Geography

Bio-diversity

Personalities from Sikkim

སི་ཀིམ་བྷུ་ཊི་ཡའི་ལམ་སྲོལ་འདི་ བོད་ཀྱི་ནང་པའི་ལམ་སྲོལ་དང་ ཧི་མ་ལ་ཡའི་མི་ཚེའི་ལམ་ལུགས་ཚུ་ནང་ རྩ་བ་གཏིང་ཟབ་སྦེ་ བཙུགས་ཏེ་ཡོདཔ་ཨིན། ཆོས་ལུགས་ཀྱི་ལམ་ལུགས་ཕྱུགཔོ་དང་ དགོན་སྡེའི་གཙུག་སྡེ་ དེ་ལས་ རང་བཞིན་གནས་སྟངས་དང་ རྩ་ཆེ་བའི་ས་ཆའི་གནས་སྟངས་ཚུ་ལུ་ བརྩི་མཐོང་སྦོམ་ཡོད་མི་ཚུ་གིས་ ཁྱད་ཆོས་བཏོནམ་ཨིན། རང་ལུགས་ཀྱི་གྱོན་ཆས་ ཁོ་དང་ དུས་སྟོན་གཞན་དང་མ་འདྲཝ་ སྙན་ཆ་ དེ་ལས་ ངག་ཐོག་ལས་སླབ་མི་ཚུ་གིས་ བོད་དང་གཅིག་ཁར་ མི་སྡེ་གི་བྱུང་རབས་དང་ སི་ཀིམ་ལུ་ ལམ་སྲོལ་གྱི་ངོ་རྟགས་ཚུ་ གསལ་སྟོན་འབདཝ་ཨིན་མས།

དུས་སྟོན་ སྐོར།

“༈ ལོ་སྲུང་། ”

ང་ཅག་ འབྲས་ལྗོངས་པོ་ལོ་ ལུགས་སྲོལ་ ཀེས་པོ་ཅིག་ སྲུང་རྩི་ གནང་བའི་ སྲོལ་ ཡོད་པོ་ལས་ ལོ་སྲུང་ནེ་ ཐམས་ཅད་ལས་ གལ་ཆེན་གྱི་ དུས་སྟོན་ཅིག་ ཨིན།  “ ལོ ” ལབ་ན་  སྤྱིར་ ཟླ་བོ བཅུ་གཉིས་ འཁོར་བོའི་ ལོ་ ཁོ་རང་ལོ་ མཁྱེན་དགོས་པོ་ དང་། “ སྲུང ”  ལབ་ན་ ལོ་གཅིག་ འཁོར་  མྱོ༹ང་པའི་ རྒྱབ་ལས་ མི་ ཐམས་ཅད་ འཛོམས་སྡི དགའ་དགའ་ སྤྲོ་སྤྲོ་ བྱ༹ས་སྟི སྲུང་མཁན་ལོ་ ལོ་སྲུང་སེ་ ལབ། སོ་ནམས་ ཞིང་གཡོག་བོ་ཙུས་ ལོ་ མ་ཤི་ཟང་བར་ སྡུག་ ལེབ་ རྐྱབས་སྟི་ ཞིང་ བཏབ་བཏབ་བོའི་ ལོ་ཐོག་ཙུ་ འཚོས་སྟི་ ཕལ་ཆེར་ བསྡུས་ མྱོ༹ང་པོ་ལས་ སོ་སོའི་ ཁྱིམ་ན་ ཟ་ཆས་ཙུ་ བདེ་ བོལ་བོལ་ ཡོད་པའི་ དུས་ འདིའི་སྐབས་ ཕན་ཚུན་ ཉེའུ་ གཉེན་ཚན་ཙུ་ མགྱོན་པོ་ བོས་སྟི་ ཟམ་ ཞིམ་པུ་ བཟོས་སྟི་ ཟ་བཞིན་ གླུ, ཞབས་བྲོ་ དང་ དགའ་དགའ་ སྤྲོ་སྤྲོ་ ཐོག་ སྲུང་རྩིས་ བྱ༹ས་མཁན་ དུས་ཚོད་ འདི་ལོ་ ལོ་སྲུང་སེ་ ལབ། ལོ་སྲུང་འདི་ ལོ ཆག་མེད་ ཟླ་བོ་ བཅུ་གཅིག་ཀོའི་ ཚེས་ གཅིག་ལས་ ཚེས་ དྲུག་ དུས་ཚོད་ ངན་པོ་ དགུ་འཛོམས་ མ་ཚེས་ཟང་སྟེ་ དང་ ཚེས་ བདུན་ དུས་ཚོད་ ངན་པོ་ དགུ་འཛོམས་ མཐར་བོ་ ལས་ ཚེ་བཅོ་ལྔ་ ཟང་ཏེ་ སྲུང་བའི་ ལུགས་སྲོལ་ ཡོད།

འགོ་དང་པོ་ ཟླ་བོ་ བཅུ་པའི་ ཉེར་དགུའི་ཚེ་ ཕྱི༹་རུ་ དགུ་ཐུག་ བཞེས་པའི་ ལུགས་སྲོལ་ ཡོད་ཤད་ འདིས་ ལ་ལོའི་རྩར་ འབྱ༹་ཆུམ་ ཕྱི༹་ཐུག་ བཀོལ། ཕྱི༹་ཐུག་ན་ སྐྱིའུ་ མངརམ་ ཡང་མན་ན་ སྐྱི་བཙུག་ཙུ་ བླུགས་སྟི་ བཀོལ། ལ་ལོའི་ རྩར་ གྱོའི་ ཙམ་པོའི་ སྤག་ཐུག་ བཟོ་ཤད་ ཨིན། སྤག་ཐུག་ན་ སོལ་ནག་ ཨ་ཀར་ ཚྭ་ ཤོག་གུ་ བལ་ ཚེར་མག་ ཤོམ་ ཉིམ་ དང་ ཟླ་བའི་ དབྱིབས་ བཟོ་སྟི་ སྤག་ཐུག་ ནང་ལོ བླུགས། འདེ་ལྟེ་ བཟོ་བཟོ་བའི་ སྤག་ཐུག་ འདི་ ཁྱིམ་ནང་གི་བཟའ་མི་ ཐམས་ཅད་ཀྱིས་ བཞེས་དགོས། སྤག་ཐུག་ འདི་ བཞེས་དུས་ མི་ག་འདིའི་ རྩར་ འདེབ་སྟེ་ བཟོ་ ཡོད་པའི་ ཅ་ལག་ཙུ་ ཚུད་པོ་ མི་ ཨོ་འདི་འི་ སེམས་ བཟང་ངན་སོགས་ རྟག་དཔྱད་ བཏང་བོའི་ སྲོལ་ ཡོད། འདེ་སྟི་ བཟོ་བཟོའི་ ཅ་ལག་ཙུ་ རིམ་པོ་ལྟར་ སོལ་ནག་ ཚུད་ན་ མི་ འདིའི་ སེམས་ སོལ་ནག་ལས་ ནག་ཀུ, ཨ་ཀར་ ཚུད་ན་ ཁ་ ཨ་ཀར་འདྲ་བོ་ ཚ་སྐྲགས, ཤོག་ཚུད་ན་ སེམས་ཤོག་གུ་ འདྲ་བོ་ ཡང་སྐྲགས, བལ་ ཚུད་ན་ སེམས་ བལ་ལས་ འཇམ་སྐྲགས་, ཚེར་མག་ ཚུད་ན་ དུ་སྙིང་ ཚེར་མག་ འདྲ་བོ་ མནོ་སྐྲགས་, ཤོམ་ ཚུད་ན་ ཁ་ ཤོ་མས་ འཕྱ༹ག་ཀོ་ འདྲ་བོ་, ཉིམ་ དང་ ཟླ་བོ་ ཚུད་ན་ སེམས་ ཉིམ་ དང་ ཟླ་བོ་ འདྲ་བོ་ དཀར་སྐྲགས་ དང་ བཟང་སྐྲགས་, ཚ་ ཚུད་ན་ སེམས་ ཚ་ འདྲ་བོ་ ཁག་སྐྲས་ ལབ་སྟི་ ཕན་ཚུན གཅིག་ གཞན་ བར་ན་ དཔེ་བཤད་ བཏང་པོའི་ ལུགས་སྲོལ་ ཡོད། འདི་ལས་ ལབ་ཚུལ་ གཅིག་ན་ ཨིན་ན་ ཉེར་དགུའི་ ནུབ་ཕྱེ༹ད་ལོ་ གཤིན་རྗེ་ ཆོས་ཀྱི་ རྒྱལ་པོས་ དཔྱ༹ང་སྟོད་མ་ལོ་ སྲང་ (གྱོས) འབག་སྟི་ མིའི་ གཟུགས་ཀྱི་ ལྗིད་ཚད་ མཇའ་བར་ བཏང་དོ་ ཨིན་བས་ཀྱིས་ མི་ཙུའི་ གཟུགས་ཀྱི་ ལྗིད་ཚད་ མ་ཉུང་བོ དང་ སྲང་ཡོ་ ༼གྱོསཡོ༽ མི་ཤོར་བོའི་ དོན་ལོ་ དགུ་ཐུག་ ཕོརབ་ དགུ་ དགུ་ བཞེས་དགོས་པོའི་ ལུགས་ སྲོལ་ཡོད།

གནམ་གང་ཚེ་ གད་བདར།

ཟླ་བོ་ བཅུ་པོའི་ གནམ་གང་ ཉིན་ཚེ་ ཁྱིམ་ཙུ་ གསེས་ འཕྱ༹ག་སྟི གད་བདར་ རྐྱབས་ཤད་ ཨིན། སོ་ནམ་བོ་ཙུ་ ལོ་ གཅིག་ ཟང་སྟི་ ཞིང་གཡོག་ འདིས་ བྱ༹ས་ ཁྱིམ་ཙུ་ གསེས་སྡི་ འཕྱ༹ག་ མ་ཐོབ་པར་ ལུས་ལུས་པོ་ཙུ་ གྱ་ཀག་ གྱི་ཀུག་ ནང་གི་ ཐེ་བོ་ རྡུལ་མ་ཙུ་ ཐམས་ཅད་ ཕྱ༹ག་སྟི་ ལམ་བར་ བཞི་གྲམ་ལོ་ བཀོས། ཆུ་བཤལ་ རྐྱབས་, གོས་ལག་ ཙུ་ འཁྱུས། ལྷ་མོ་ ནོར་རྒྱུན་མོའི་ ཕེབས་གསུ་ ཞུ་པོའི་ དོན་ལོ་ ཁྱིམ་མིག་ ཚང་ཚང་ དང་ ལྷ་ཁང་ཙུའི་ན་ གད་བདར་ རྐྱབས་སྟི་ མཆོད་པོ་, མཆོད་མེ་, ཚོགས་, ཞལ་ཟས་, ཨོ་ཕུད་, ཇ་ཕུད་, གསེར་, དངུལ་, གཡུ་, བྱུ༹ར་, མུ་ཏིག་, རྒྱ་ཤོག་, མཇལ་དར་, ཕྱི༹་མར་ མདའ་དར་བཅས་ མཚན་དྲངས་ དང་  རྟེན་འབྲེལ་ བསྒྲིགས། ཁྱིམ་མའི་ ཀ་བོ་, མདུང་མོ་, སྒོམ་, སྒོ་ཐོད་ དང་ ཐབ་ སྟེང་ཁར་ ཙམ་པོ་ དང་ མར་རྒྱན་ དཀར་རྟགས་ གྱངས་ཁ་ ལྔ་ལྔ་ ཡང་ན་ གསུམ་གསུམ་ རྐྱབས་ དགོས། དཀར་རྟགས་ ལྔ་ལྔ་ རྐྱབས་དགོས་པོ་ གན་ ཨིན་སེ་ན་ འབྱུང་བ་ ལྔ་པོ་ མ་གཞིག་ཀོ་ དང་ མ་འཁྲུགས་ཀོའི་ དོན་ལོ་ འདི་ལས་ དཀར་རྟགས་ གསུམ་པོ་ དུས་གསུམ་པོ ནམ་ལོ་ མ་འཁྲུགས་ཀོའི་ དོན་ལོ་ ཨིན་ ཐབ་ཚང་གི་ ཤག་ལོག་ དང་ སྒོ་མོའི་ སྟེང་ཁ་ དཀར་རྟགས་ཀྱིས་ ཚིགས་བཅད་ འདི་ཙུ་ བྲི་ དགོས། 

 བཀྲ་ཤིས་ བདེ་ལེགས་ ཕུན་སུམ་ ཚོགས།  ཨ་མ་ བག་སྤྲོ་ སྐུ་ཁམས་ བཟང་།

 གཏན་དུ་ བདེ་བ་ ཐོབ་པར་ཤོག།  སོ་ནམ་ ལོ་སྲུང་ དར་རྒྱས་ ཤོག།    ལབ་སྟི་ སྨོན་ལམ་ཙུ་ བཏབ་དགོས།

ཨོ་ལས་ ལོ་སྲུང་ ཚེས་པའི་ སྔོན་ལོ་ བཞེས་ཆས་ འདྲ་མན་འདྲའོ་ ཙུ་ གྲ་སྒྲིགས་ གནང་དགོས།

ཚེས་གཅིག་གི་ ཉིན།

ཟླ་བོ་ བཅུ་པོའི་ གནམ་གནང་གི་ ནུབ་ཕྱེ༹ད་ ཡོལ་སྡི་ བྱ༹་ཕོ་ སྔོན་ འབོད་ལོ་ ལོ་རྙིང་ཀུ་ ཤིས་སྟི ཟླ་བོ་ བཅུ་གཅིག་ ཀོའི་ ཚེས་ གཅིག་ འགོ་ བཙུགས་ཀོའི་ མཚམས་ཚེ་ན་ ཁྱིམ་ ཚང་ཚང་ ནང་ལས་ མིལག་ རེ་ཀིས་ ཆབ་བུམ་ རེ་ དང་ མར་ ཙམ་པོ་ ཨ་ཤི་ ཁ་དར་ རེ་ འབག་སྟི ཆུ་སྐྱོང་ན་ སླེབས་སྟི སྔོན་ལོ་ ཁ་ལག་ འཁྱུས་ ཨོ་ན་ལས་ ཆུ་གཟའི་ སྟེང་ཁར་ མཝར་ དང་ ཙམ་པོའི་ དཀར་རྟགས་ རྐྱབས་ ཁ་དར་ བཏགས་ ཨོ་ནས་ ཆབ་བུམ་ན ཆུ་གསར་པོ་ ཚེས་པའི་ ཆུ་ཕུད་ གསེར་ཆུ་ དངུལ་ཆུ་ འགོ་ དངཔོ་ ཀ་ཀིས་ ཐོབ་པོ་? ང་ཀིས་ ཐོབ་པོ་ ཨིན། ལན་གྲངས་ གསུམ་ ལབ་དགོས། ཨོ་ལས་ ཆུ་གསར་པོ་འདི་ ཡར་ དཀོན་མཆོག་ལོ མཆོད་པོ་ ཕུད་དགོས། ཨོ་འདི་ ཉིན་ཚེ་ རྒན་བོ་ ཙུ་ཀིས་ གཞོན་བོ་ ཙུ་ལོ་ སྨན་བཏབ་དགོས། གཞན་བོ་ ཙུ་ཀིས་ རྒན་བོ་ ཙུ་ལོ་ གུས་ཞབས་ ཨོ་ལས་ གོས་ལག་ གསར་པོ་ གོས་ཆེན་ དང་ རྒྱན་ཆ་ཙུ་ བཏགས་དགོས། དྲོ་པོ་ དྲོ་ལས་ ཆང་ཀུ་ ལབ་སྟེ་ ཆང་ ཡང་ ཤུ་ཅིག་ འཐུང་ དགོས། ཚེ་གཅིག་ ཉིན་ཚེ་ རྩིས་ཀྱི་ ལུགས་ལྟར་ གཅིག་གསུམ་ མགྲོན་སྒོར་ དོན་གཉེར་ དང་། མགྲོན་བྱ༹ས ཁྱིམ་དེ་ གུད་པར་ འགྱུར། ལབ་པོ་ ནང་ལྟར་གྱིས་ ཕན་ཚུན་ ག་ལོ་ མགྱོན་པོ་ ལོ་ འརྒྱུ་མི་ལས་ མཁན་ སྦད། ཐམས་ཅད་ རང་རང་སོ་སོའི་ ཁྱིམ་ནང་ལོ་ འཛོམ་སྡོད་སྟི་ ཟམ་ཙུ་ ཟ་བཞིན་ལོ་ ཉམས་དགའ་ བཏང་སྡི་ སྲུང་སྡི་ སྡོད་པའི་ ལུགས་སྲོལ་ ཡོད། འདི་དང་འདྲ་བོ་ ཉིན་འདི་ལས་ ཕ་སྟེ་ ངན་པོ་ དགུ་འཛོམ་ ལབ་སྟི་ སྲུང་རྩེ་ བྱ༹ས་ཤད་ སྐྱེདབ་ཅིག་ ཡོད། འདི་ཐམས་ཅད་ ལོ་ ལོ་སྲུང་ ལབ་ཏོ་ ཨིན་ནོ།། 

འབྲས་ལྗོངས་ཀྱི་ ལྷོ་རིགས་ཙུའི་ གསུང་གླུ་ ངོ་སྤྲོད།

འདི་ཡང་ འཛམ་བུའི་ གླིང་གི་ མི་རིགས་ རང་རང་ སོ་སོར་ ཡུལ་སྲོལ་ གོམས་གཤིས་ སྣ་ཚོགས་ ཡོད་པོ་འདེམ་ ང་ཅག་ འབྲས་ལྗོངས་ ཨ་ཁུ་ ལྷོ་པོ་ཙུ་ལོ་ཡང་ རང་གི་ ཨ་ཇོ་ གོང་ཇོ་ དང་ ཇོ་ཇོ་ཙུ་ལས་ བརྒྱུད་སྟི་ འོང་ ཡོད་པའི་ ཡ་རབས་ བཟང་སྤྱོད་ཀྱི་ འགྲོ་ལུགས་ཙུ་ ཀེས་པོ་ཅིག་ ཡོད་པོ་ སྦད། ཨིན་རུང་ དེང་སང་ ནུབ་ཕྱོགས་པོའི་ གོམས་གཤིས་ ཨ་ཙི་ ཞུགས་ས་ལས་ རང་རེའི་ ལུགས་སྲོལ, གོམས་གཤིས་ཙུ་ལོ་ བསླད་ཞུགས་སྟི་ ཉམས་པའི་ ཉེན་ཁ་ སྦོམ་ ཡོད་པོའི་ དུས་ཚོད་ལོ་ སླེབས་ཡོད་པོ་ མཐོང་སྟེ་ སེམས་ཀྱིས་ བཟོད་ མ་ཚུགས་པར་ སྐད་རིགས་ དྲྭ་ལྗོངས་ བརྒྱུད་སྟི་ འདི་ཙུ་ མི་ཉམས་ གོང་འཕེལ་ ཉམས་པ་ སོར་ཆུད་ཀྱི་ དམིགས་ཡུལ་ལོ་ གཞི་བཞག་སྟི་ གསུང་གླུའི་ སྐོར་ལོ་ཡང་ བྲིས་ཡོད། སྤྱིར་ གསུང་གླུ་ནེ་ རིག་གནས་ ཆེ་ཆུང་ གཉིས་ལས་ རིག་གནས་ ཆུང་བ་ ལྔའི་ ཡ་གྱལ་ ཟློས་གར་ སེ་མཁན་གྱི་ ནང་ཤ་ འདུ་ཤད་ ཨིན། མིའི་ ཚོར་བ་ བདེ་སྡུག་ ག་འདེམ་ཅིག་ ཐོན་རུང་ཡང་ ཐམས་ཅད་ལས་ འཇོ་ བདེ་དྲགས་འདི་ གླུའི་ ལམ་ལས་ བརྒྱུད་སྟི་ བསྟན་ཚུགས་པོ་ ཡོད་པས་ གླུ་འདི་ འཇིག་རྟེན་ན་ མེད་ན་ མེད་ཐབས་ མེད་པོ་ཅིག་ ཨིན་བས་ ལེབ་སྟི་རང་ གལ་ཆེ། འདི་ འདེམ་མོའི་ གླུ་ལོ་ ནང་གསེས་ དབྱེ་ན་ གྲུབ་ཐོབ་ བླ་མ་ སྐྱེས་ཆེན་ དམ་པོ་ཙུས་ རང་གི་ ཉམས་རྟོགས་ཀྱི་ རྩལ་ལས་ འཁྲུངས་བའི་ བྱིན་ཆེན་གྱི་ གསུང་མགུར་ ཡང་ན་ མགུར་མོ་ཙུ་ དང་ ཚོགས་གླུ་ དང་། ང་ཅག་ མགོ་ནག་ཀོ་ཙུའི་ མི་ཚེ་ དང་ འབྲེལ་བ་ ཟབ་དྲགས་ ཡོད་པའི་ ཡུལ་སྲོལ་ གོམས་གཤིས་ཀྱི་ སྙན་འཇེབས་ ལྡན་པའི་ གླུ་གཞས་བཅས་ གཉིས་ ཡོད་པོ་ལས། དང་པོ་ནེ། མགུར་མོ་ དང་ ཚོགས་གླུའི་ ནང་གི་ བརྗོད་བྱ་ དོན་ དང་ རྗོད་བྱེད་ ཚིག་ གཉིས་ཀ་ ལེབ་སྟི་ གཏིང་ ཟབ་དྲགས་ དང་ རྒྱ་ཆེ་དྲགས་ ཨིན་བ་ལོ་ དགེ་སྒྲུབ་ སྡིག་སྤོང་གི་ སྐོར་ལོ་ ཐམས་ཅདཀྱིས་ གོ་འཇོ་ བདེ་དྲགས་ བྱ༹ས་སྟི་ གསུངས་ ཡོད་པོ་ཙུ་ ཨིན། གཉིས་པོ་ནེ། སྐྱིད་པའི་ སྦས་ཡུལ་ འབྲས་ལྗོངས་ཀྱི་ ལྷོ་རིགས་ཙུའི་ རྒན་རབས་ལས་ བརྒྱུད་སྟི་ འོང་ ཡོད་པའི་ སྐད་ཡིག, རིག་གནས, སྤྱི་ཚོགས་ཀྱི་ གནས་སྟངས, དགའ་སྤྲོ་ སྐྱིད་སྤྲོ་ དང་ སྡུག་ འཕོག་ཡོད་པོ་ཙུ་ ཐམས་ཅད་ གང་པོ་ གསུང་གླུའི་ སྒོ་ལས་ ལེན་བདོ་ ཨིན་བས་ འདིའི་ ནང་ལོ་ འདུ་ཤད་ ཨིན། གསུང་གླུ་ འདི་ཙུ་ཡང་ བསྡུས་ན་ གཞུང་གླུ, སྤྲོས་གླུ, རྩེད་གླུ, སྡོད་གླུ, རྒྱལ་གླུ, གླུ་ཤགས་ དང་ རིག་གསར་བཅས་ བདུན་ ནང་ལོ་ འདུ་འོང་། འདི་ཡང་ འབྲས་ལྗོངས་ ཕྱོགས་བཞི་ རྫོང་ དྲུག་ན་ བསྐྱོན་སྟངས་ ཨ་ཙི་ ཨ་ཙི་ མན་འདྲ་ ཡོད་རུང་ གོ་རིམ་ ཙུ་ནེ་ གཅིག་ཀོ་ ཨིན་བོ་ ཐག་གཅོད་ ཆོག དཔེར་ན། གཉེན་ ཆང་འཐུང་སྐབས་ ཨིན་ན་ གླུ་འགོ་ གླུ་ཁང་ ཕྲ་མོ་ལས་ སོང་སྡི་ མཇུག་ བཀྲ་ཤིས་ བར་ གཅིག་ཀོ་ ཨིན། ད་ གླུ་ འདི་ཙུའི་ གོ་རིམ་ བཤད་པ་ལོ་ གཉིས་སྟི། དང་པོ་ གལ་ཆེན་གྱི་ གསུང་གླུ་  རེ་གཉིས་ཅིག་གི་ སྙིང་བསྡུས་ བཤད་པོ་ དང་། གཉིས་པོ་ གསུང་གླུ་ཙུའི་ མིང་ཙམ་ སྒྲིག་སྟི་ བཤད་ཤད་བཅས་ གཉིས་ལས། དང་པོ་ནེ།

༡༽   གླུ་ཁང་ ཕྲ་མོ།

འབྲས་ལྗོངས་ན་ གཏན་གཞིས་ ཆགས་སྟི་ བཞུགས་ ཡོད་མཁན་ ལྷོ་རིགས་ ཕོ་མོ་ཙུས་ རང་གི་ འགྲོ་ལུགས་ དང་ མཐུན་པོའི་ ཐོག་ལས་ ན་བཟའ་ དང་ རྒྱན་ཆས་ མ་ནོར་བར་ བཞེས་སྟི་ དགའ་སྐྱིད་ ལྡན་པའི་ གཉེན་ ཆང་འཐུང་ ལ་སོགས་པའི་ དུས་སྟོན་ཙུ་ན་ གླུ་ གན་ བསྐྱོན་རུང་ཡང་ ཐམས་ཅད་ལས་ འགོ་ཐོག་ སྙན་ཚིག་གི་ རྒྱན་ ཡོད་བའི་ ཚིགས་བཅད་ དྲུག་གི་ རང་བཞིན་ ལྡན་པའི་  གླུ་འགོ་ གླུ་ཁང་ ཕྲ་མོ་ སེ་མཁན་ གསུང་གླུ་ འདི་ བསྐྱོན་དགོས་པོ་ ཨིན། གན་བྱ༹ས་ སེ་ན་ གླུ་གཞས་ འདིས་ གླུའི་ སྒོམ་ ཕྱེ༹་མཁན་གྱི་ གསུང་གླུ་ཅིག་ ཨིན་བོ་ མི་ཚད་ འདིས་ མི་ཙུ་ལོ་ ཡོད་པའི་ སྡིག་སྒྲིབ་ ཐམས་ཅད་ སངས་པའི་ དོན་ལོ་ ཨིན་ལ། འདི་ལས་ གླུ་གཞས་ བསྐྱོན་བོ་ གནང་མཁན་ཙུས་ བ་ལུ, སུ་ལུ་ དང་ བསངས་ཀྱི་ མཆོད་པོ་ཙུ་ ཕུལ་སྡི་ སྟེང་ ལྷ, བར་ མི་ དང་ འོག་ ཀླུ་ཙུ་ལོ་ གླུའི་ སྒོ་མོ་ ཕྱེ༹་ གནང་ན་སེ་ སྐྱབས་འཇུག་ ཞུ་བདོ་ ཨིན་བས་ དགའ་སྐྱིད་ཀྱི་ དུས་སྟོན་ཙུ་ན་ མེད་ན་ མན་ འགྲིག་ཀོའི་ གླུ་ གཅིག་ ཨིན་བས་ ལྷན་རྒྱས་ ཐམས་ཅད་ གང་པོས་ མཁྱེན་ དགོས་པོ་ ལེབ་སྟི་རང་ གལ་ཆེན་ ཨིན།

༢༽   འབྲས་ལྗོངས་ བསིལ་ལེ་ གཡང་ཆགས།

འབྲས་ལྗོངས་ བསིལ་ལེ་ གཡང་ཆགས་ སེ་མཁན་ གསུང་གླུ་ནེ། ང་ཅའི་ མི་དབང་ ཆོས་རྒྱལ་ ལྷན་རྒྱས་ཙུས་ འབྲས་ལྗོངས་ མངའ་དབང་ བསྒྱུར་སྡི་ བཞུགས་པའི་སྐབས་ ཡང་ན་ འབྲས་ལྗོངས་ འདི་ རྒྱ་གར་གྱི་ མངའ་འོག་ལོ་ མ་ཚུད་པའི་ སྔོན་ལས་ གསུང་གླུ་ འདི་ རྒྱལ་གླུའི་ ཚུལ་ལོ་ བསྐྱོན་བོ་ གནང་བདོ་ སྦད། གླུ་ འདི་ན་ ཆུ་མགོ་ མ་ཕམ་ གཡུ་མཚོ་ལོ་ ཐུག་ ཡོད་པོ་ དང་ ཆོས་རྒྱལ་ གདུང་བརྒྱུད་ དང་ བཅས་པོ་ སྐུ་ཚེ་ རིང་བའི་ བཀྲ་ཤིས་ སྨོན་ལམ་ བཏབ་པའི་ སྐོར་ལོ་ བཤད་ཡོད། གསུང་གླུ་ཙུ་ རྩོམ་པའི་སྐབས་ བོད་ཀྱི་ མཚོ་ དང་ ཡུལ་ཙུའི་ དཔེ་ལོ་ བལྟ་སྟི་ རྩོམ་ཡོད། གན་བྱ༹ས་སེ་ན་ ཨོ་འདི་སྐབས་ འབྲས་ལྗོངས་ དང་ བོད་ཀྱི་ བར་ལོ་ ཆོས་སྲིད་ གཉིས་ཀྱི་ ཐོག་ལས་ འབྲེལ་བ་ ལེགམ་ ཡོད་པོ་ ཨིན་བོ་ ཐམས་ཅད་ཀྱི་ མཁྱེན་དགོས།

  

༣༽   གླུ་ཁང་ གཞས་ཀྱི་ སྒོ་ཕྱེ།

གླུ་ཁང་ གཞས་ཀྱི་ སྒོ་ཕྱེ་ སེ་མཁན་ གསུང་གླུ་ འདི་ཡང་ འབྲས་ལྗོངས་ ལྷོ་པོའི་ འགྲོ་ལུགས་ལྟར་ན་ གླུ་ ཐམས་ཅད་ བསྐྱོན་བའི་ སྔོན་ལས་ གསུང་གླུ་འདི་ བསྐྱོན་སྡི་ གླུའི་ སྒོ་མོ་ ཕྱེ༹་དགོས་པོ་ ཨིན་བས་ གླུ་འདི་ ལེབ་སྟི་ གལ་ཆེ། གླུ་གཞས་ འདི་ སྙན་འཇེབས་ ལྡན་པའི་ ཚིགས་བཅད་ དྲུག་གི་ བདག་ཉིད་ ཐོག་ལས་ རྩོམ་ ཡོད་པོ་ཅིག་ཡང་ མཁྱེན་ཚུགས། འདི་ཡང་ བ་ལུ་ སུ་ལུ་ དང་ བསང་ཙུ་ བཏང་བཞིན་ ས་གསུམ་སྟི་ སྟེང་ ལྷ་ཡུལ་ལས་ ལྷའི་ དབང་པོ་ བརྒྱ་བྱིན, བར་ བཙན་ཡུལ་ལས་ བཙན་ཆེན་ གཡུ་བ་ བརྒྱ་བྱིན་ དང་ འོག་ ཀླུ་ཡུལ་ལས་ ཀླུ་རྒྱལ་ དགའ་བོ་ འཇོག་པོས་ གཞས་གཡོག་ དང་ བཅས་པོ་ གླུ་སྒོ་ ཕྱི༹་སྟི་ བག་ཆགས་ བཟང་པོ་ མིའི་ ཡུལ་ དང་ གཏམ་ སྙན་མོ་ རང་ཡུལ་ བཞག་ དགོས་པོ་ སྐོར་ལོ་ བསྟན་ཡོད། གསུང་གླུ་ འདི་ བསྐྱོན་བ་ཅེ་ན་ སྤྱིར་ འཛམ་བུའི་ གླིང་ལོ་ ཞི་བདེ་ དང་ ཁྱད་པར་དུ་  སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ བདེ་སྐྱིད་ ཕུན་སུམ་ ཚོགས་པོ་ ཐོན་ཤད་ ཨིན་བས་ གཉེན་ ཆང་འཐུང་, བྱ༹་སྐྱེལ, ལོ་སྲུང་ ལ་སོགས་པོའི་ དགའ་དགའ་ སྤྲོ་སྤྲོའི་ དུས་སྟོན་ཙུ་ན་ བསྐྱོན་དགོས་པོ་ ཨིན།

 

༤༽  ཨ་ཅ་ ཆོས་ སྒྲོན་མ་ལགས།

ཨ་ཅ་ ཆོས་ སྒྲོན་མ་ལགས་ སེ་མཁན་ གསུང་གླུ་ འདི་ནང་ ཡོངས་བསྡོམས་ སྙན་ཚིག་གི་ བརྒྱན་པའི་ ཚིགས་བཅད་ ལྔ་ ཐམ་པ་ ཡོད། གསུང་གླུ་ འདིའི་ ཚིགས་བཅད་ དང་པོར་ མཆོད་རྟེན་ དང་ གནས་ རྩ་ཆེན་ཙུ་ན་ བསྐོར་བ་ རྐྱབས་པ་ བྱོན་ན་ མ་ལག་ ནད་རིམ་ཙུ་ལས་ གྲོལ་བའི་ ཕན་གཏོགས་ ཡོད་པོ་ བཀོད་འདུག ཨོ་འདི་བཞིན་ ཚིགས་བཅད་ གཉིས་པོ་ན་ བྱ༹་ འཇོལ་མོས་ རྒྱ་གླིང་གི་ སྒྲ་དབྱངས་འདེམ་ བྱ༹ས་སྟི་ གསུང་སྐད་ ལེབ་སྟི་ སྙན་དྲགས་ བསྟན་ ཡོད་པོའི་ སྐོར་ཡོད། ཚིགས་བཅད་ གསུམ་པོ་ན་ མངོན་ཤེས་ ལྡན་པའི་ ནེ་ཙོ་ གསེར་གྱི་ ཅོག་ཙེ་ སྟེང་ཁར་ སྡོད་སྟི་ མངོན་ཤེས་ བཤད་པའི་ སྐོར་ལོ་ ཡོད། ཚིགས་བཅད་ བཞི་པོ་ན་ གསེར་གྱི་ མཛུབ་གུ་ སྒང་ཏོག་ ཁྲོམ་ལོ་ བྱ༹ང་ ཡོད་པོ་ དང་ ལས་སྨོན་ ཡོད་པའི་ མི་ གཅིག་གིས་ ཐོབ་འོང་བའི་ སྐོར་ལོ་ བཀོད་འདུག ཚིགས་བཅད་ མཐའ་མོ་ འདིས་ སྙིང་སྡུག་ གཉིས་ཀྱིས་ རྒྱ་མཚོའི་ ཕ་རོལ་ དང་ ཚུར་རོལ་ན་ སྡོད་སྡི་ རྒྱབ་མ་ ལས་འབྲེལ་ ཡོད་ན་ རྒྱ་མཚོའི་ སྦུག་ན་ འཛོམས་པའི་ སྨོན་ལམ་ བཏབ་བཞིན་ གསུང་གླུ་ འདིའི་ མཇུག་ ཕུལ་བདོ་ ཨིན་ལགས།

༥༽  གནས་བཟང་པོ་ འདི་རུ་ལ་ མཇལ་བ།

འབྲས་ལྗོངས་ ཨ་ཁུ་ ལྷོ་པོ་ཙུས་ དབྱངས་སྙན་ ཐོག་ལས་ བསྐྱོན་བོ་ གནང་མཁན་ གསུང་གླུ་ གནས་ བཟང་པོ་ འདི་རུ་ལ་ མཇལ་བ་ སེ་མཁན་ནང་ ཡོངས་བསྡོམས་ ཚིགས་བཅད་ དགུ་ ཐམ་པ་ ཡོད། གསུང་གླུ་ འདི་ན་ ཕན་ཚུན་ སོ་སོའི་ སྙིང་གཏམ་ཙུ་ བཤད་ཤད་ ཡོད་པོའི་ སྐོར་ལོ་ ཡོད། དཔེར་ན། ཁྱེད་ ༼ཆོད་༽རྣམས་པ་ གུང་སང་གི་ མཐོན་པོ། ངེད་ རྣམས་པ་ ཁྲི་གདུགས་ཀྱི་ ཉི་མ། མཇལ་ཡོང་ བསམ་པའི་ སྣང་བའི་ ཡུལ་ལ་ མ་བྱུང་། གནས་བཟང་པོ་ འདི་རུ་ལ་ མཇལ་བྱུང་། གསུངས་བོ་ འདྲ་བོ་ རིགས་འདྲེས་སྟི་ མཁྱེན་ཚུགས། བཤད་སྲོལ་ གཅིག་ན་ གལ་སྲིད་ གླུ་འདི་ བསྐྱོན་ན་ ང་ཅའི་ སེམས་ཁྲེལ་ དང་ བར་ཆད་ཙུ་ ཞི་ཤད་ ཨིན་བོ་ དང་ བདེ་སྐྱིད་ ལྡན་པའི་ མི་ཚེ་ སྐྱེལ་ ཐོབ་པའི་ དགོས་པོ་ ཡོད་དོ།   

༦༽   འབྲས་ལྗོངས་ གནས་ན་ བཞུགས་མཁན།

འབྲས་ལྗོངས་ གནས་ན་ བཞུགས་མཁན་ སེ་མཁན་ འདིའི་ ནང་ཤ་ ཚིགས་བཅད་ བཞི་ ཐམ་པ་ ཡོད་པོ་ སྦད། གསུང་གླུ་ འདི་ན་ འབྲས་ལྗོངས་ཀྱི་ གནས་ལོ་ བསྐོར་བ་ བྱོན་སྡི་ གནས་ དང་ འདིའི་ སྲུང་སྐྱོབ་ གནང་མཁན་ གནས་སྲུང་ཙུ་ དང་ ལྷག་པར་དུ་ སྦས་གནས་ འདིའི་ གཞི་བདག་ གཙོ་བོ་ གངས་ཅན་ མཛོད་ལྔ་ལོ་ བསྟོད་བསྔགས་ ཕུལ་བའི་ གསུང་གླུ་ཅིག་ ཨིན་བོ་ མཚོན་ཤད་ ཨིན། 

 

༧༽ བཀྲ་ཤིས་ཀྱི་ གླུ་གཞས་ལས་ གཙོ་བོ་ ཡ་གི་ གུང་སངས་ མཐོན་པོ།

 

༈ གཡག་འཆམ།

གཡག་འཆམ་འདི་ འབྲས་ལྗོངས་པོའི་ དུས་སྟོན་ ཁ་ཤས་ཙུ་ན་ རྐྱབས་པའི་ སྲོལ་ཡོད། འདིས་ གན་ མཚོན་ཤད་ ཨིན་སེ་ ཞུ་ན། ང་ཅག་ ཁ་སྟོད་ ཡང་ན་ ས་རི་ མཐོ་ས་ སྡོད་མཁན་གྱི་ མི་རིགས་ཙུའི་ གནས་སྟངས, གོམས་གཤིས་ དང་ མ་ཚད་ སེམས་ཅན་འདིས་ གང་ མན་ཚད་ ཕན་གཏོགས་ སྦོམ་པོ་ བྱི༹ན་བདོ་ སྦད། དཔེ་ན་ དོ་ འདི་ཙུ་ འབག་ཤད་ དང་ ཁོང་ཙུའི་ སྤུ་ཙུ་ གཡོག་ ཀེས་པོ་ཅིག་ན་ བེད་སྤྱོད་ ཐོན་བདོ་ སྦད།

 

༈ སེངྒེ་འཆམ།

སེངྒེ་ལོ་ གངས་ སེངྒེ་ དང་ འདམ་ སེངྒེ་ ལབ་སྟི་ དབྱེ་བ་ གཉིས་ བཞག་སྲོལ་ ཡོད་པོ་ དང་ འདི་ལས་ སངས་རྒྱས་ རེ་རེ་ བྱོན་བོའི་ སྐབས་ལོ་ གངས་ སེངྒེ་ རེ་རེ་ཡང་ འཇིག་རྟེན་ འདི་ན་ ཐོན་ཤད་ ཨིན་སེ་ བཤད་སྲོལ་ ཡོད་དུས་ གངས་ སེངྒེ་ འདི་ རྩ་ཆེན་ཅིག་གི་ གྲལ་ལོ་ རྩེ་སྲོལ་ ཡོད། འདི་ལས་ཡང་ སེངྒེ་ འདི་ རི་དྭགས་ཀྱི་ རྒྱལ་པོ་ དང་ སྙིང་སྟོབས་ འགྲན་ཟླ་ མེད་པོ་ མཚོན་རྟགས་ ཅིག་ཡང་ ཨིན། མ་ཚད་ འབྲས་ལྗོངས་ཀྱི་ ཕོ་ལྷ་ གཞི་བདག་ གཙོ་བོ་ གངས་ཅན་ མཛོད་ལྔའི་ ཆིབས་རྟ་ འདི་ཡང་ གངས་ སེངྒེ་ ཨིན་བས་ སྔོན་དུས་ཀྱི་ བཤད་སྲོལ་ལྟར་ སེངྒེ་ འཆམ་ཡང་ དགའ་སྤྲོ་ དང་ སྐྱིད་སྤྲོའི་ དུས་ཆེན་ཙུ་ན་ འཆམ་བའི་ སྲོལ་ཡོད། འདི་ལས་ གངས་རི་ དང་ ས་མཐོ་ས་ སྡོད་མཁན་ མི་ཙུའི་ ཡུལ་སྲོལ་ གོམས་གཤིས་ འདི་ཙུ་ གཟི་བརྗིད་ ཆེ་རུང་ ཉམ་ཆུང་  བྱ༹ས་སྟི་ གནས་ཡོད་པོ་ མཚོན་ཤད་ ཨིན།

 

གཉིས་པོ་ནེ།

༡༽        གླུ་འགོ་ གླུ་ཁང་ ཕྲ་མོ།        ༢༽       མགུར་མོ།            ༣༽       བུམ་པོའི་ བསྟོད་གླུ ༤༽ ཨ་བླ་མའི་ བུ་མོ་ ཕྱག་མཛོད་ བུ་ཁྲིད།  ༥༽      བདུད་རྩི་ ཡར་མཆོད།        ༦༽       འགྱངས་གསུམ་ འགྱངས་ལས།       ༧༽       ཤར་ཕྱོགས་ ཀུན་དགའ་ ར་བ།          ༨༽       གླུ་ཁང་ གཞས་ཀྱི་ སྒོ་ཕྱེ༹།  ༩༽  འབྲས་ལྗོངས་ ཆགས་རབས། ༡༠༽      སྨྱུག་མ་ལ་ སྒྱུག་བཤད།                    ༡༡༽      དགུང་ལོ་ ཡར་ལོ།            ༡༢༽     གླིང་དགུ་ ཡོན་ཏན་ འདྲེན་གླུ          ༡༣༽     འབྲས་ལྗོངས་ གནས་བཤད། ༡༤༽     ཤར་ རི་རྒྱལ་ ལྷུན་པོ།    ༡༥༽     ཟུར་དྲུག་གི་ བཤད་པོ།        ༡༦༽     ཟུར་དྲུག་གི་ མཆོད་གླུ        ༡༧༽            གནས་བཟང་པོ་ འདི་རུ་ མཇལ།        ༡༨༽     བསྐོར་ར་ ལས་བསྐོར།         ༡༩༽ དགའ་ལ་ སོའོ།                        ༢༠༽  ཨ་ཞེ་ བུ་མོ་ མི་བྱོན།  ༢༡༽     ལམ་མའི་ ཕ་ལོ།   

༢༢༽     གུང་སང་ ཕྱིའི་ ལྕགས་རི།    ༢༣༽ གུ་རུས་ བྱིན་གྱིས་ བརླབས་པའི་ སྦས་གནས།         ༢༤༽ ཕ་རི་ ལ་སོགས་ སྤང་གི་ མེ་ཏོག    ༢༥༽ གུང་སང་ མཐོན་པོ་ ཨོ་ལོ་ སྐྱེ་སའི་ ཕ་་ཡུལ།         ༢༦༽ དགའ་སྟོན་ འཆར།    ༢༧༽ དམན་ཅུང་ཁྱོད།       ༢༨༽ ལ་ ཞེས་པའི།            ༢༩༽  གསུང་ དང་ སྙན་པའི།                       ༣༠༽  ཕྱིའི་ རི་མོ་ ལེགས་ལ་པ།

༣༡༽     ད་རིང་ལ་ སྐྱིད་པའི་ ཉི་མ།  ༣༢༽     བཀྲ་ཤིས་ ལྷུན་པོ།  ༣༣༽ བཀྲ་ཤིས་ གཡང་ཆགས།            ༣༤༽  ཇ་ལ་ ཚེ་རིང་།        ༣༥༽     གླིང་དགུ་ བཀྲ་ཤིས་ གཡང་ཆགས།     ༣༦༽  ཨ་ཆ་ ཆོས་ སྒྲོལ་མ་ལགས།      ༣༧༽     ཡར་རླུང་ དྲི་སང་།             ༣༨༽  ཏ་ག་ལེ་ འོང་།  ༣༩༽  ཨེ་གཤོངས་ལ། ༤༠༽  གསན་གནང་ དགའ་ལེགས།  ༤༡༽  ལྷ་སའི་ ཞབས་བྲོ།  ༤༢༽ ཛམ་བྷ་ ལྷ་ལོ།  ༤༣༽  ཁྲ་དཔོན་གྱི་ བྱ་ ཀུ་ཀྲུང་།   ༤༤༽ ཞང་པོ་ དང་ ཡབ་ཀྱིས་ ཁྲ་དཔོན་ལོ་ ཐུགས་བདེན། ༤༥༽ བྱང་ འདི་ གནམ་མཚོ་ དཀར་ལ་མོ།   ༤༦༽ རྟ་ཕོའི་ གཞས།  ༤༧༽ འབྲས་ལྗོངས་ བསིལ་ལེ་ གཡང་ཆགས།

༤༨༽  སྦས་ཡུལ་ གནས་སྐྱིད།  ༤༩༽  རྟེན་འབྲེལ་གྱི་ གླུ་དབྱངས།    ༥༠༽  གཞོན་བོ་ ང་ཚོ་ གླིང་དགུ་ བསྐོར་ནས་ འགྲོ    ༥༡༽  ཡུལ་དགུ་ ཨེ་ལ་ སངས་རི།  ༥༢༽ ཇ་ཕུད་ དྲངས་པའི་ གཞས།       ༥༣༽  སྐལ་པ་  ཆགས་པའི་ གཞས།  ༥༤༽ རྨ་བྱའི་ ཆས་རྒྱན་ དགོས་པོ།   ༥༥༽ ཨ་ལགས།   ༥༦༽ འེ་ཁྱེའུ་ དང་ འེ་ཁྱེའུ།  ༥༧༽ སྒྲོན་གོང་།  ༥༨༽  ཨ་ཡི་ལགས་ འཛོམས་བོ།  ༥༩༽  གཟིགས་ཅིག  ༦༠༽  གུང་གསང་ དཀར་པོ།  ༦༡༽  བསང་ གསོལ་ལོ།   ༦༢༽བཀྲ་ཤིས་ནོར་བུ།   ༦༣༽  འབྲས་ལྗོངས་ མངའ་ཐང་ རྒྱས་པའི་ ཞབས་གཞས།  ༦༤༽ སྐལ་བཟང་གསེར་གྱི་ ཟམ་པ་ ལ་སོགས་པོ་ ད་རུང་ འདི་ན་ མན་བསྡུས་པོ་ ཀེས་པོ་ཅིག་ ཡོད།

གླུ་ དང་ ཞབས་བྲོ་ འདི་ཙུ་ བསྐྱོན་བའི་ སྐབས་ལོ་ རོལ་ཆས་ཙུ་ཡང་ བེད་སྤྱོད་ བྱ༹ས་སྟི་ རྐྱབས་པའི་ སྲོལ་ཡོད། རོལ་ཆས་ཙུའི་ མིང་ ཉུང་ཙམ་ཅིག་ ཞུ་ན།

༡༽    སྒྲ་སྙན།

༢༽   པི་ཝང་།

༣༽    གླིང་བུ།

༤༽   རྔ་།

༥༽   རག་དུང་།

༦༽   རོལམ།

༧༽   སིལ་སྙན།

༨༽    ཡང་འཛིན།

༩༽    གཡེར་ཁ་ཙུ་ བེད་སྤྱོད་ གནང་ཆོག་ ཨིན་ནོ།།