་ ཆེན་པོ་ ནམ་མཁའ་ འཇིགས་མེད་ (1597-1652) མཆོག་ནེ་ ཕྱི་ལོ་ གཅིག་སྟོང་ དྲུག་བརྒྱ་ བཞི་བཅུ་ ཞེ་དྲུག་ལོར་ སྦས་གནས་ འདི་ནང་ བྱོན་བོ་ གནང་། བྲག་དཀར་ བཀྲ་ཤིས་ སྡིངས་ལོ་ བྱོན་སྡི་ སྦྱིན་བསྲེག ཁྲུས་གསོལ་ སོགས་གནང་། ཡུག་སམ་ སྒྲུབ་སྡེ་ གསང་སྔགས་ རྡོ་རྗེ་གདན། གསང་སྔགས་ ཆོས་གླིང་། འོག་མིན་ གསང་ཆེན་ པདྨ་ཡང་རྩེ་ དགོན་བཅས་ བཞེངས་པོ་ གནང་། འབྲས་ལྗོངས་ཀྱི་ ཕ་ཆོས་ རིག་འཛིན་ སྲོག་སྒྲུབ་ དག་སྣང་ལས་ ཟབ་གཏེར་ བཞེས། འདེ་སྟི་ སངས་རྒྱས་ཀྱི་ བསྟན་པའི་ རྩ་བ་བཙུགས་ཀོ་ གནང་ཡོད་པོ་ རྗེས་འཇུག་ཀོ་ཙུས་ ད་ལྟའི་བར་ མི་ཉམས་པར་ བདག་བཟུང་ གནང་བཞིན་པོ་ ཨིན།
གཉིས་པོ། མངའ་བདག་ སེམས་དཔའ་ཆེན་པོ་ ཕུན་ཚོགས་ རིག་འཛིན་ (1592 – 1656) མཆོག་ནེ་ ཕྱི་ལོ་ གཅིག་སྟོང་ དྲུག་བརྒྱ་ བཞི་བཅུ་ ཞེ་གཉིས་ལོར་ སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ ཞབས་ཀྱིས་ བཅགས། འབྲས་ལྗོངས་ རྒྱལ་པོ་ དང་པོ་ སེར་ཁྲི་ མངའ་སྲོལ་ ཕུལ། ཡུག་སམ་ལོ་ ལྷ་ཁང་དམར་པོ། བྲག་དཀར་ བཀྲ་ཤིས་སྡིངས་ གནས་ཀྱི་ ངོས་འཛིན་ གནང་རྗེས་ བཀྲ་ཤིས་ དགེ་ལེགས་ དགོན་པོ། ཟིལ་གནོན་ དགོན་པོ། བྱམས་པ་ ལྷ་ཁང་བཅས་ བཞེངས་པོ་ གནང་། བུམ་ཆུ་ རིན་པོ་ཆེ་ཡང་ སྦས་ཡུལ་ འདི་ན་ གདན་ཞུས། སངས་རྒྱས་ བསྟན་པའི་ རྩ་བ་ བཙུགས་ཀོ་ གནང་བོ་ལས་ རིམ་པར་ ཁོང་གི་ གདུང་བརྒྱུད་ལས་ ཆད་སྟི་ ད་ལྟའི་ བར་ལོ་ ཕྱག་བཞེས་ མ་ཉམས་པར་ རྒྱུན་སྐྱོང་བཞིན་ ཡོད།
གསུམ་པོ། ཀཿཐོག་ ཀུན་ཏུ་ བཟང་པོས་ ཡུག་སམ་ལོ་ ཀཿཐོག་ ལྷ་ཁང་ བཞེངས། བླ་ཆེན་ རྣམ་གསུམ་ ཡུག་སམ་ལོ་ ཞལ་འཛོམས་ གནང་སྡི་ འབྲས་ལྗོངས་ཀྱི་ ས་སྣ་ རྡོ་སྣ་ དང་ དམ་རྫས་ རྩ་ཆེན་ལས་ ཡུག་སམ་ ནོར་བུ་ སྒང་ལོ་ མཆོད་རྟེན་ བཀྲ་ཤིས་ འོད་འབར་ བཞེངས། ཡུལ་འདིའི་ རྒྱལ་པོ་ དང་པོ་ ཕུན་ཚོགས་ རྣམ་རྒྱལ་ (1604-1670) མཆོག་ལོ་ རྟེན་འབྲེལ་ རྒྱས་པོ་ བྱ༹ས་སྟི་ གསེར་ཁྲི་ མངའ་སྲོལ་ འཕུལ། བླ་མ་ རང་རང་ སོ་སོའི་ དགོན་སྡེ་ སྒྲུབ་སྡེ་ཙུ་ ཕྱག་བཏབས་པོ་ གནང་བོ་ ལས་ ད་ལྟའི་ བར་ལོ་ སངས་རྒྱས་ཀྱི་ བསྟན་པོ་ མ་ཉམས་ པར་དར་རྒྱས་ རྒྱུ་བཞིན་པོ་ ཨིན་ནོ།།