Society and Traditions

སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ གནས་ ཡོད་པའི་ ལྷོ་པའི་ མི་རིགས་ཙུའི་ ལོ་རྒྱུས།

སྤྱིར་བཏང་གི་ བཤད་ཚུལ་ལོ་ འབྲས་ལྗོངས་ ལྷོ་པའི་ མི་རིགས་ འདི་ཙུ་ དུས་རབས་ བཅུ་གསུམ་པའི་ སྐབས་ལོ་ གྱད་འབུམ་བསགས་ཀྱི་ སྐུ་འཁོར་ ལྷན་རྒྱས་  དང་ གདུང་བརྒྱུད་ཙུ་ ལྗོངས་ འདིའི་ ནང་ལོ་ བྱོན་སྡི་ གཏན་འཇགས་ལོ་ གཞིས་ཆགས་ བྱ༹ས་སྟི་ བཞུགས་པའི་ མི་རིགས་ འདི་ཙུ་རང་ འབྲས་ལྗོངས་ ལྷོ་པའི་ མི་རིགས་ དང་པོ་ ཨིན་སེ་ བཤད་ཚུལ་ ཡོད། ཨིན་རུང་ སྔོན་གྱི་ ཡིག་རྙིང་ ཁ་ཤས་ དང་ ཡུལ་འདིའི་ མི་རིགས་ རྒན་བོ་ཙུའི་ བཤད་ཚུལ་ལོ་ བལྟ་དུས་ དུས་རབས་ དྲུག་པའི་ སྐབས་ལོ་ ལྗོངས་འདི་ བོད་ཀྱི་ ཆོས་རྒྱལ་ སྲོང་བཙན་ སྒམ་པོའི་ མངའ་འོག་ལོ་ ཡོད་པོ་ ཨིན་ཙང་ ཁོང་གི་ མངའ་འོག་གི་ མི་རིགས་ཙུ་ ལྗོངས་ འདིའི་ ནང་ལོ་ གཏན་འཇགས་ལོ་ གནས་ ཡོད་པའི་ མི་རིགས་ འདི་ཙུ་ར་  ད་ལྟའི་ འབྲས་ལྗོངས་ ལྷོ་པོ་ འདི་ཙུ་ ཨིན་བོ་ དང་། རྒྱུ་མཚན་ འདི་ལོ་ རྟེན་སྡི་ དུས་རབས་ བརྒྱད་པོ་ལས་ བཟུང་སྡི་ བོད་ཡུལ་ ཕྱོགས་ལས་ བླ་བརྒྱུད་ཀྱི་ མི་རིགས་ ཁ་ཤས་ དང་ གཞན་ མི་རིགས་ མང་དྲགས་ཅིག་ ཆོས་ དང་ འཚོ་བའི་ ཆ་རྐྱེན་ འདི་འདེམ་ རྒྱུ་མཚན་ མང་དྲགས་ གཅིག་ལོ་ བརྟེན་འདི་ སྦས་ཡུལ་ འབྲས་མོ་ལྗོངས་ལོ་ བྱོན་བོ་ གནང་སྡི་ བཞུགས་ཡོད་སེ་ བཤད་ཚུལ་ འདུག  འདི་ལས་ རིགས་བརྒྱུད་ འདི་ཙུ་ དུས་རབས་ བཅུ་གསུམ་པོ་ ཕྱི་ལོ་ ཅིག་སྟོང་ གསུམ་བརྒྱ་ བདུན་བཅུ་ དོན་ལྔ་ ཙམ་ལས་ ག་ལུད་ བྱ༹ས་སྟི་ གྱད་འབུམ་བསགས་ཀྱི་ མི་རིགས་ འདི་ཙུའི་ མངའ་འོག་ལོ་ བསྡུས་དུས་ རིགས་བརྒྱུད་ འདི་ཙུ་ལོ་ འབྲས་ལྗོངས་ ལྷོ་པོ་ ལབ་སྟི་ མིང་ཐོག་ འདུག

སྤྱིར་ སྦས་ཡུལ་ འབྲས་མོ་ལྗོངས་ལོ་ མི་རིགས་ དང་པོའི་ ཚུལ་ལོ་ རོང་ ཡང་ན་ མོན་རིགས་ འདི་ཙུ་ སྡོད་ཡོད་པོ་ ཨིན་སེ་ བཤད་སྲོལ་ ཐམས་ཅད་ མཐུན་བོ་ ཡོད་རུང་ དུས་ནམ་ལས་ གནས་ཡོད་པོ་ འདིའི་ སྐོར་ལོ་ གསལ་བཤད་ རྒྱས་དྲགས་བྱ༹ས་ མཇལ་ མ་ཐོབ། ཨིན་རུང་ དུས་རབས་ བརྒྱད་པོ་ བསྟན་པོ་ སྔ་དར་གྱི་ སྐབས་ལོ་ གུ་རུ་ རིན་པོ་ཆེས་ འབྲས་ལྗོངས་ ས་གཞི་ ཐམས་ཅད་ རྟ་མིག་ འདེ་ཚོད་ཡང་ མ་ལུས་པར་ བྱིན་གྱིས་ བརླབས་དུས་ མོན་གྱི་ གཙོ་བོ་ ཐེ་ཀོང་ ས་ལང་ ཞུ་མཁན་ བཟའ་ཚང་ གཉིས་ ཡོད་པས་ ཁོང་གི་ གུ་རུའི་ ཞལ་མཇལ་སྡི་ ཆོས་ དང་ གདམས་ངག་ ཞུ་སྟི་ གྲུབ་པོ་ ཐོབ་པོ་ ཨིན་སེ་ བཤད་སྲོལ་ འདུག འདི་ལས་ ཁོང་ ལྷན་རྒྱས་ གཉིས་ལོ་ གུ་རུས་ མ་འོངས་པོ་ན་ ལྷ་བཙུན་ ནམ་མཁའ་ འཇིགས་མེད་ མ་བྱོན་ བར་ལོ་ སྦས་ཡུལ་ འདིའི་ བདག་ཀོ་ གནང་སྡི་ བཞུགས་དགོས་སེ་ བཀའ་གནང་བའི་ དོན་བཞིན་ རྒྱབ་མ་ དུས་རབས་ བཅུ་དྲུག་ བར་ལོ་ སྐུ་ཚེ་ལོ་ བགྲེས་རྒུད་ མེད་པོ་ བྱ༹ས་སྟི་ བཞུགས་པོ་ ཨིན་སེ་ བཤད་སྲོལ་ཡང་ ཡོད་འདུག

དོན་གནས་ འདི་ཙུ་ལོ་ བལྟ་དུས་ དུས་རབས་ བརྒྱད་པའི་ སྐབས་ལོ་ མོན་རིགས་ འདི་ཙུ་ ལྗོངས་ འདིའི་ ནང་ལོ་ སྡོད་ཡོད་པོ་ ཧ་གོ་ དགོས་པོ་ དང་། འདི་ལས་ དུས་རབས་ བརྒྱད་པའི་ སྐབས་ལོ་ གུ་རུ་ རྗེས་འབངས་ ཐམས་ཅད་ཀྱི་ སྦས་གནས་འདི་ བྱིན་གྱིས་བརླབས་དུས་ གུ་རུའི་ རྗེས་འབངས་ཀྱི་ ཚུལ་ལོ་ བོད་མི་ ཁ་ཤེས་ ལྗོངས་ འདིའི་ ནང་ལོ་ སླེབས་ ཡོད་སྲིད་ འོང་། ཨིན་རུང་ ཡིག་ཐོག་ལོ་ གུ་རུ་ རྗེ་འབངས་ ཙུ་ཀིས་ འབྲས་ལྗོངས་ ས་གཞི་ ཐམས་ཅད་ བྱིན་གྱིས་ བརླབས་པོ་ ཨིན་སེ་ མན་བོ་ གཞན་ གན་ཡང་ མེད་དུས་ མི་རིགས་ ཨོ་འདི་ཙུའི་ སྐོར་ལོ་ ད་ལྟ་ བཤད་ཤད་ ཨ་ཙེ་ དཀའ་ལས་ ཚ་དྲགས་ ཡོད་རུང་ བླམ་ རིན་པོ་ཆེ་ ཨོ་འདེམ་མའི་ རྗེས་འཇུག་ འདི་ཙུ་ ལྗོངས་ འདིའི་ ནང་ཤ་ དུས་ཚོད་ ཨོ་འདིའི་ སྐབས་ལས་ གནས་སྟི་ སྡོད་ཡོད་སེ་ བཤད་རུང་ མན་སྒྲིགས་ཀོ་ གན་ཡང་ མེད།

འབྲས་ལྗོངས་ ལྷོ་པའི་ མི་རིགས་ དང་པོའི་ གྲལ་ལོ་ ཡོད་པའི་ ཡིག་ཐོག་ལོ་ སྒྲུབ་ཚུགས་པོ་ འདི་ ད་ལྟའི་ ལ་ལྡིང་པོ་/ལག་སྲུང་པོ་ དང་ རྒོད་རོང་པོ་ ལབ་མཁན་ མི་རྒྱུད་ འདི་ཙུ་ ཨིན། འདི་ཡང་ དུས་རབས་ བཅུ་གསུམ་པོ་ ཕྱི་ལོ་ ༡༢༡༢ ནང་ སྐུ་འཁྲུངས་པའི་ གསང་སྔགས་ སྔ་འགྱུར་ རྙིང་མའི་ བླ་ཆེན་ གཏེར་སྟོན་ རྒྱལ་པོ་ ལྔ་ དང་ མཆོག་སྤྲུལ་ རྣམ་གསུམ་གྱི་ ཡ་གྱལ་ གཏེར་སྟོན་ གུ་རུ་ ཆོས་དབང་གི་ གདུང་སྲས་ གཅིག་ དང་ གཞན་ བླ་མ་ གཉིས་ སྦས་ཡུལ་ པདྨ་ བཀོད་ལ་སོགས་པའི་ སྦས་གནས་ འདི་ཙུ་ མཇལ་བཞིན་ བྱོན་བོའི་ མཐར་ སྦས་ཡུལ་ འབྲས་མོ་ལྗོངས་ལོ་ གཏན་འཇགས་ལོ་ གནས་ ཡོད་པོ་ དང་། ཁོང་གི་ རིགས་རྒྱུད་ལས་ འཛིན་པོ་ བླ་མ་ བསྟན་པོ་ ཕུར་རྒྱལ་ ཞུ་མཁན་ཅིག་གི་ རིན་ཆེན་སྤུང་ དགོན་གྱི་ རྡོར་སློབ་ཀྱི་ གོ་གནས་ཡང་ བཞེས་པོ་ གནང་ ཡོད་པོ་ དང་། གཞན་ རྒོད་རོང་པོའི་ རིགས་རྒྱུད་ལས་ དར་བའི་ བླ་མ་ གྲུབ་ཐོབ་ དཀར་པོ་ ཞུ་མཁན་ དབེན་ཅན་ དགོན་གྱི་ ཟུར་ལོ་ བཞེངས་ ཡོད་པོ་ ཨོ་འདི་ ཨིན།  

དུས་རབས་ བཅུ་གསུམ་པོ་ ཕྱི་ལོ་ ༡༢༦༨ ལས་ གཞི་བཟུང་སྡི་ མི་ཉག་ རྒྱལ་པོའི་ རྒྱལ་བརྒྱུད་ གྱད་འབུམ་བསགས་ལོ་ གདུང་བརྒྱུད་ འཛིན་མཁན་ སྲས་སྲོས་ གན་བྲེ་ མེད་དུས་ ལྷ་བླ་མའི་ ལུང་བསྟན་ དང་ ཡུལ་མི་ རྒན་བོ་ འདི་ཙུའི་ བཀའ་སློབ, མོ་ དང་ རྩིས་ ཐམས་ཅད་ མཐུན་དུས་ གུ་རུའི་ སྤྲུལ་པོ་ ཐེ་ཀོ་ ཉོ་ཀོང་ གཉིས་ལས་ གདུང་བརྒྱུད་ འཛིན་མཁན་ བུའི་ དངོས་གྲུབ་ ཞུ་བ་ ལྗོངས་ འདིའི་ནང་ གྱད་འབུམ་བསགས་ དཔོན་གཡོག་ བཅུ་བདུན་ དང་ མཉམ་པོ་ གཙོ་ལའི་ ལམ་ བརྒྱུད་སྟི་ འབྲས་ལྗོངས་ འདི་ནང་ བྱོན་ ཡོད་པས་ ཁོང་གི་ སྐུ་འཁོར་ འདི་ཙུ་ཡང་ རྒྱབ་མ་ ལྗོངས་ འདིའི་ནང་ལོ་ གཏན་འཇགས་ལོ་ གནས་སྟི་ སྡོད་ ཡོད་རུང་ རིགས་བརྒྱུད་ ཨོ་འདི་ཙུ་ཡང་ རྒྱབ་མ་ གྱད་འབུམ་བསགས་ཀྱི་ མི་རིགས་ཀྱི་ ནང་ལོ་ བསྡུས་ ཡོད་པོ་ དང་ གྱད་པོ་ འབུམ་བསགས་ རང་གི་ མི་བརྒྱུད་ འདི་ཙུ་ཡང་ འབྲས་ལྗོངས་ལོ་  གཏན་འཇགས་ལོ་ གནས་སྟི་ སྡོད་མཁན་ མི་རིགས་ དང་པོའི་ གྲལ་ཅིག་ ཨིན།

ཡང་ དུས་རབས་ བཅུ་བཞི་པོ་ འབྲས་ལྗོངས་ བསྟན་པོ་ བར་དར་ སྐབས་ལོ་ གུ་རུའི་ ལུང་ཟིན་གྱི་ སྐྱེས་ཆེན་ དམ་པོ་ མཆོག་སྤྲུལ་ རྣམ་གསུམ་གྱི་ ཡ་གྱལ་ རིག་འཛིན་ རྒོད་ལྡེམ་ཅན་ ཞུ་མཁན་ རང་ལོ་ སོ་བདུན་ ཕྱི་ལོ་ ༡༣༧༣ ལོ་ན་ དཔོན་གཡོག་ བཅུ་འཁོར་ དང་ མཉམ་པོ་ ལྗོངས་ འདི་ན་ ཞབས་བཅགས་ གནང་སྡི་ ལོ་ བརྒྱད་ འདེ་ཚོད་ ལྗོངས་ འདིའི་ ཕྱི་ནང་བར་ གསུམ་ ཐམས་ཅད་ བྱིན་བརླབས་ གནང་སྡི་ བསྟན་པོ་ བར་དར་གྱི་ སྲོལ་ གཏོད་པོ་ གནང་ ཡོད་པོ་ དང་། སྦས་ཡུལ་ འབྲས་མོ་ལྗོངས་ཀྱི་ གནས་ ཁྱད་པར་ཅན་ འདིའི་ སྐོར་ལོ་ ཡི་གེ་ བྲིས་སྟི་ བོད་ལོ་ ལན་གཉིས་ འདེ་ཚོད་ བཏང་བོ་ གནང་འདུག འདི་ཙུ་ ཆོས་ཕྱོགས་ལས་ བལྟ་དུས་ བསྔགས་བརྗོད་ བྱ༹ས་བོ་ འདེམ་ཅིག་ ཐོང་རུང་ ཕྱོགས་ གཞན་གཅིག་ལས་ བལྟ་དུས་ དུས་ཚོད་ ཨོ་འདིའི་ སྐབས་ལོ་ བོད་ན་ ནང་འཁྲུགས་ མང་དྲགས་ཅིག་ ཐོན་བཞིན་པོ་ ཨིན་དུས་ ཆོས་ བྱ༹ས་སྟི་ བཞུགས་མཁན་ བླ་མ་ སྐྱེས་ཆེན་ དམ་པོ་ འདི་ཙུ་ ཞི་བའི་ སྦས་གནས་ ཅིག་ འཚོལ་བཞིན་པའི་ དུས་སྐབས་ ཨིན་ཟང་ ཁོང་ བླ་ཆེན་ འདི་ཙུ་ལོ་ ཡུལ་ཆུང་ འདིའི་ སྐོར་ལོ་ གསང་བརྡ་འདེམ་ བྱ༹ས་སྟི་ ཡི་གེ་ བཏང་བོ་ཡང་ ཨིན་སྲིད་ཤད་ སྦད།

འདི་ལས་ ཡང་ ཕྱི་ལོ་ ༡༥༠༠ ལོ་ན་ སྐུ་འཁྲུངས་པའི་ གཏེར་སྟོན་ མངའ་རིས་ ལེགས་ལྡན་ རྡོ་རྗེ། གཞན་ མོན་ཀཿ ཐོག་པོ་ བསོད་ནམས་ རྒྱལ་མཚན་སོགས་ བོད་ཀྱི་ བླ་ཆེན་ མཁས་གྲུབ་ མང་དྲགས་ཅིག་ དཔོན་འཁོར་ དང་ མཉམ་པོ་ ལྗོངས་ འདིའི་ནང་ ཞབས་བཅགས་ ཡོད་པས་ ཁོང་ཙུའི་ ནང་ལས་ ཁ་ཤས་ ལྗོངས་ འདིའི་ ནང་ལོ་ གཏན་འཇགས་ལོ་ གནས་ ཡོད་སྲིད།

དོན་ལོ་ སྦས་ཡུལ་ འབྲས་མོ་ ལྗོངས་ན་ བོད་ལས་ མི་རིགས་ འདི་ཙུ་ དུས་རབས་ བརྒྱད་པོ་ འདེ་ཚོད་ལས་ ཆོས་ དང་ གནས་སྐོར་ རང་གི་ བླ་མའི་ ཞབས་ཕྱི་སོགས་ རྒྱུ་མཚན་ མང་དྲགས་ ཅིག་ལོ་ བརྟེན་སྡི་ ལྗོངས་ འདིའི་ ནང་ལོ་ འོང་སྡི་ སྡོད་ ཡོད་རུང་ ཁོང་ཙུའི་ རིགས་རུས་ གན་ཨིན་ ད་ལྟ་ ཡིག་ ཐོག་ལོ་ མེད་དུས་ བཤད་ཤད་ དཀའ་ལས་ ཚ་དྲགས་ ཨིན་རུང་ བོད་ལས་ མི་རིགས་ འདི་ཙུ་ སྦས་གནས་ འདི་ན་ འོང་སྡི་ སྡོད་ཤད་ དུས་རབས་ བརྒྱད་པོ་ འདེ་ཚོད་ལས་ འགོ་བཙུགས་ཀོ་ ཨིན་བོ་ ང་ཅག་གི་ ཧ་གོ་ཚུགས། གན་བྱ༹ས་ སེ་ན་ དུས་རབས་ བཅུ་བདུན་པའི་ སྐབས་ལོ་ གྱད་འབུམ་བསགས་ཀྱི་ གདུང་བརྒྱུད་ ཕུན་ཚོགས་ རྣམ་རྒྱལ་ མཆོག་ལོ་ ཡུལ་འདིའི་ ཆོས་སྲིད་ གཉིས་ལྡན་གྱི་ རྒྱལ་པོ་ལོ་ གསེར་ཁྲི་ མངའ་གསོལ་ ཕུལ་དུས་ སྔོན་མ་ ཏེག་ངལ་ གྱད་འབུམ་ གསུམ་གྱི་ བར་ལོ་ བཞག་ ཡོད་པའི་ འབྲས་ལྗོངས་ ལྷོ་མོན་ མནའ་དམ་ དང་ འབྲས་ལྗོངས་ ལྷོ་རིགས་ འདི་ཙུ་ ཡུལ་ འདིའི་ ཤར་ ལྷོ་ ནུབ་ བྱང་ ཐམས་ཅད་ལོ་ ཡོད་པོ་ འདི་ཡང་ དུས་རབས་ སྔོན་མ་ལས་ ལྗོངས་ འདི་ན་ གནས་ ཡོད་པོ་ དང་ ཡུལ་ འདིའི་ ནང་ལོ་ གཏན་འཇགས་ གནས་ ཡོད་པའི་ མི་རིགས་ གཞན་ མཉམ་པོ་ སྔོན་དུས་ལས་ འཆམ་དྲགས་བྱ༹ས་ སྡོད་ ཡོད་ཙང་ རྣམ་རྒྱལ་ རྒྱལ་སྲིད་ ཕྱག་བཏབ་ ཤད་ལོ་ཡང་ ཕན་ཐོག་ སྦོམ་པོ་ ཐོན་ ཡོད་པོ་ སྦད། དོན་གནས་ འདི་ཙུ་ལོ་ བལྟ་དུས་ འབྲས་ལྗོངས་ ལྷོ་རིགས་ འདི་ཙུ་ དུས་རབས་ བརྒྱད་པོ་ འདེ་ཚོད་ལས་ ཡུལ་ཆུང་ འདིའི་ ནང་ལོ་ གཏན་འཇགས་ལོ་ སྡོད་ཡོད་པའི་ བདེན་རྟགས་ ཅིག་ཡང་ ཨིན།

གྱད་འབུམ་བསགས་ མཆོག་གི་ སྐུ་མཆེད་ ལྔ་ ལྷ་བླ་མའི་ ལུང་བསྟན་ དང་ མཉམ་པོ་ འབྲས་མོ་ལྗོངས་ལོ་ བྱོན་བཞིན་པའི་ སྐབས་ལོ་ ས་སྐྱ་ལོ་ ས་སྐྱའི་ ལྷ་ཁང་  ཆེན་པོ་ བཞེངས་རོགས་ གནང་ འདི་ལས་ ས་སྐྱ་ ཇོ་མོ་གུ་རུ་ མཉམ་པོ་ སྐུ་གཉེན་ གནང་རྗེས་ རིམ་གྱིས་ ས་གནས་ སྤོས་སྟི་ སྤག་ཤི་ ལབ་སའི་ ས་གནས་ལོ་ སྤག་ཤི་ དགོན་པོ་ ཕྱག་བཏབ་ དགེ་འདུན་གྱི་ སྡེ་བཙུགས། ཁོང་གི་ སྐུ་མཆེད་ གཞོན་བོ་ དགོན་པོ་ ཨོ་འདིའི་ བླ་མ་ལོ་ མངའ་གསོལ་ གནང་སྡི་ ཨོ་ཁ་རང་ བཞུགས་འདུག  འདི་ལས་ ཁོང་ སྐུ་མཆེད་ གཞན་ བཞི་པོ་ ཕག་རི་ རྫོང་ལོ་ བྱོན་བོ་ གནང་སྡི་ བསམ་གྲུབ་ ལྷ་ཁང་ གསར་བཞེངས་ གནང་སྡི་ བར་སྐབས་ཅིག་ ཨོ་ཁ་ར་ བཞུགས་འདུག གྱད་འབུམ་བསགས་ སྐུ་མཆེད་ཙུའི་ ཡབ་ དགོངས་པོ་ མྱ་ངན་ལས་ འདས་པའི་ རྒྱབ་ལས་ ཁ་གྱེས་སྟི་ སྐུ་མཆེད་ སེང་ཤིང་། གཙན་སྟོང་ དང་ དཀར་ཚོགས་ གསུམ་པོ་ འབྲུག་ ཧཱ་ ལབ་སེའི་ ས་གནས་ ཕྱོགས་ལོ་ སོང་སྡི་ ལོ་ ཁ་ཤེས་ སྡོད་པོ་ ཨིན་བོ་ དང་ རྒྱབ་མ་ ལོག་སྟི་ འབྲས་ལྗོངས་ ནང་ལོ་ གཏན་འཇགས་ལོ་ གནས་པོ་ ཨིན་སེ་ བཤད་སྲོལ་ ཡོད། ཨོ་འདི་ བྱ༹ས་ཟང་ དེང་སང་གི་ དུས་ཚོད་ན་ འབྲུག་ ཧཱ་པའི་ སྐད་ དང་ འབྲས་ལྗོངས་ ལྷོ་སྐད་ གཉིས་ཀ་ ལེབ་སྟི་ འདྲའོ་ ཡོད་པའི་ རྒྱུ་མཚན་ཡང་ ཨོ་འདི་ ཨིན།

ཏེག་ངལ་ གཉིས་ཀྱི་ སྨོན་འདུན་ལོ་ བརྟེན་སྡི་ གྱད་འབུམ་བསགས་ལས་ སྲས་གསུམ་ འཁྲུངས་པའི་ དང་པོ་ སྐྱའོ་ རབས། གཉིས་པོ་ གླང་རྨོས་ རབས། གསུམ་པོ་ མི་དཔོན་ རབས་ བཅས་ ཡོད་པའི་ ནང་ལས་ དེང་སང་ སྐྱའོ་ རབས་ཀྱི་ གདུང་བརྒྱུད་ལས་ དར་བའི་་ མི་རིགས་ཙུ་ལོ་ ཡུལ་མཐོན་བོ་ དང་། གླང་རྨོས་ རབས་ལས་ དར་བའི་ རིགས་བརྒྱུད་ ཙུ་ལོ་ གླིང་ཟེར་པོ་ དང་། འདི་ལས་ མི་དཔོན་ རབས་ལས་ སྲས་བཞི་ འཁྲུངས་འདུག འདི་ཙུ་ ཞང་དར་པོ། ཉི་མ་ རྒྱལ་པོ། གུ་རུ་ བཀྲ་ཤིས། ཚེས་བཅུ་ དར་པོ་ ལབ་སྟི་ འདི་ བཞི་ལོ་ སྟོང་འདུས་ རུས་བཞི་སེ་ ཞུ་དོ་ ཨིན། འབྲས་ལྗོངས་ ཆོས་རྒྱལ་ ཆེན་པོའི་ གདུང་བརྒྱུད་ཡང་ སྟོང་འདུས་ རུས་ བཞིའི་ ནང་ལས་ གུ་རུ་ བཀྲ་ཤིས་ཀྱི་ བརྒྱུད་པོ་ ལས་ མཆེད་པོ་ ཨིན་ནོ།

འདི་ལས་ གཞན་ འབེབས་ མཚན་བརྒྱད་ ལབ་སྟི་ རིགས་བརྒྱུད་ གཞན་གཅིག་ བཞག་སྲོལ་ ཡོད་པོ་ ཨིན། འདི་ཙུ་ནེ། ༡༽ བོན་བོ། ༢༽ ནམ་གཙང་ སྐོར་བོ། ༣༽ དཀར་ཚོགས་པོ། ༤༽ བཙོན་རྒྱལ་པོ། ༥༽ དགོན་གསར་པོ། ༦༽ སྟག་ཅུང་ དར་པོ། ༧༽ གྱོང་སྟོད་པོ། ༨༽ རྡོ་ཁང་པོ་ བཅས་ ཨིན། རིགས་བརྒྱུད་ འདི་ཙུའི་ ནང་ལས་ ཁ་ཤས་ གྱད་པོ་ འབུམ་བསགས་ཀྱི་ སྐུ་མཆེད་ཙུ་ལས་ དར་བའི་ མི་རིགས་ ཨིན་སེ་ བཤད་སྲོལ་ ཡོད།

བོན་ལོ་ ནང་གསེས་ དབྱེ་ན་ བཅོ་བརྒྱུད་ ཡོད་སེ་ བཤད་སྲོལ་ ཡོད་རུང་ དེང་སང་ འོག་ལོ་ གསལ་ ཡོད་པའི་ རིགས་བརྒྱུད་ འདི་ ལྔ་པོ་ མན་བོ་ གཞན་ མེད། འདི་ཙུ་ནེ། བོན་པོ་ ནག་སྡིག་པོ། བོན་པོ་ ལྷ་སྲུང་པོ། འོས་བཅགས་ བོན་པོ། ན་དཔོན་ བོན་པོ། བོན་ཅུང་བོ་ ལབ་སྟི་ དབྱེ་བ་ བཞག་ཡོད།

འདི་ལས་ ལུང་པའི་ མིང་ རིགས་བརྒྱུད་ལོ་ ཐོག་ ཡོད་པོ་ དང་ བླ་བརྒྱུད་ ཁག་ལས་ དར་བའི་ རིགས་བརྒྱུད་ འདི་ཙུ་ ནེ། བུ་ཚོ་བོ། རྒོད་རོང་པོ། སྟོད་པོ། ལག་ལྡིང་པོ། གྱེན་པོ། ཤརབ། འབར་ཕུང་བུ་ཚོ། བ་གླང་ དར་པོ། ནང་མང་པོ། ཁྱིམ་གསར་པོ། ཀ་རྒྱལ་པོ། ལ་ཧོག་པོ།  ཨ་ལྡན་པུ་ཚ་པོ་ ལབ་སྟི་ བཞག་སྲོལ་ ཡོད། འདིའི་ ནང་ལས་ སྟོད་པོ་ལོ་ ནང་གསེས་ དབྱེ་ན་ གསུམ་ཡོད། འདི་ཙུ་ སྟོད་ ལྷ་རྒོད། སྟོད་ འཇམ་དབྱངས་པ། སྟོད་ ཆུ་ཁ་པོ་ བཅས་ ཨིན། ཨོ་འདི་ དང་ འདྲའོ་ བྱ༹ས་ ཤརཔ་ལོ་ཡང་ ནང་གསེས་ དབྱེ་ན་ གསུམ་ཡོད་ འདི་ཙུ་ ཤར་ བཀའ་བློན། ཤར་ བེན་ཏོག ཤར་ ཨ་སམ་པོ་ ལབ་སྟི་ བཞག་སྲོལ་ ཡོད། དེང་སང་ འབྲས་ལྗོངས་ ལྷོ་པའི་ ནང་གསེས་ ཤརཔ་ ཙུ་ཀི་ ཤརཔ་ ལབ་སྟི་ མན་བྲི་བར་ བཀའ་བློན་ ཨ་སམ་པོ་ དང་ བེན་ཏོག་ ལབ་སྟི་ བྲིས་གསོལ་ ཡོད།

གཞན་ ཡུལ་མིང་ རིགས་ལོ་ ཐོག་པའི་ རིགས་བརྒྱུད་ འདི་ཙུ་ ནེ། ལ་ཆེན་པོ། ལ་ཆུང་པོ། ཨ་སམ་པོ། པ་ཐིང་པོ། སྒང་རྒྱབ་པོ། མ་ཚང་པོ། རྡོ་ཁྲ་བོ་ ལབ་མཁན་ཙུ་ ལུང་པའི་ མིང་ རིགས་ལོ་ ཆགས་ ཡོད་པའི་ མི་རིགས་ཙུ་ ཨིན།

ཆུ་འབིར་ ཕྱོགས་ལས་ དར་བའི་ རིགས་བརྒྱུད་ཙུ་ལོ་ ཆུ་འབིར་པོ་ དང་ ཆུ་འབིར་ སྤུན་དྲུག་ ལབ་སྲོལ་ ཡོད། འདི་ཙུ་ ནེ། ལམ་ཐར་པོ། དགེ་གཉེར་ བུ་ཚ་བོ། ཨང་དགོན་པོ། ཨ་ཐུབ་བུ་ཚོ་བོ། རྡོ་ཞོལ་པོ། ཁྱིམ་བར་པོ་བཅས་ ཨིན་ནོ།

སྦས་ཡུལ་ འདིའི་ ནང་ལོ་ སྔོན་བྱོན་ སྐྱེས་ཆེན་ དམ་པའི་ ལོ་རྒྱུས། གསུང་རབ་ རྣམ་ཐར་ དང་ གནས་ཡིག་ མན་བོའི་ གཞན་ མི་རིགས་ དང་ ཡུལ་གྱི་ གནས་སྟངས་ སྐོར་ལོ་ ཡིག་ཆ་ ཐོབ་ཤད་ ལེབ་སྟི་ དཀའ་ལས་ ཚ་དྲགས་ ཅིག་ ཨིན། འདིའི་ རྒྱུ་མཚན་ཡང་ འཛམ་གླིང་ རྒྱལ་ཁབ་ གཞན་གྱི་ ལོ་རྒྱུས་ དང་ མན་འདྲ་བོ་ ཅིག་ ཡོད། འདི་ གན་བོ་ སེ་ན་ སྔོན་ སྦས་ཡུལ་ འབྲས་མོ་ ལྗོངས་ལོ་ ཆོས་སྲིད་ གཉིས་ལྡན་གྱི་ རྒྱལ་ཁབ་ གསར་བཙུགས་ གནང་སྐབས་ བླམ་ སྐྱེས་ཆེན་ དམ་པོ་ འདི་ཙུས་ ཞི་བདེའི་ ཐོག་ལས་ རྒྱལ་སྲིད་ ཕྱག་ བཏབ་པའི་ རྒྱལ་ཁབ་ཅིག་ ཨིན་དུས་ ཡུལ་འདིའི་ ལོ་རྒྱུས་ འདི་ཙུ་ ཡང་ བླམ་ སྐྱེས་ཆེན་ དམ་པོ་ འདི་ཙུ་ལོ་ གཞི་བཞག་སྟི་ གསར་བྲིས་ བྱ༹ས་དུས་ ཆོས་ དང་ མཐུན་པའི་ ཡ་རབས་ བཟང་པོའི་ ལམ་ལུགས་ གན་ཡོད་པོ་ ཨོ་འདི་ཙུ་ མ་ཉམས་པོ་ བྱ༹ས་ ཡིག་ཐོག་ལོ་ བྲིས་ ཡོད་པོ་ དང་། འདི་ལས་ མི་རིགས་ དང་ ཡུལ་གྱི་ གནས་སྟངས་ ཆབ་སྲིད་ཀྱི་ འགྱུར་བ་ གན་ ཐོན་ཡོད་པོ་ འདི་ཙུ་ ཐམས་ཅད་ དུས་རབས་ བཅུ་བདུན་པའི་ རྒྱབ་ལས་ གསར་བྲི་ བྱ༹ས་ ཡོད་པའི་ ཆིངས་ཡིག གན་རྒྱ་ དང་ གཞུང་འབྲེལ་ ཕྲིན་ཡིག་ ཐམས་ཅད་ལོ་ གཞི་ བཞག་སྟི་ བྲིས་ ཡོད་པོ་ དང་། རྒྱབ་ལས་ ཕྱིའི་ རྒྱལ་ཁབ་ཀྱི་ མི་རིགས་ ཙུ་ཀིས་ དཔྱད་ཞིབ་ སོགས་ལོ་ བརྟེན་སྡི་ བྲིས་ ཡོད་པའི་ ཡིག་རིགས་ མན་བོ་ གཞན་ མེད་དུས་ གྱད་འབུམ་བསགས་ཀྱི་ རིགས་བརྒྱུད་ མན་བོའི་ ལྷོ་པོའི་ རིགས་བརྒྱུད་ གཞན་ཙུའི་ སྐོར་ལོ་ གན་ཡང་ གསལ་དྲགས་ མེད། ཨིན་རུང་ གྱད་འབུམ་བསགས་ཀྱི་ མི་བརྒྱུད་ འདི་ཙུ་ རྒྱལ་བརྒྱུད་ ངོ་ཐོག་ ཨིན་བོ་ ཐམས་ཅད་ཀྱི་ ཁས་ལེན་ བྱ༹ས་ བཞིན་པོ་ དང་ གཞན་ ལྷོ་རིགས་ མིང་ཆེན་ དང་ མིང་མེད་ མང་དྲགས་ཅིག་ ས་གནས་ འདིའི་ ནང་ལོ་ དུས་རབས་ ཀེས་པའི་ སྔོན་ལས་ གནས་སྟི་ སྡོད་ ཡོད་པོ་ ཐམས་ཅད་ཀྱི་ ཁེས་ལེན་ བྱ༹ས་ བཞིན་པོ་ ཨིན་ནོ༎ ༎