Traditional Attires

འབྲས་ལྗོངས་ ལྷོ་པའི་ གྱོན་ཆས་ཙུའི་ སྐོར།

འབྲས་ལྗོངས་ ལྷོ་པའི་ གྱོན་ཆས་ འདི་ཙུ་ མང་ཆེ་ཤོས་ ཁ་མཐོ་ས་ གངས་རི་ རྒྱུད་སྟི་ གྱོན་ཤད་ཀྱི་ གྱོན་ཆས་ དོན་ལས་ བཟོས་ བཞག་ཡོད་པོ་ ཨིན་དུས་ ཕོ་མོ་ གཉིས་ཀའི་ གྱོན་ཆས་ གོས་ལག་ འདི་ཙུ་ ཐམས་ཅད་ རས་ གཉིས་རྩེག་ གསུམ་རྩེག་ བྱ༹ས་སྟི་ བཟོ་བཞག་ ཡོད་པོ་ ཙང་ཙང་ ཨིན། ང་ཅའི་ གྱོན་ཆས་ འདི་ཙུ་ སྔོན་དུས་ལས་ དེང་སང་ བར་ལོ་ མཐོང་སྣང་ལོ་ འགྱུར་བ་ ལེབ་སྟི་ ཆུང་ཆུང་ མན་བོ་  གཞན་ གན་ཡང་ ཐོན་ མིན་འདུག  སྔོན་དུས་ཀྱི་ གྱོན་ཆས་ དང་ དེང་སང་གི་ གྱོན་ཆས་ བར་ལོ་ རས་ བཟང་ངན་ལོ་ འགྱུར་བ་ སྦོམ་བོ་ ཐོན་ ཡོད་པོ་ དང་། གྱོན་ཆས་ འདི་ཙུ་ ཚེམ་བཟོ་ མཁན་ཙུས་ བཟོ་བའི་ སྐབས་ལོ་ སྔོན་དུས་ དང་ དེང་སང་ གཉིས་ཀའི་ དུས་ལོ་ རག་གི་ ཐོབ་ཇི་ རྐྱབས་སྲོལ་ འདྲ་བོ་ ཡོད་པོ་ ཨིན། འདི་ལས་ དེང་སང་གི་ དུས་ན་ འབྲས་ལྗོངས་ ལྷོ་པའི་ ཕོ་གོས་ འདི་ མང་ཆེ་ཤོས་ དུས་སྟོན་ སྦོམ་པོའི་ སྐབས་ལོ་ གྱོན་སྡི་ བེད་སྤྱོད་ བྱ༹ས་བཞིན་པོ་ ཨིན་རུང་ མོ་གོས་ འདི་ནི་ སྔོན་དུས་ དང་ དེང་སང་ གཉིས་ཀའི་ དུས་ལོ་ ལེབ་སྟི་ བེད་སྤྱོད་ བྱ༹ས་བཞིན་པའི་ གྱོན་ཆས་ གཅིག་ ཆགས་ ཡོད་པོ་ སྦད། འདི་ལས་ འབྲས་ལྗོངས་ ལྷོ་པའི་ མོ་གོས་ འདི་ ལྷོ་རིགས་ རྒན་གཞོན་ བར་གསུམ་ ཐམས་ཅད་ཀྱིས་ དུས་ ཨ་བཏང་རང་ བེད་སྤྱོད་ བྱ༹ས་ བཞིན་པོ་ གཅིག་ཀུ་ མ་ཨིན་བར་ མི་རིགས་ གཞན་ ཐམས་ཅད་ཀྱི་ཡང་ གྱོན་ཆས་ འདི་ལོ་ དགའ་དད་ཀྱི་ ནང་ལས་ བེད་སྤྱོད་ བྱ༹ས་བཞིན་པའི་ གྱོན་ཆས་ གལ་ཆེན་ཅིག་ ཆགས་ཡོད་པོ་ ཨིན། འོག་ལོ་ ཕོ་གོས་ དང་ མོ་གོས་ གཉིས་ཀྱི་ དབྱེ་བ་ དང་ བཟོ་ཆས་ ག་ལྟེམ་ ཡོད་པོ་ འདིའི་ སྐོར་ལོ་ གསལ་བཤད་ བྱ༹ས་ ཡོད།

ལྷོ་པའི་ ཕོ་རིགས་ཙུའི་ གྱོན་ཆས་ སྐོར་ནེ། 

ཕོ་གོས་ འདི་ཙུ་ གོས་ ལབ་སྟི་ སྐུ་སྟོད་ལས་ སྐུ་སྨད་ པུས་མོས་ལས་ འོ་ཙ་ཟང་ ཡོད་མཁན་ སྐེད་པ་ལོ་ སྐེད་རགས་ འཆིང་སྡི་ གྱོན་ཤད་ ཡོད་པོ་ ཅིག་ལོ་ ལབ་ཏོ་ ཨིན། གོས་ཀྱི་ ནང་ལོ་ འོན་ཐ་ཇི་ གྱོན་སྲོལ་ ཡོད་པོ་ དང་ འདི་ལས་ གོས་ཀྱི་ ཕྱི༹་ལོག་ལོ་ འཇའ་འཇའ་ ལབ་སྟི་ ཕུ་ལུང་ མེད་པོ་ ཁོག་སྟོད་ལོ་ གྱོན་མཁན་ གོས་ལག་ཅིག་ཡང་ རང་སར་ གྱོན་སྲོལ་ ཡོད། འོན་ཐ་ཇི་ ལབ་མཁན་ འདི་ དེང་སང་ སྟོད་ལི་ དང་ འདྲའོ་ ནང་ཤ་ལས་ གྱོན་མཁན་ གོས་ལག་ ཅིག་ཨིན། འདི་སྡི་ མང་ཆེ་ཤོས་ གཅིག་གི་ རས་ མཚོན་མདོག་ དཀར་པོས་ བཟོ་སྲོལ་ ཡོད་རུང་ དེང་སང་ ཁ་མདོག་ རང་གི་ གན་དགའ་ བེད་སྤྱོད་ བྱ༹ས་བཞིན་པོ་ ཨིན། འདི་ལས་ སྔོན་དུས་ན་ གོས་ཀྱི་ ནང་ཤ་ལས་ གྱོན་ཤད་ཀྱི་ གོས་ལག་ རྒྱ་དོར་ ལབ་སྟི་ དེང་སང་གི་ དོརམ་ དང་ འདྲའོ་ཅིག་ གྱོན་སྲོལ་ ཡོད་རུང་ དེང་སང་ ཐམས་ཅད་ཀྱི་ གོས་ཀྱི་ ནང་ཤ་ དོརམ་ར་ གྱོན་ བཞིན་པོ་ ཨིན། ཞབས་ལོ་ ཟོན་པོ་ ལབ་སྟི་ ལུག་གི་ བལ། གཡག་ དང་ གླང་གི་ ཀོམ་པོ་ལས་ བཟོས་ ཡོད་པའི་ ལྷམ་ པུས་མོ་ལས་ འོ་ཙ་ བར་ལོ་ ཡོད་པའི་ ལྷམ་ རིང་ཀུ་ཅིག་ གྱོན་ བཞིན་པོ་ ཨིན་རུང་ དེང་སང་ ཨོ་འདི་ཙུའི་ ཚབ་ལོ་ ལྷམ་ དང་ དུས་ཀྱི་ གནས་སྟངས་ལོ་ གཞི་བཞག་སྟི་ ལྷམ་ ཨོ་འདི་ཙུ་ གྱོན་སྲོལ་ མེད། མགོ་ལོ་ ཞམ་བུ་ མཐོ་རིལ་ ལབ་མཁན་ཅིག་ཡང་ གྱོན་སྲོལ་ ཡོད་རུང་ དེང་སང་ ཞམ་བུ་ མཐོ་རིལ་ བེད་སྤྱོད་ བྱ༹ས་མཁན་ ལེབ་སྟི་ ཉུང་ཉུང་ ཨིན།

འདི་ལས་ དུས་བཟང་ དང་ དུས་སྟོན་ སྐབས་ལོ་ གྱོན་ཤད་ཀྱི་ དོན་ལས་ བཟོ་ཡོད་པའི་ སྣམ་བཟའ་ འདི་ཙུ་ ཐམས་ཅད་ རྒྱུ་ གོས་ཆེན་ དང་ ཨ་ཤམ་ལས་ གྲུབ་གྲུབ་པོ་ ཙང་ཙང་ བེད་སྤྱོད་ བྱ༹ས་ བཞིན་པོ་ དང་ འཇའ་འཇའ་ འདི་ཙུ་ མང་ཆེ་ཤོས་ རྒྱུ་ གྲུལ་ཙི་ལས་ གྲུབ་གྲུབ་པོ་ ཅིག་ ཡོད་པོ་ ཨིན། འདི་ལས་ འབྲས་ལྗོངས་ ལྷོ་པོ་ཙུ་ཀིས་ མདའ་ཚ་ རྐྱབས་པའི་ སྐབས་ལོ་ གྱོན་མཁན་ ཕོ་གོས་ ཁོག་སྨད་ཅན་ མདའ་འཇོ/སྒྲོན་འཇུག་ ལབ་མཁན་ ཅིག་ཡང་ གྱོན་སྲོལ་ ཡོད་པོ་ ཨིན། འདི་སྡི་ རྩེད་མོ་ མདའ་ཚ་ སོགས་ རྩེད་བའི་ སྐབས་ལོ་ འཇོ་བདེ་བའི་ དོན་ལས་ གྱོན་བཞིན་ ཡོད་པོ་ ཨིན། འདི་ལས་ གཞན་ ཨ་བཏང་ བེད་སྤྱོད་ བྱ༹ས་བའི་ དོན་ལས་ བཟོ་བཞིན་པའི་ གོས་ལག་ འདི་ཙུ་ རས་ དཀྱུས་མ་ རང་རང་ སོ་སོའི་ དབང་ཐང་ལོ་ གཞི་བཞག་སྟི་ བཟོ་བཞིན་པོ་ ཨིན།

མོ་རིགས་ཙུའི་ གྱོན་ཆས་ ནེ།

འབྲས་ལྗོངས་ ལྷོ་པའི་ མོ་རིགས་ཙུ་ཀི་ སྔོན་དུས་ལོ་ བེད་སྤྱོད་ བྱ༹ས་བཞིན་པའི་ གྱོན་ཆས་ཙུ་ མོ་གོས་ སྐེད་རགས་ རང་ས་ ཡོད་པའི་ གོས་ དང་ འདིའི་ འོག་ལོ་ འོག་འཇུག་ཡང་ གྱོན་སྲོལ་ ཡོད།  འདིའི་ སྟེང་ལོ་ སྐུ་ཤོང་ ལབ་སྟི་ དུས་སྟོན་ བཟང་པོའི་ སྐབས་ལོ་ གྱོན་ཤད་ཀྱི་ གྱོན་ཆས་ རྒྱུ་ གོས་ཆེན་ལས་ སྒྲུབ་པོ་ དེང་སང་གི་ ཀོཊ དང་ འདྲ་བའི་ གོས་ཡང་ གྱོན་སྲོལ་ ཡོད།

མགོའི་ སྟེང་ལོ་ དབུ་ཞ་ ཚེ་རིང་ སྐྱན་གབ་ ༼ཀུན་དགའ་༽ ལབ་མཁན་ དང་ མོ་རིལ་ རྣ་ཅོག་ ལབ་མཁན་ བཞེས་སྲོལ་ ཡོད། འདི་ལས་ བུམ་ གཉེན་ རྐྱབས་རྐྱབས་པོ་ཙུ་ཀིས་ སྤང་གདན་ ལབ་སྟི་ པང་པ་ རས་ལས་ བཟོ་ ཡོད་པའི་ དངོས་ཆས་ ཅིག་ཡང་ རྐྱབས་སྲོལ་ ཡོད།

འདི་ལས་ བུ་ དང་ འདྲའོ་བྱ༹ས་ བུམ་ཙུས་ ཞབས་ལོ་ ཞབས་ལྷམ་ མོ་ཟོམ་ ལབ་སྟི་ ལུག་གི་ བལ། གཡག་ དང་ གླང་གི་ ཀོམ་པོ་ལས་ བཟོས་ ཡོད་པའི་ ལྷམ་ པུས་མོ་ལས་ འོ་ཙ་ བར་ལོ་ ཡོད་པའི་ ལྷམ་ རིང་ཀུ་ཅིག་ གྱོན་སྲོལ་ ཡོད།

ལྷོ་རིགས་ཙུའི་ གྱོན་ཆས་ ནང་ལས་ ཕོ་གོས་ འདི་ཙུ་ སྔོན་དུས་ ལས་ ད་ལྟ་ཟང་ གན་ཡང་ འགྱུར་བ་ ཐོན་ མེད་པོ་ འདེམ་ཅིག་ ཡོད་རུང་། མོ་གོས་ འདི་ཙུ་ རྒྱབ་ལས་ འགྱུར་བོ་ ཨ་ཙི་རེ་ ཐོན་འདུག འགྱུར་བ་ འདི་ཙུ་ ཕྱི་ལོ་ ༡༩༥༠ ལས་ ༡༩༦༠ སྐབས་ལོ་ དར་ཁྱབ་ ཐོན་དུས་ ད་ལྟའི་ གནས་སྐབས་ན་ མི་རིགས་ ཐམས་ཅད་ དང་ ན་ཚོད་ རྒན་གཞོན་ ཐམས་ཅད་ཀྱི་ བེད་སྤྱོད་ བྱ༹ས་ བཞིན་པའི་ གྱོན་ཆས་ཅིག་ ཐོན་ཡོད། གྱོན་ཆས་ འདི་སྡི་ གོས་ དང་ འོག་འཇུག་ མཉམ་པོ་ འཇམ་དྲགས་ ནང་ལས་ གྱོན་མཆོག་ ཨིན་བ་ལོ་ མཐོང་སྣང་ལོ་ཡང་ ལེབ་སྟི་ མཛེས་དྲགས་ ཡོད་དུས་ དར་ཁྱབ་ མ་ལག་ བྱུང་འདུག

གྱོན་ཆས་ བཟོ་བའི་ དོན་ལས་ བེད་སྤྱོད་ བྱ༹ས་ བཞིན་པའི་ རས་ཙུ་ རྒྱུ་ བལ། གོས་ཆེན། གྲུལ་ཙི་ དང་ དེང་སང་གི་ རས་ རྩ་ཆེན་ དང་ རས་ དཀྱུས་མ་ལས་ བཟོ་བཞིན་པོ་ དང་ ཕོ་གོས་ དང་ འདྲའོ་བྱ༹ས་ གོས་ཆེན་ འདི་ཙུ་ དུས་སྟོན་ བཟང་པོའི་ སྐབས་ལོ་ གཅིག་ཀུ་ བེད་སྤྱོད་ བྱ༹ས་བཞིན་པོ་ ཨིན་ནོ།། ༎

 

ཀརྨ་ ཆོས་སྒྲོན་ དགོན་གསར་པོ།

 སྟ་སྡོང་ མཐོ་རིམ་ སློབ་ག