༈ རྩ་ཁྲིམས་ གསུམ་བརྒྱ་ དོན་གཅིག (སྡེ་ཚན་ F)
དམིགས་གསལ་ འབྲས་ལྗོངས་ མངའ་སྡེའི་ དོན་ལས་ མཐུན་མོ་ མ་ཨིན་པའི་ གཞི་རྩ།
ཀ་ སྡེ། འབྲས་ལྗོངས་ མངའ་སྡེའི་ གྱོས་ཚོགས་ ནང་ལོ་ འཐུས་མི་ གསུམ་བཅུ་ སོ་གཉིས་ལས་ མི་ཉུང་པོ་ དགོས་པོ།
ཁ་སྡེ། རྒྱ་གར་ རྩ་ཁྲིམས་ སྟེང་ལོ་ བསྐྱར་བཅོས་ ༣༦ ཀོ་ འགོ་བཙུགས་ཀོ་ལས་ ཚུར་སྟི་ ༼ཕྱི་ལོ་ ༡༩༧༥༽ རྩ་ཁྲིམས་ འདི་ལོ་ ངོས་ལེན་ བྱ༹ས་བའི་ ཉིན་ལོ་ ངོས་འཛིན་ བྱ༹ས་ཤད་ ཨིན།
ཁ་སྡེ་ཀྱི་ ༡། ཕྱི་ལོ་ ༡༩༧༤ ཕྱི་ཟླ་ ༥་ འོས་ཤོག་ ཐོན་བོ་ ནང་ལྟར་ འབྲས་ལྗོངས་ མངའ་སྡེའི་ གྱོས་ཚོགས་ ནང་ལོ་ འོདའདེམས་ ཐོག་ལས་ རྒྱལ་ཁ་ ཐོབ་པའི་ འཐུས་མི་ སུམ་བཅུ་ རྩ་གཉིས་པོ་ འདི་ལོ་ འབྲས་ལྗོངས་ མི་མང་ དོན་ལོ་ རྩ་ཁྲིམས་ བཟོ་འོད་པའི་ འཐུས་མི་ ལབ་སྟི་ རྒྱ་གར་ རྩ་ཁྲིམས་ ནང་ལྟར་ ངོ་འཛིན་ བྱ༹ས་ཡོད།
ཁ་སྡེ་༢། འོད་འདེམས་ བྱ༹ས་ ཡོད་པའི་ འཐུས་མི་ཙུ་ལོ་ འབྲས་ལྗོངས་ མངའ་སྡེའི་ ཁྲིམས་བཟོ་ ལྷན་ཚོགས་ ལབ་སྟི་ རྒྱ་གར་ མངའ་སྡེའི་ རྩ་ཁྲིམས་ ནང་ལྟར་ ངོས་འཛིན་ བྱ༹ས་ ཡོད་པོ་ དང་།
ཁ་སྡེ་༣། རྩ་ཁྲིམས་ དོན་ཚན་ འདིའི་ནང་ལྟར་ འབྲས་ལྗོངས་ གྱོས་ཚོགས་ འཐུས་མི་ཙུ་ཀིས་ མངའ་སྡེ་ འདིའི་ ནང་གི་ ཕྱག་ལས་ འགན་ཁུར་ གནང་ དགོས་པོ།
ག་སྡེ། གལ་སྲིད་ གྱོས་ཚོགས་ འཐུས་མི་ཙུ་ལོ་ ཁྲིམས་བཟོ་ ལྷན་ཚོགས་ ཅིག་ལོ་ ཆ་བཞག་ བྱ༹ས་ན་ རྒྱ་གར་ རྩ་ཁྲིམས་ ༡༧༢་ ནང་ལྟར་ ཨིན་ན་ ལོ་ངོ་ ལྔའི་ རིང་ལོ་ འོད་འདེམས་ བྱ༹ས་དོ་ ཨིན་རུང་ ༼འབྲས་ལྗོངས་ ནང་གི་ འཐུས་མི་ འདི་ཙུའི་ དུས་ཡུན་ འདི་ ལོ་ན་ ༡༩༧༤ ཚུར་ རྩེ་ཤད་བྱ༹ས་ ཨིན༽
སྡེ་ཚན་ གཉིས་པོའི་ དོན་ཚན་ ནང་ལྟར་ འཐུས་མི་ཙུའི་ དུས་ཚོད་ འདི་ ལོ་ངོ་ བཞིའི་ རིང་ ཨིན་དགོས་པོ་ དང་ འདི་ལས་ ལོ་ངོ་ བཞི་འདི་ ཕྱི་ལོ་ ༡༩༧༥ ལར་ཚུར་ རྩེ་དགོས།
ང་སྡེ། རྒྱ་གར་ དབུས་གཞུང་གི་ རྩ་ཁྲིམས་ གསར་པོ་ མན་བཟོའི་ བར་ལོ་ འབྲས་ལྗོངས་ མངའ་སྡེ་ འདི་ལས་ རྒྱ་གར་ མངའ་སྡའི་ གྱོས་ཚོགས་ འོག་མའི་ ནང་ལོ་ འཐུས་མི་ གཅིག་གི་ ངོ་ཚབ་ བྱ༹ས་ཤད་ ཨིན་བོ་ དང་ འདི་ལས་ འབྲས་ལྗོངས་ རྒྱལ་ཡོངས་ འདི་ལོ་ འོས་འདུ་ སྡེ་ཚན་ གཅིག་ལོ་ ངོས་འཛིན་ བྱ༹ས་ཡོད།
ཅ་སྡེ། རྒྱ་གར་ མངའ་སྡེའི་ གྱོས་ཚོགས་ འོག་མའི་ ནང་ལོ་ འབྲས་ལྗོངས་ མངའ་སྡེའི་ ངོ་ཚབ་ཅིག་ འབྲས་ལྗོངས་ འཐུས་མི་ ཁྲིམས་བཟོ་ ལྷན་ཚོགས་ ཐམས་ཅད་ཀྱི་ གྱོས་མཐུན་ ཐོག་ལས་ བཏང་ཤད་ ཨིན་བོ།
ཆ་སྡེ། འབྲས་ལྗོངས་ མངའ་སྡེ་ ནང་ལོ་ མི་རིགས་ མང་འདྲའོ་ མང་དྲགས་ ཡོད་དུས་ འདི་ ཐམས་ཅད་ཀྱི་ གཞི་རྩ་ དང་ ཐོབ་ཐང་ གན་ཡོད་ ཐམས་ཅད་ སྲུང་སྐྱོབ་ དོན་ལོ་ འཐུས་མི་ཅིག་ མངའ་སྡེའི་ གྱོས་ཚོགས་ ནང་ལོ་ ཡོད་དགོས་ དུས་ འདིའི་ དོན་ལས་ རྒྱ་གར་ དབུས་གཞུང་གི་ རྩ་ཁྲིམས་ གསར་པོ་ བཟོ་དགོས་པོ་ དང་། འཐུས་མི་ འདི་ཙུ་ མི་རིགས་ འདིའི་ ནང་ལས་ར་ ཡོད་དགོས་པོ་ བཟོ་དགོས་པོ་ ཡང་ན་ གྱང་ཉུང་ མི་རིགས་ ནང་ལས་ཡང་ གྱོས་ཚོགས་ འཐུས་མི་ ཐོན་དགོས་པོ་ ཨིན། འདི་ལས་ འོད་འདེམས་ ས་གནས་ གོ་སྒྲིག་ བྱ༹ས་དུས་ དོན་གནས་ འདི་ཙུ་ སེམས་ལོ་ བཞག་སྟི་ བཟོ་དགོས་པོ།
ཇ་སྡེ། འབྲས་ལྗོངས་ མངའ་སྡེའི་ སྲིད་འཛིན་ མཆོག་གི་ ལས་འགན་ གཙོ་བོ་ འདི་ ཡུལ་ འདིའི་ ནང་ལོ་ ཡོད་པའི་ མི་རིགས་ ཐམས་ཅད་ གཅིག་མཐུན་ ཐོག་ལས་ ཡར་རྒྱས་ ཐོན་བཞིན་ ཡོད་མེད་ བལྟ་དགོས་པོ་ དང་ ཡུལ་ འདིའི་ ཞི་བདེ་ ནང་ལོ་ གནས་ ཡོད་མེད་ བལྟ་དགོས་པོ་ དང་། འདིའི་ དོན་ལོ་ སྲིད་འཛིན་ མཆོག་གི་ ཟང་ཐལ་ ལྟ་རྟོགས་ བྱ༹ས་མཆོག་ཀོ་ དང་ ཁྲིམས་ལུགས་ གསར་པོ་ཡང་ བཟོ་མཆོག་པའི་ དབང་ཐང་ ཡོད།
ཉ་སྡེ། སྔོན་དུས་ལོ་ འབྲས་ལྗོངས་ ཕྱི་ནང་ ག་ན་ ཡོད་པོ་ ཨིན་རུང་ འབྲས་རྒྱལ་ གཞུང་གི་ མངའ་འོག་ལོ་ ཡོད་པའི་ ས་ཞིང་ ཁང་ཁྱིམ་ དང་ དགོན་པོ་ ལ་སོགས་པོ་ གན་ཡོད་པོ་ ཐམས་ཅད་ འདི་ལས་ ཚུར་སྟེ་ འབྲས་གཞུང་ རང་གི་ མངའ་འོག་ལོ་ ཨིན་བོའི་ ངོ་འཛིན་ བྱ༹ས་ཡོད།
ཏ་སྡེ། སྔོན་ལོ་ ཡོད་པའི་ འབྲས་གཞུང་གི་ ཁྲིམས་ཁང་ འདི་ལོ་ ཕྱི་ལོ་ ༡༩༧༥་རྒྱབ་ལས་ རྒྱ་གར་ དབུས་གཞུང་གི་ རྩ་ཁྲིམས་ དོན་བཞིན་ ཁྲིམས་ཁང་ སྦོམ་པོ་ ལབ་སྟི་ ཁས་ལེན་ དང་ ངོས་འཛིན་ བྱ༹ས་ ཡོད།
ཐ་སྡེ། འབྲས་ལྗོངས་ མངའ་སྡེའི་ ནང་ལོ་ ཡོད་པའི་ ཁྲིམས་འགལ་ ཉེས་སྐྱོན་ སྲུང་སྐྱོབ་ དོན་ལོ་ ཡོད་པའི་ ཁྲིམས་ཁང་། ཞི་པའི་ ཁྲིམས་ཁང་ དང་ ཁྱལ་ དང་ ཡོང་འབབ་ དོན་ལོ་ ཡོད་པའི་ ཁྲིམས་ལ་སོགས་པོ་ གན་ཡོད་ ཐམས་ཅད་ སྔོན་སྲོལ་ ལྟར་ མཉམ་ལེན་ བྱ༹ས་མཆོག་པའི་ བཀའ་བརྒྱ་ གནང་ཡོད་ རུང་ འདི་ཙུ་ ཐམས་ཅད་ རྒྱ་གར་ མངའ་སྡེའི་ རྩ་ཁྲིམས་ དོན་བཞིན་ བྱ༹ས་ དགོས་པོ།
ད་སྡེ། ཕྱི་ལོ་ ༡༩༧༥ སྔོན་ལོ་ ཡོད་པའི་ འབྲས་ལྗོངས་ རང་གི་ ལམ་ལུགས་ དང་ རྩ་ཁྲིམས་ རྙིང་ཀོ་ ག་ཚོད་ ཡོད་པོ་ ཐམས་ཅད་ འགྱུར་བ་ གན་ཡང་ མེད་པའི་ ཐོག་ལས་ སྔོན་དུས་ དང་ འདྲའོ་ བྱ༹ས་སྟི་ ངོ་ལེན་ བྱ༹ས་ཤད་ ཨིན། འདི་ཙུ་ལོ་ ནམ་ཟང་ ཁྲིམས་མཐུན་ ལམ་ལུགས་ བཟང་བའི་ ཐོགས་ལས་ འགྱུར་བ་ མ་བཏང་ཟང་ གཞན་ ཀག་ཀི་ཡང་ འགྱུར་བ་ བཏང་ མི་མཆོག
ན་སྡེ། རྒྱ་གར་ དབུས་གཞུང་ དང་ འབྲེལ་བ་ དམ་ཟབ་ ཐོབ་བོའི་ དོན་ལོ་ དང་ འདི་ལས་ འབྲས་ལྗོངས་ མངའ་སྡེའི་ ནང་ལོ་ སྒྲིགས་ཁྲིམས་ ལག་ལེན་ བྱ༹ས་ཤདལོ་ སྟབས་མན་བདེ་བོ་ ཐོན་དུས་ ལས་སླ་དྲགས་ བཟོ་ཤད་ དོན་ལོ་ དང་ འདི་ལས་ གཞན་ ཚོགས་པོ་ གཞུང་ དང་ སྒེར་གྱི་ རྩ་ཁྲིམས་ རྙིང་ཀོ་ འདི་ཙུའི་ སྟེང་ལོ་ འགྱུར་བ་ བྱ༹ས་ དགོས་པའི་ ཞུ་ཡིག་ ཐོན་ན་ ད་སྡེ་ ནང་ལོ་ གསལ་ ཡོད་པའི་ དོན་ཚན་ འདི་ཙུའི་ སྟེང་ལོ་ འགྱུར་བ་ གན་ བྱ༹ས་དགོས་པོ་ ཐོན་རུང་ རྒྱ་གར་གྱི་ སྲིད་འཛིན་ མཆོག་གིས་ འགྱུར་བ་གནང་ མཆོག་ཀའི་ བཀའ་རྒྱ་ ཡོད་པོ་ ཨིན་རུང་ འདི་ཙུ་ ཐམས་ཅད་ ཕྱི་ལོ་ ༡༩༧༥་ རྒྱབ་ལས་ ལོ་ངོ་ གཉིས་ཀྱི་ ནང་ལོ་ བྱ༹ས་དགོས་པོ་ དང་ འདི་ལས་ ཕར་ ཀག་ཀི་ཡང་ འདིའི་ སྟེང་ལོ་ ངོ་རྒོལ་ དང་ འགྱུར་བ་གན་ཡང་ བྱ༹ས་ མི་མཆོག།
པ་སྡེ། སྔོན་གྱི་ ཆིངས་ཡིག་ དང་ གྲོགས་མཐུན་ ཡིག་ཆ་ རྒྱ་གར་ དབུས་གཞུང་ དང་ གཞན་ ཀག་མཉམ་པོ་ བཞག་ ཡོད་པོ་ ཨིན་རུང་ འདི་ལོ་ རྟེན་སྟི་ མ་མཐུན་བོ་ གན་ ཐོན་རུང་ འདིའི་ སྟེང་ལོ་ རྒྱ་གར་གྱི་ ཁྲིམས་ཁང་ སྦོམ་ཆུང་ ག་ཚོད་ ཡོད་པོ་ ཐམས་ཅད་ཀྱི་ ཁྲིམས་ལུགས་ དབང་ཚད་ གན་ཡང་ མེད་དུས་ ག་འདི་ཀིས་ ཡང་ འདིའི་ སྟེང་ལོ་ བྱུས་གཏོགས་ བྱ༹ས་མཆོག་ཀའི་ དབང་ཆ་ གན་ཡང་ མེད། ཨིན་རུང་ རྩ་ཁྲིམས་ ༡༤༣་ ནང་ལྟར་ རྒྱ་གར་ ཁྲིམས་ཁང་ སྦོམ་ཤོག་གི་ རྒྱ་གར་ སྲིད་འཛིན་ མཆོག་ལོ་ དོན་ཚན་ འདིའི་ སྐོར་ལས་ བཀའ་སློབ་ གནང་སྲིད་ཤད་ ཨིན། ཡང་ན་ རྒྱ་གར་ སྲིད་འཛིན་ མཆོག་གི་ དོན་གནས་ འདིའི་ སྐོར་ལོ་ ཁྲིམས་ཁང་ སྦོམ་པོ་ལོ་ བཀའ་གྱོས་ དྲི་མཆོག་ ཨིན།
ཕ་སྡེ། རྒྱ་གར་ མངའ་སྡེ་ གཞན་ ནང་ལོ་ ཡོད་པའི་ རྩ་ཁྲིམས་ འདི་ཙུ་ མངའ་སྡེ་ འདིའི་ ནང་ལོ་ འོས་ཞིང་ ཚམ་པོ་ ཡོད་ན་ རྒྱ་གར་ སྲིད་འཛིན་ མཆོག་གི་ རྩ་ཁྲིམས་ འདི་ལོ་ འགྱུར་བ་ ཆུང་ཆུང་རེ་ བཏང་སྡི་ འདི་ལོ་ མངའ་སྡེ་ འདིའི་ ནང་ལོ་ཡང་ མི་མང་ གསལ་སྒྲགས་ ཐོག་ལས་ ཁྱབ་སྤེལ་ རིང་ཚོད་ བྱ༹ས་མཆོག།
བ་སྡེ། གོང་ལོ་ གསལ་ ཡོད་པའི་ དོན་ཚན་ འདི་ཙུ་ ལག་ལེན་ བྱ༹ས་ཤད་ ལ་སོགས་པོ་ རྙོག་ཁྲའི་ རིགས་ གན་ཐོན་རུང་ འདི་ལོ་ གསལ་ཐབས་ དོན་ལོ་ བཀའ་རྒྱ་ ༦༢ ནང་ལྟར་ རྒྱ་གར་ སྲིད་འཛིན་ མཆོག་གི་ དཀའ་རྙོག་ གསལ་བའི་ དོན་ལས་ གོང་གི་ དོན་ཚན་ སྟེང་ལོ་ འགྱུར་བ་ དང་ གསར་སྒྲིགས་ བྱ༹ས་ མཆོག་ཀོའི་ གནང་བ་ ཡོད། ཨིན་རུང་ འདི་ ཐམས་ཅད་ ཆིངས་ཡིག་ འདི་ བཞག་ཀོའི་ ལོ་ལས་ ཚུར་ ལོ་ངོ་ གཉིས་ཀྱི་ ནང་ལོ་ གནང་དགོས།།
མ་སྡེ། རྒྱ་གར་ རྩ་ཁྲིམས་ སྟེང་ལོ་ ལོག་བཅོས་ ༣༦་ ཕྱི་ལོ་ ༡༩༧༥ ན་ འགོ་བཙུགས་ཀོ་ལས་ ཚུར་ འདི་མཐར་སྒྲུབ་ ཡང་ན་ འདིའི་ སྟེང་ལོ་ སྲིད་འཛིན་ མཆོག་གི་ ཕྱག་མཚན་ མ་གནང་ བར་ལོ་ འབྲས་ལྗོངས་ མངའ་སྡེའི་ སྐོར་ལོ་ ཕྱག་ལས་ དང་ གྱོས་མཐུན་ གན་ གནང་ཡོད་པོ་ ཐམས་ཅད་ རྒྱ་གར་ རྩ་ཁྲིམས་ དང་ མཐུནབོའི་ ནང་ལས་ འགོ་བཙུགས་ མཐར་སྒྲུབ་ བྱ༹ས་ ཡོད་པོ་ ཐམས་ཅད་ལོ་ རྒྱ་གར་ དབུས་གཞུང་གི་ ངོས་ལེན་ དང་ རྩི་སྲུང་ བྱ༹ས་ ཡོད་དོ།། །།